Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་དགོངས་གཞི་དང་འབྲེལ་བའི་རིག་ཚན་ཞིག་གསར་འཛུགས་གནང་འཆར།

Tibetan News Headlines

  • North America Tibetans to offer ‘Tenshug’ to the Dalai Lama
  • Tibetans in Canada celebrate Resolve Tibet Act and Canadian parliament motion for Tibet’s self determination
  • Dalai Lama extends congratulations to Ms. Roberta Metsola and Ms. Ursula von der Leyen on EU leadership continuation
  • EU-China ties looking rocky after re-election of Ursula von der Leyen

རེས་གཟའ་ཟླ་བ། ༢༠༢༤།༠༧།༢༢

  • ༸གོང་ས་མཆོག་ལ་བྱང་ཨ་རིའི་བོད་མི་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཞལ་བཞེས་ཐོབ་འདུག
  • ཨ་རིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དང་ཁེ་ན་ཌས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་བར་དགའ་སྟོན།
  • ༸གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་དང་ལྷན་ཚོགས་ཀྱི་ཚོགས་གཙོར་འཚམས་འདྲི་མཛད་འདུག
  • ལྕམ་ Ursula ལགས་ཀྱི་འཛིན་སྐྱོང་འོག་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཁག་ཏུ་འགྲོ་རྒྱུའི་ཚོད་དཔག

རྒྱ་གར་གྱི་དཀྱིལ་ཤར་མངའ་སྡེའི་ Maharashtra ནང་གི་འཕྲུལ་རིགས་གཙུག་ལག་སློབ་གྲྭ། MIT World Peace University ་ཞེས་པའི་ནང་དུ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་གཞི་དང་འབྲེལ་བའི་རིག་ཚན་ཞིག་གསར་འཛུཊ་གནང་སྟེ་དཔལ་ནཱ་ལེནྡྲའི་རིག་གཞུང་དང་༧གོང་ས་མཆོག་གི་བཀའ་དགོངས་སོགས་ཀྱི་སྐོར་ལ་སློབ་གཉེར་གནང་རྒྱུ་རེད་འདུག ཟླ་འདིའི་ཕྱི་ཚེས་ ༢ ནས་ཉིན་གྲངས་གསུམ་རིང་༧ མ་ཧཱ་ར་ཤི་ཊ་མངའ་སྡེའི་འཛམ་གླིང་ཞི་བདེ་གཙུག་ལག་སློབ་གཉེར་ཁང་གིས་ དྲ་ལམ་བརྒྱུད་ཕྱི་ལོ་ ༢༠༢༠ ལོའི་ཚན་རིག་དང་ཆོས་ལུགས། ལྟ་གྲུབ་བཅས་ཀྱི་འཛམ་གླིང་གི་གྲོས་ཚོགས་ཐེངས་ ༦ པ་དེ་གོ་སྒྲིག་གནང་ཡོད་པ་ལྟར། ཁ་སང་ཕྱི་ཚེས་༤ ཡི་ཉིན་མཐའ་མའི་ཚོགས་ཐོག་ཏུ། མགོན་པོ་གང་ཉིད་མཆོག་གི་དགོངས་གཞི་དང་འབྲེལ་བའི་རིག་ཚན་གྱི་ལས་གཞི་དེ་གསར་འཛུགས་གནང་རྒྱུ་ཡིན་སྐོར་ཕྱིར་བསྒྲགས་གནང་ཡོད་པ་དང་། སྐབས་དེར་དྲ་ལམ་ཚོགས་འདུ་དེའི་ཐོག་ས་ཕྱོགས་འདྲ་མིན་གྱི་བསམ་བློ་བ་དང་ཆོས་ལུགས་ཀྱི་དབུ་ཁྲིད། ཚན་རིག་པ་དང་སློབ་གསོ་བ་སོགས་ཀྱིས་མཉམ་ཞུགས་གནང་ཡོད་འདུགའདི་གའི་གསར་འགོད་པས་ཞལ་པར་བརྒྱུད་༧གོང་ས་མཆོག་གི་ཀུན་ཕན་ཐེབས་རྩའི་ལས་འཆར་འགན་འཛིན་ནོར་འཛིན་བདེ་སྐྱིད་ལགས་སུ་རིག་ཚན་གསར་འཛུགས་ཀྱི་ལས་གཞི་དེའི་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས། ཀུན་ཕན་ཐེབས་རྩ་དང་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་རིག་ཚན་དེ་ལེགས་འགྲུབ་ཡོང་ཐབས་སུ་ཕྱོགས་གཉིས་ཀྱི་མོས་མཐུན་གྱི་གན་ཡིག་བཞག་ཡོད་ལུགས་ངོ་སྤྲོད་ཀྱིས། རིག་ཚན་དེ་ནི་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའི་ཁྲོད་ཀྱི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་རྒྱུ་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྐོར་ངོ་སྤྲོད་གནང་སོང་།

