Tibetan Royal Year of 2150 | Year of the Water Rabbit

༸རྗེ་ཡབ་སྲས་གསུམ་གྱི་དགོངས་པ་དང་མཐུན་པའི་ཐོས་དོན་སྒྲུབ་ལ་གཞོལ་དགོས་པར་བཀའ་སྩལ་བ། 

Tibetan News Headlines

  • རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཆེད་གནོད་ཤུགས་སྤྲོད་དགོས།
  • ཨ་རིས་རྒྱ་ནག་གིས་བརྡ་འཕྲིན་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པར་ཉེན་བརྡ།
  • བོད་མིའི་མདུན་ལམ་སློབ་གཉེར་ཁང་གིས་ལྷོ་ཕྱོགས་གཞིས་མིར་གོ་རྟོགས་ལས་གཞི་སྤེལ་བ།
  • བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དེ་བྱུང་སྐོར་མཁན་པོ་འཇིགས་མེད་བློ་གྲོས་ལགས་སུ་བཅར་འདྲི།

Friday 29/09/2023

  • UN Human Rights Council told: ‘End repression in Tibet; reject China’s membership bid’
  • China uses ‘deceptive ’methods to sow disinformation, US says
  • CTA carries out a career awareness program in South India
  • History of Khamgar Druk Shedra/College

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པའི་ལས་བྱེད་རྣམས་ལ་མཇལ་ཁ་དང་དང་སྦྲགས། ནང་པའི་གཞུང་ཆེན་དག་ལ་མང་དུ་ཐོས་པ་དང་ཐོས་དོན་དུ་སྒྲུབ་ལ་གཞོལ་ཐུབ་པ་ཞིག་བྱེད་དགོས་ཞེས་བཀའ་སློབ་སྩལ་འདུག

དེ་རིང་ཟླ་ ༩ ཚེས་ ༡༢ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པའི་ལས་བྱེད་རྣམས་ལ་མཇལ་ཁ་སྩལ་ཐོག མགོན་པོ་༸གང་ཉིད་མཆོག་གིས་འཇམ་མགོན་བླ་མ་ཙོང་པ་ཆེན་པོས་ལམ་སྟོན་ཇི་ལྟར་མཛད་དོན་བཞིན་གཞུང་ཆེན་དག་ལ་མང་དུ་ཐོས་པ་དང་ཐོས་པའི་དོན་དུ་སྒྲུབ་ལ་གཞོལ་ཐུབ་པ་ཞིག་བྱེད་དགོས་ཞེས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་འདུག

དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་གཞུང་ཆེན་མོ་དག་ལ་བསླབ་པ་སློབ་གཉེར་གནང་རྗེས་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཕྱིན་ཅི་ལོག་གི་རྟོག་པ་སོགས་འགོག་ནུས་པའི་སློབ་གཉེར་བྱེད་དགོས་གལ་ཡིན་པར་བཀའ་སྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་༸སྐུ་དངོས་ཀྱི་མྱོང་བ་དང་འབྲེལ་ཏེ་བཀའ་སྩལ་བར་སྔ་དྲོ་༸སྐུ་བཞེངས་མཛད་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་ཀྱི་ལྟ་བར་ཉམས་བཞེས་མཛད་ཀྱི་ཡོད་པར་བཀའ་སྩལ་བ་མ་ཟད། ཀུན་སློང་རྣམ་པར་དག་པའི་ཐོག་ནས་ཉིན་ཞག་ཕྲུགས་གཅིག་གི་ནང་འཇིག་རྟེན་ཆོས་བརྒྱད་ཀྱི་གཞན་དབང་དུ་མ་སོང་བར་༸རྗེ་ཡབ་སྲས་གསུམ་གྱི་དགོངས་ པ་དང་མཐུན་པའི་ཐོས་དོན་སྒྲུབ་ལ་གཞོལ་དགོས་པར་ལམ་སྟོན་བཀྲིན་སྩལ་ཡོད། 

གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་འཕགས་ཀླུ་སྒྲུབ་ཀྱིས་བཀའ་ཆོས་སྩོལ་སྐབས་སུ་མགོན་པོ་༸གང་ཉིད་མཆོག་བཀའ་ཆོས་སྩལ་ཡུལ་གྱི་གྲལ་གཤམ་དུ་༸སྐུ་བཞུགས་མཛད་ཡོད་པའི་ཐུགས་སྣང་ཞིག་བྱུང་སྐོར་བཀའ་སྩལ་བ་དང་སྦྲགས་ཏེ། དེང་གི་དུས་ཚོད་ནང་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཉམས་ལེན་གནང་གནད་ཆགས་ཡོད་སྟབས་དེ་ལྟར་དམ་དོན་གྱིས་བྱེད་དགོས་ཞེས་བཀའ་སྩལ་འདུག

རྩ་བའི་མཛད་འཆར་ཐུགས་གཏན་ཁེལ་བར་གཞིགས་ན། ཕྱི་ཟླ་ ༡༠ ཚེས་ ༢ ནས་ཚེས་ ༤ བར་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་དང་། བློ་སྦྱོང་དོན་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཐུགས་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།