Tibetan Royal Year of 2150 | Year of the Water Rabbit

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཟུར་པ་ Karel Schwarzenberg མཆོག་དགོངས་པ་རྗོགས་པར་ཐུགས་གསོ་སྩལ་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་པའི་སྡེ་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ནས་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས།
  • སྤྱི་འཐུས་སྐུ་ཚབ་ཚོགས་ཁག་གསུམ་རྒྱ་གར་བྱང་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་པ།
  • སྲིད་སྐྱོང་མཆོག་གིས་ཡོ་རོབ་སེ་པེན་གྲོང་ཁྱེར་སྦར་སེ་ལོ་ནའི་བོད་མིར་གསུང་བཤད།
  • རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་བརྒྱུད་བོད་ནག་སུབ་གཏོང་བཞིན་པར་འགོག་རྒོལ་གནང་དགོས་པའི་ཞུ་སྐུལ།
  • རྒྱ་ནག་གིས་རྒྱ་རིགས་བྱིས་པ་རྣམས་ལ་བཅིངས་གྲོལ་དམག་སྦྱོང་སྤྲོད་བཞིན་པར་མངོན་གསལ།

Wednesday 29/11/2023

  • Dalai Lama meets head of Himachal police officer and other ranks
  • Telo Rinpoche urges end to religious persecution in Tibet at IRFBA Ministerial in Prague
  • Tibetan MPs embark on advocacy programs in northern India
  • Sikyong Penpa Tsering addresses Tibetan community in Barcelona, Spain
  • China’s chief weapon in quashing identity of Tibetan people is not dystopian camps, but residential schools
  • In China, athletes as young as 7 in military training to ‘create iron army’

ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཟུར་པ་དང་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Karel Schwarzenberg མཆོག་སྙུན་གཞི་རྐྱེན་པས་དགུང་གྲངས་ ༨༥ ཐོག་དགོངས་པ་རྫོགས་པར་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་འབྲེལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་དམ་པ་ཁོང་གི་སྐུ་ཟླ་ལྕམ་སྐུ་ Therese Schwarzenberg ལགས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ནང་། དམ་པ་ཁོང་གི་རང་ཉིད་ཀྱི་རྒྱལ་ཁབ་ཆེད་ཞབས་ཞུ་ལེགས་གྲུབ་ཀྱིས་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད་ཅིང་། དམ་པ་ཁོང་ཡུལ་དེའི་སྲིད་འཛིན་དང་པོ་སྐུ་ཞབས་ Vaclav Havel མཆོག་གི་ལས་ཁུངས་སུ་སྤྱི་ཁྱབ་བློན་ཆེན་གྱི་ཐུགས་འགན་བཞེས་སྐབས་དང་། དེའི་རྗེས་ཕྱི་སྲིད་བློན་ཆེན་གྱི་ཐུགས་འགན་བཞེས་སྐབས་བཅས་རིམ་པའི་ངོ་ཤེས་བྱུང་ཡོད་པ་མ་ཟད། ཁོང་ཕྱི་སྲིད་བློན་ཆེན་ཡིན་པའི་སྐབས་ཤིག་ལ་མགོན་པོ་༸གང་ཉིད་མཆོག་ཡུལ་དེར་ཆིབས་བསྒྱུར་མཛད་སྐབས་ཁོང་དང་ལྷན་དུ་ Brussels དུ་མཁའ་ལམ་བརྒྱུད་འགྲུལ་བཞུད་མཛད་རྒྱུ་བྱུང་བ་ཐུགས་དྲན་གསོ་དང་སྦྲགས། དམ་པ་ཁོང་གི་མཛད་རྗེས་ལ་རྗེས་སུ་ཡི་རང་ཡོད་ཅེས་བཀའ་སྩལ་འདུག

མ་ཟད་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དམ་པ་ཁོང་མགོན་པོ་༸གང་ཉིད་མཆོག་གིས་བློས་ཐུབ་ཀྱི་གྲོགས་པོ་ཞིག་ལ་ངོས་འཛིན་དང་། ཁོང་གིས་གཡོ་བ་མེད་པའི་མཛའ་མཐུན་དང་རྒྱབ་སྐྱོར་ལ་བཀའ་དྲིན་ཆེ་ཞེས་བཀའ་སྩལ་དང་འབྲེལ་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

