Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་བཞུགས་གནས་མགྲོན་ཁང་དུ་དད་ལྡན་པས་ཞབས་སྐོར་གནང་བཞིན་པ།

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཞབས་པུས་སྨན་བཅོས་སླད་ཞབས་སོར་འཁོད་པ་དང་འབྲེལ། ཁུལ་དེའི་ནང་རྟེན་གཞི་བྱས་པའི་ Park Hyatt གསོལ་མགྲོན་ཁང་དུ་སྐུ་བཞུགས་མཛད་མུས་ཁྲོད། ཉིན་ལྟར་སྔ་དྲོ་ཕྱག་ཚོད་ ༥།༣༠ ཙམ་ནས་ཕྱི་དྲོ་ཕྱག་ཚོད་ ༩། ༠༠ བར་༸རྒྱལ་བའི་བཞུགས་གནས་གསོལ་མགྲོན་ཁང་དུ་བོད་མི་ཚོས་དགའ་དད་སྤྲོ་གསུམ་འཁོལ་བའི་ངང་ནས་ཞབས་སྐོར་དུ་ཕེབས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་ཞབས་པུས་གང་མྱུར་དྲག་སྐྱེད་ཡོང་བའི་ཐུགས་སྨོན་རྒྱག་བཞིན་འདུག

འདི་ག་རླུང་འཕྲིན་ཁང་ནས་ཞབས་སྐོར་དུ་ཕེབས་བཞིན་པའི་བོད་མི་ཁག་གཅིག་ལ་ཁ་བརྡ་བྱེད་སྐབས། རང་ཉིད་ཀྱི་ཕྲུ་གུ་དང་ཨ་མ་མཉམ་དུ་འཁྲིད་དེ་ཞབས་སྐོར་རྒྱག་བཞིན་པའི་བོད་པའི་བེུད་ཞིག་གིས་མགྲོན་ཁང་དེ་བཞིན་ད་ལྟའི་ཆར་ཁོ་མོའི་དགོན་པ་ནང་བཞིན་དུ་འགྱུར་ཡོད་པ་དང་། དེ་བཞིན་བོད་མི་གཞན་ཞིག་གིས་ཁོང་ད་རེས་མགྲོན་ཁང་དུ་ཞབས་སྐོར་གནང་སྐབས་རྡ་སའི་གཙུག་ལག་ཁང་ལ་སྐོར་བ་རྒྱག་བཞིན་པ་ལྟ་བུའི་ཚོར་བ་ཡོང་གི་ཡོད་སྐོར་གསུངས་ཀྱི་འདུག

མ་ཟད༸གོང་ས་མཆོག་གི་བཞུགས་གནས་མགྲོན་ཁང་ནང་ཕྱག་ལས་གནང་མཁན་གྱི་བོད་མི་རྣམས་དང་། གཞན་ཡང་བལ་ཡུལ་གློ་ནས་ཕེབས་པའི་དད་ལྡན་པ་ཁག་གཅིག་གིས་མ་སྐུལ་དང་བླངས་ཐོག་མགྲོན་ཁང་དུ་གླིང་སྐོར་རྒྱག་མཁན་རྣམས་ལ་རིན་མེད་ཐོག་འཐུང་ཆུ་དང་མངར་ཆུ་སོགས་བགོས་འགྲེམས་གནང་བཞིན་ཡོད་པ་རེད་འདུག

རྩ་བའི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་སྔོན་མའི་ཚེས་༢༣ ཉིན་ནིའུ་ཡོག་ཏུ་ཞབས་སོར་འཁོད་པ་དང་། ཕྱི་ཚེས་ ༢༨ ཉིན་ཞབས་པུས་ཀྱི་སྨན་ཁང་རྩེ་ཕུད་ Hospital of Special Surgery ནང་སྨན་བཅོས་ལེགས་གྲུབ་བྱུང་སྟེ། ཕྱི་ཚེས་ ༢༩ ཉིན་སྨན་ཁང་ནས་ཕྱིར་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་མཛད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།