Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་༸སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ད་ལྟ་དགོངས་པ་བཞེས་བཞིན་མེད་ཅེས་བཀའ་བསྩལ་འདུག

Tibetan News Headlines

  • North America Tibetans to offer ‘Tenshug’ to the Dalai Lama
  • Tibetans in Canada celebrate Resolve Tibet Act and Canadian parliament motion for Tibet’s self determination
  • Dalai Lama extends congratulations to Ms. Roberta Metsola and Ms. Ursula von der Leyen on EU leadership continuation
  • EU-China ties looking rocky after re-election of Ursula von der Leyen

རེས་གཟའ་ཟླ་བ། ༢༠༢༤།༠༧།༢༢

  • ༸གོང་ས་མཆོག་ལ་བྱང་ཨ་རིའི་བོད་མི་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཞལ་བཞེས་ཐོབ་འདུག
  • ཨ་རིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དང་ཁེ་ན་ཌས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་བར་དགའ་སྟོན།
  • ༸གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་དང་ལྷན་ཚོགས་ཀྱི་ཚོགས་གཙོར་འཚམས་འདྲི་མཛད་འདུག
  • ལྕམ་ Ursula ལགས་ཀྱི་འཛིན་སྐྱོང་འོག་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཁག་ཏུ་འགྲོ་རྒྱུའི་ཚོད་དཔག

ཟླ་བ་འདིའི་ཚེས་ ༡༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གསར་ཁང་ཆེ་གྲས་ཁག་ཅིག་གི་གསར་འགོད་པ་རྒན་པ་ཁག་ཅིག་ལ་མཇལ་ཁ་སྩལ་སྐབས་མགོན་པ་༸གང་ཉིད་མཆོག་གིས་ད་ལྟའི་ཆར་༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་སྐོར་ལ་དགོངས་པ་བཞེས་བཞིན་མེད་ཅེས་བཀའ་བསྩལ་འདུག

HHDL meets Indian Journalist
Photo: Tibet.net

དེ་ཡང་ཟླ་བ་འདིའི་ཚེས་ ༡༧ ཉིན་ Bloomberg གསར་ཁང་གི་གསར་འགོད་པ་ Sudhi Ranjan Sen ལགས་དང་། Dainik Jagran གསར་ཁང་གི་ Jay Prakash Ranjan ལགས། དེ་བཞིན་ Tribune གསར་ཁང་གི་རྩོམ་སྒྲིག་པ་གཞོན་པ་ Ajay Banerjee ལགས་བཅས་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་པ་དང་། གསར་འགོད་པ་ཞིག་གིས་སྐབས་དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་ད་ལྟའི་ཆར་༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་སྐོར་ལ་དགོངས་པ་བཞེས་བཞིན་མེད་ཅེས་བཀའ་སྩལ་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ཇི་སྲིད་ཀྱི་བར་དུ་༸སྐུ་འཚོ་བཞུགས་མཛད་པའི་རིང་འགྲོ་བ་གང་མང་མང་ལ་ཕན་འདོགས་མཛད་རྒྱུ་དེ་གལ་ཆེ་བ་རེད་ཅེས་བཀའ་བསྩལ་འདུག

དེ་ཡང་གོང་གསལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན་ཟླ་བ་རྗེས་མའི་ནང་དགུང་གྲངས་ ༨༩ ཕེབས་ལ་ཉེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ད་དུང་དགུངས་གྲངས་བརྒྱ་དང་བཅུ་གྲངས་བར་དུ་༸སྐུ་འཚོ་བཞུགས་མཛད་རྒྱུའི་གདེང་ཚོད་ཆེན་པོ་འདུག་ཅེས་བཀོད་འདུག་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་སྐུའི་འཕྲོད་བཞེས་དང་འབྲེལ་ནས་ཞབས་སྤུས་ཅུང་ཟད་མི་བདེ་བ་ཡོད་ཀྱང་རིང་མིན་ཨ་རིར་ཞབས་སྤུས་སྨན་བཅོས་སླད་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་བཀོད་འདུག

HHDL meets Indian Journalist

གསར་ཁང་ཁག་གིས་ད་དུང་དེ་སྔ་༸གོང་ས་མཆོག་ནས་༸གང་ཉིད་མཆོག་དགུང་གྲངས་དགུ་བཅུར་བཞེས་སྐབས་༸སྐུའི་ཡང་སྲིད་ཀྱི་སྐོར་ལ་ཐག་གཅོད་མཛད་རྒྱུ་ཡིན་ཞེས་གསུངས་ཡོད་པ་དེ་ལྟར་ཡང་རྒྱ་ནག་གཞུང་གིས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་དེ་བཞིན་རྒྱ་ནག་གཞུང་གིས་འདེམས་སྒྲུག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པའི་ཁྲོད་དེར་བོད་མི་ཚོས་མུ་མཐུད་རྒྱ་ནག་གཞུང་གི་ངན་བྱུས་ཀྱི་འཆར་གཞི་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་ལ། ཨ་རིའི་གྲོས་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་སོགས་ཀྱིས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་ལྷག་པར་དུ་ཕྱི་ལོ་ ༢༠༢༠ ལོར་ཨ་རིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་མཐའ་མའི་དབང་ཚད་དེ་མགོན་པོ་༸གང་ཉིད་མཆོག་ལས་མི་སྒེར་དང་ཚོགས་པ་སོགས་སུ་ལའང་མེད་པའི་ཁྲིམས་འཆར་ཞིག་གཏན་འབེབས་བྱས་ཡོད་པ་སོགས་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།