Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནང་ཁང་གི་རྩིག་རྨང་འདིང་འཇོག་མཛད་པ།

Tibetan News Headlines

  • བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་མོས་རྒྱབ་སྐྱོར།
  • ཉེན་རྟོག་པས་དམ་བསྒྲགས་འོག་བོད་པའི་དགེ་འདུན་པ་ཞིག་གིས་རང་སྲོག་བཅད་པ།
  • རྒྱ་ནག་ནས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་གཏོར་ཐབས་བྱེད་བཞིན་པ་ཐེར་འདོན།
  • ཨ་རིའི་མི་ནི་སོ་ཊར་ Ocean of Wisdom ཅ་ཊར་སློབ་གྲྭ་གསར་འཛུགས་གནང་རྒྱུའི་ཐོག་བཅར་འདྲི།

Wednesday 17/04/2024

  • US Senate Committee approves Resolve Tibet Act
  • Police harassment and continued surveillance prompts Tibetan monk to commit suicide
  • Whistle blower accuses China of manipulating UN reports and bribing official to serve its interests
  • Ocean of Wisdom: MN Tibetan Charter School

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེ་ནས་སྤྱི་ལེ་གཉིས་ཀྱི་སར་གསར་སྐྲུན་གནང་རྒྱུའི་༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད་སོང་།ལྟེ་གནས་ཁང་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལས་གྲུབ་པའི་ཤེས་ཡོན་གྱི་ལྟེ་གནས་ཤིག་ཡིན་པ་དང་། འཛམ་གླིང་ས་ཕྱོགས་གང་སའི་གཞོན་སྐྱེས་དང་དོན་གཉེར་ཅན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པར་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་སློབ་གཉེར་དང། ཉམས་ཞིབ། མཚུངས་བསྡུར། འབྲི་རྩོམ་སོགས་ཀྱི་ལས་དོན་ལ་མཐུན་སྦྱོར་ཆེད་དམིགས་པ་ཞིག་རེད་འདུགདེ་རིང་དེ་འབྲེལ་མཛད་སྒོ་དེའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ཀྱི་ངོས་ནས་སངས་རྒྱས་ལ་དད་མོས་དང་སྐྱེ་འགྲོ་སྤྱིའི་བདེ་རྩར་སྨན་པའི་བྱམས་བརྩེའི་བཀའ་དགོངས་ལ་རྩིས་བཀུར་ཞུས་པར་ཐུགས་རྗེ་ཆེ་ཞུ་མཛད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་རྒྱུན་དུ་ང་ཚོས་ཆོས་ལ་ཡིད་སྨོན་བྱེད་པ་ཙམ་མིན་པར་བདེ་བ་འདོད་པར་སྡུག་བསྔལ་གྱི་རྩ་བ་ཤེས་དགོས། ལྷག་པར་ཆོས་ཁས་ལེན་བྱེད་མིན་ལ་ལྟོས་མེད་སེམས་བཟང་པོ་བྱ་རྒྱུ་ནི་ང་ཚོའི་ལས་འགན་ཡིན་པ་མ་ཟད་འབད་བརྩོན་བྱ་དགོས་གལ་དང་། སེམས་བཟང་པོ་བྱ་རྒྱུ་དེ་ཆོས་དང་འཇིག་རྟེན་གཉིས་ཀའི་རྩ་བ་ཡིན་པའི་ལམ་སྟོན་མཛད་སོང་།༸གོང་ས་མཆོག་གིས་ད་དུང་ང་ཚོ་བཙན་བྱོལ་བོད་མི་རྣམས་ལས་དང་སྨོན་ལམ་གྱི་ཐོག་ནས་འཚེ་མེད་ཞི་བ་དང་ཆོས་ལུགས་རིས་མེད་ལྡན་པའི་རྒྱ་གར་རྒྱལ་ཁབ་ནང་གནས་པ་དེ་སྐལ་བ་བཟང་པོ་ཞིག་ཡིན་པར་བཀའ་སྩལ་དང་འབྲེལ། རྒྱལ་ཁབ་འདིའི་ནང་གནས་པ་ཙམ་མ་ཡིན་པར་ཉིན་རེ་བཞིན་གཞན་ལ་འཚེ་བ་མེད་པར་གཞན་ཕན་གཙོ་བོར་བཟུང་སྟེ་མི་ཚེ་བསྐྱལ་དགོས་གལ་ཡིན་པའི་ལམ་སྟོན་མཛད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་དུས་ཚིགས་ཁྱད་པར་ཅན་དང་བསྟུན་བི་ཧཱར་མངའ་སྡེའི་གཞུང་དང་རྒྱ་གར་དབུས་གཞུང་ལ་ཐུགས་རྗེ་ཆེ་ཞུ་མཛད་སོང་།མཛད་སྒོ་དེའི་ཐོག་རྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་སྐུ་ཞབས་ Kiren Rijiju ཀི་རན་རི་ཇི་ཇུ་མཆོག་གིས་དབུས་པའི་བི་ཧཱར་མངའ་སྡེའི་སོ་ནམ་བློན་ཆེན་དང་། རྒྱ་གར་དབུས་གཞུང་གི་ཤེས་རིག་དང་འབྲེལ་བའི་གནད་ཡོད་སྐུ་ཚབ་ཁག་གཅིག་ཆེད་ཕེབས་གནང་འདུག་པ་དང་། གཞན་ཡང་སྐུ་མགྲོན་དུ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་ས་སྐྱ་ཁྲི་འཛིན་ཞེ་གཉིས་པ་དང་ཞེ་གསུམ་པ། དེ་བཞིན་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་དབུས་པའི་ཤར་བྱང་ཆོས་རྗེ་རྣམ་གཉིས་དང་མཁན་བླ་སྤྲུལ་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དེ་བཞིན་མི་མང་བཅས་མཛད་སྒོའི་ཐོག་མི་གྲངས་ ༡༠༠༠ ལྷག་ལྷན་ཞུགས་གནང་འདུགརྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་སྐུ་ཞབས་ Kiren Rijiju ཀི་རན་རི་ཇི་ཇུ་མཆོག་གིས་ད་རེས་གནས་ཁྱད་པར་ཅན་དེར་༸གོང་ས་མཆོག་དབུ་བཞུགས་ཐོག་མཛད་སྒོ་འདི་ལྟ་བུར་ལྷན་ཞུགས་གནང་རྒྱུ་བྱུང་བར་ཧ་ཅང་བྱིན་རླབས་ཆེན་པོ་བྱུང་ཡོད་པ་འགྲེལ་བརྗོད་གནང་བ་མ་ཟད། ༸གོང་ས་མཆོག་གིས་རྒྱུན་དུ་འཕགས་བོད་གཉིས་དབར་བླ་སློབ་ཀྱི་འབྲེལ་བ་ཡོད་སྐོར་བཀའ་སྩལ་མཛད་ཀྱི་ཡོད་ཀྱང་། དོན་དངོས་སུ་༸གོང་ས་མཆོག་ནི་འཛམ་གླིང་ཡོངས་ཀྱི་བླ་མ་ཡིན་པ་འགྲེལ་བརྗོད་གནང་བ་དང་ཆབས་གཅིག ད་རེས་བི་ཧཱར་མངའ་སྡེའི་ནང་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་སྐྲུན་ཞུ་རྒྱུའི་ལས་གཞི་དེར་དབུས་གཞུང་ནས་མཐུན་འགྱུར་གང་ལེགས་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད།བི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་སྐུ་ཚབ་སོ་ནམ་བློན་ཆེན་སྐུ་ཞབས་ Kumar Sarvjeet ཀུ་མཱར་སརྦ་ཇིཏ་མཆོག་གིས་༸གོང་ས་མཆོག་གི་བྱམས་སྙིང་རྗེ་དང་གཞན་ཕན་སོགས་བླ་ན་མེད་པའི་དགོངས་གཞིར་ཆེ་བསྟོད་དང་འབྲེལ། བི་ཧཱར་མངའ་སྡེའི་གཞུང་གི་ངོས་ནས་ལས་འཆར་དེའི་ཆེད་ད་བར་ས་ཆ་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་ཡོད་པ་མ་ཟད། མ་འོངས་པར་ཞབས་འདེགས་གང་ལེགས་གནང་རྒྱུ་སོགས་འགྲེལ་བརྗོད་གནང་ཡོད།བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལས་གཞི་དེའི་རྒྱབ་ལྗོངས་ཀྱི་དགོས་དམིགས་སོགས་ངོ་སྤྲོད་དང་འབྲེལ། ད་ལྟའི་འཛམ་གླིང་ནང་གི་འགྲོ་བ་མི་རྣམས་དམག་དང་། འཚེ་བ། འདྲ་མཉམ་དྲང་བདེན་མེད་པ། ཁོར་ཡུག་སྦགས་བཙོག ཚ་དྲོད་འཕེལ་བ། གནམ་གཤིས་འགྱུར་ལྡོག་སོགས་དཀའ་ངལ་ཧ་ཅང་ཅན་གྱི་དུས་སྐབས་འདིར་སྐྱེ་རྒུའི་བདེ་སྐྱིད་སླར་གསོ་དང་དེར་མི་མཐུན་ཕྱོགས་ལ་གདོང་ལེན་བྱེད་ཕྱོགས་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལས་བྱུང་བའི་སྙིང་རྗེའི་སེམས་དང་། འཚེ་བ་མེད་པའི་སྤྱོད་པ་གཉིས་ཡིན་སྐོར་གསུངས་ཏེ། གནད་དོན་དེའི་ཐད་རྒྱ་གར་ཡུལ་མི་ཡོངས་ལ་དོར་དུ་མེད་པའི་ལས་འགན་ཞིག་ཡོད་པ་དེའི་ཕྱིར་ན་རྒྱ་གར་བས་གནའ་དུས་ལྟར་དེར་ཐུགས་འགན་བཞེས་དགོས་པའི་དུས་ལ་བབ་ཡོད་སྐོར་སོགས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།