Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

དེ་རིང་ཕྱི་ཟླ་ ༥ པའི་ཚེས་ ༢༩ ཉིན་གྱི་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་རོལ་བ་གླིང་ས་མཚམས་ས་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་འདུག

HHDL Audience Nepal Devotees

དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་བལ་ཡུལ་ཀོ་པན་དགོན་པའི་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱི་སྣེ་ཁྲིད་འོག་བལ་ཡུལ་རོལ་བ་གླིང་ས་མཚམས་ས་ཁུལ་གྱི་མི་གྲངས་ཉི་ཤུ་རྩ་གྲངས་ཞིག་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་མཇལ་ཁ་ཐོབ་འདུག

དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནི། བལ་ཡུལ་ཀོ་པན་དགོན་པའི་དགེ་འདུན་པ་ཞིག་དང་། བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཞོན་ཡིན་པ་དང་། ཁོང་རྣམས་ནས་ད་ལན་ཁུལ་དེའི་དད་ལྡན་པ་མི་གྲངས་ཉི་ཤུ་རྩ་གྲངས་ཞིག་གི་གཙོས་པའི་ཁྱོན་འདས་པའི་ཟླ་བ་ཁ་ཤས་ནང་ཚུད་ཁུལ་དེའི་བོད་མི་ ༣༠༠ ཙམ་ལ་༸གོང་ས་མཆོག་གི་མཇལ་ཁ་གོ་སྒྲིག་གནང་ཐུབ་པ་བྱུང་འདུག

HHDL Audience Nepal Devotees

དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱི་ད་དུང་། བལ་ཡུལ་ནང་དུ་ནང་པའི་མི་འབོར་བརྒྱ་ཆ་ ༤༠ ཙམ་ཡོད་པ་དང་། བོད་བརྒྱུད་ནང་བསྟན་སློབ་གཉེར་གྱི་གོ་སྐབས་ཡག་པོ་ཡོད་པའི་ཁྲོད་ཁུལ་དེ་ནས་དགེ་བཤེས་སོགས་མང་པོ་ཞིག་འཐོན་བཞིན་པ་དང་འབྲེལ་ནས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།