གཞི་རྩའི་ཁ་སང་གི་་ཉིན་གྲངས་གསུམ་གྱི་ཚོགས་འདུ་དེའི་བརྗོད་གཞི་གཙོ་བོ་ནི་ད་ལྟའི་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་ཆེ་ཁག་སྟེ། རྡུལ་ཕྲན་མཚོན་ཆ་སོགས་རྩ་མེད་བཟོ་ཐབས་དང་གནམ་གཤིས་འགྱུར་ལྡོག་གི་གནད་དོན་སོགས་ལ་བརྟེན་ནས་འཛམ་གླིང་ཞི་བདེ་ཡོང་བར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཅི་ཐེབས་སོགས་ཀྱི་ཐོག་གཏམ་བཤད་དང་བགྲོ་གླེང་གནང་ཡོད་འདུག སྐབས་དེར། འཛམ་གླིང་ཞི་བདེ་གཙུག་ལག་སློབ་ཆེན་གསར་འཛུགས་བྱེད་མཁན་གྱི་སྐུ་ཞབས། Vishwanath D. Karad ལགས་ཀྱིས། འཛམ་གླིང་གི་ནད་ཡམས་ཆེན་པོ་དང་དྲག་སྤྱོད། འཇིགས་སྐུལ་རིང་ལུགས་སོགས་ཇེ་ཉུང་དུ་གཏོང་ཐབས་སུ། ཚན་རིག་དང་ཆོས་ལུགས་སོགས་ལ་སློབ་གཉེར་བྱས་ཏེ་མིའི་ཀུན་སྤྱོད་གཞིར་བཞག་གི་རྒྱལ་སྤྱིའི་ལ་རང་བཞིན་གྱི་སློབ་གསོའི་ལམ་ལུགས་ཤིག་དགོས་གལ་ཡིན་པའི་གཏམ་བཤད་གནང་འདུགརྩ་བའི་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་རྣམས་རྒྱ་གར་རང་གི་ནང་བསྐྱར་གསོ་མཛད་ཐབས་གནང་རྒྱུ་དེ་ཡིན་ལ། ཉེ་བའི་ལོ་ཤས་རིང་ནས་༧གོང་ས་མཆོག་རྒྱ་གར་གྱི་སློབ་གྲྭ་དང་ཤེས་ཡོན་ལྟེ་གནས་སོགས་གང་དུ་ཕེབས་ཀྱང་རྒྱ་གར་གྱི་གནའ་བོའི་རིག་གཞུང་གིས་དེ་གི་དཀའ་རྙོག་ཆེ་བའི་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་བསྒྲུབ་ཐུབ་པའི་བཀའ་སློབ་ལམ་སྟོན་ཡང་ཡང་ཕེབས་བཞིན་པ་ལྟར། སྔར་ལོ་༸གང་ཉིད་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་མངང་སྡེ་Goa ནང་ཆིབས་བསྒྱུར་བསྐྱངས་བ་དང་འབྲེལ། ཁུལ་དེའི་གྷོ་བཱ་གཙུག་ལག་སློབ་གཉེར་ཁང་དང་མཉམ་འབྲེལ་གྱིས་དེར་དཔལ་ནཱ་ལེནྡྲའི་རིག་གཞུང་སྐོར་ལ་སློབ་གཉེར་གནང་ཆེད་མགོན་པོ་གང་གི་དགོངས་གཞི་དང་འབྲེལ་བའི་རིག་ཚན་ཞིག་གསར་འཛུགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།