གཞན་ཡང་ཁ་སང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་གསུང་འཕྲིན་ནང་དམ་པ་ཁོང་ནི་མང་གཙོ་ལ་ཡིད་ཆེས་དང་། དམར་ཤོག་སྲིད་དབང་སྒེར་འཛིན་ལམ་ལུགས་ལ་འགོག་རྒོལ་གནང་མཁན་གྱི་སྐྱེ་བུ་ཞིག་ཡིན་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་ཞིག་ཀྱང་ཡིན་ཅིང་། དམ་པ་ཁོང་གིས་རང་ཉིད་ཀྱི་རྒྱལ་ཁབ་ཆེད་རང་དོན་བློས་བཏང་གིས་མཛད་རྗེས་རླབས་པོ་ཆེ་བཞག་པ་དེ་སྐྱེས་བུ་མང་པོར་སེམས་འགུལ་དང་མིག་དཔེར་འོས་པ་ཞིག་ཡིན་པ་གསུངས་འདུག

མ་ཟད་དམ་པ་ཁོང་གིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཐོག་རྒྱ་ནག་ལ་གནོན་ཤུགས་ཙམ་མ་ཟད། ཞུ་གཏུག་རྒྱབ་སྐྱོར་གནང་བར་བོད་མི་ཡོངས་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་གསུངས་ཏེ། ཁོང་དགོངས་པ་རྫོགས་པ་དེ་ནི་འཛམ་གླིང་ཁྲོད་འགོ་ཁྲིད་གལ་ཆེན་ཞིག་མེད་པར་གྱུར་པ་དང་། ལྷག་དོན་བོད་ཀྱི་བློ་ཐུབ་ཀྱི་གྲོགས་པོ་ཞིག་ཀྱང་མེད་པར་གྱུར་ཡོད་ཅིང་། ཁོང་ནི་འཛམ་གླིང་འདིའི་ནང་དཀའ་ངལ་འཕྲད་བཞིན་པའི་མི་མང་གི་འབོད་སྒྲ་དང་བདེ་དོན་ཐོག་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་པ་དང་འབྲེལ། མཐར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་གསོ་ཞུས་འདུག

རྩ་བའི་དམ་པ་ Karel Schwarzenberg མཆོག་ནི་ཅེག་རྒྱལ་ས Prague པ་རག་ནང་ཕྱི་ལོ་ ༡༩༣༧ ལོར་འཁྲུངས་ཤིང་རིམ་པའི་ཕྱི་ལོ་ ༡༩༤༨ ལོར་རྒྱལ་ཁབ་དེ་ཉིད་དམར་ཤོག་ཀྱི་སྲིད་དབང་བཟུང་བར་བརྟེན། དམ་པ་ཁོང་དང་ནང་མི་བཅས་ Austria ཨོ་སི་ཊི་ཡའི་རྒྱལ་ཁབ་ནང་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ཡོད་པ་རེད། ཁུལ་དེར་སྐྱབས་བཅོལ་དུ་གནས་ཡུན་རིང་ཁོང་གིས་དམར་པོའི་རིང་ལུགས་ལ་འགོག་རྒོལ་གནང་མཁན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་ཁག་ལ་རྒྱབ་སྐྱོར་སོགས་ཀྱི་ཕྱག་ལས་མང་པོ་གནང་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོར་ཅེག་རྒྱལ་ཁབ་ནང་ Velvet གསར་བརྗེའི་བརྒྱུད་དམར་པོའི་རིང་ལུགས་མཇུག་བསྡུས་ཏེ། ཁོང་སླར་རང་ཡུལ་དུ་འཁོར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གྲོགས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་སྐུ་ཞབས་དམ་པ་ Vaclav Havel མཆོག་གི་དབུ་འོག་དཔུང་འདེགས་ཞུ་མཁན་གཙོ་གྲས་ཤིག་ཆགས་ཀྱི་ཡོད་པ་མ་ཟད། སྐུ་འཚོ་བཞུགས་རིང་ཡུལ་དེའི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། Top 09 ཞེས་པའི་ཆབས་སྲིད་ཚོགས་པའང་གསར་འཛུགས་གནང་བ། དེ་བཞིན་ཕྱི་སྲིད་བློན་ཆེན་གྱི་ཐུགས་འགན་ཐེངས་གཉིས་བཞེས་ཡོད་སོགས་ཡུལ་དེའི་ཆབ་སྲིད་མི་སྣ་གལ་ཆེན་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།