Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་མཇལ་མོལ་མཛད་པ།

Tibetan News Headlines

  • NED honors Sikyong Penpa Tsering and Tibet Action Institute with Democracy awards
  • Dalai Lama congratulates Mexico’s President-Elect Claudia Sheinbaum
  • US lawmakers to meet Dalai Lama on India trip next week
  • Tibetans protest Chinese premiere visit to New Zealand
  • US expands Russia sanctions, targeting entities in China
  • DIASPORA: Geshe Lobsang Gyaltsen, Former TCV Staff and Registrar of Dalai Lama College

རེས་གཟའ་པ་སངས། ༢༠༢༤།༠༦།༡༤

  • སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་ལ་ཨ་རིའི་མང་གཙོའི་གཟེངས་རྟགས་འབུལ་བཞེས་གནང་བ།
  • ༸གོང་ས་མཆོག་གིས་མེཀ་སི་ཀོའི་བདམས་ཐོན་སྲིད་འཛིན་མཆོག་ལ་འཚམས་འདྲི་མཛད་པ།
  • ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ།
  • རྒྱ་ནག་གི་སྲིད་བློན་ལ་ནིའུ་ཛི་ལེནྜ་བོད་མིས་ཞི་རྒོལ་དང་གྲོས་ཚོགས་འཐུས་མི་གཙོས་གསར་འགོད་པས་དྲི་རྩད།
  • ཨ་རིས་རྒྱ་ནག་དམིགས་འབེན་དུ་བཟུང་ནས་ཨུ་རུ་སུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ།
  • བཙན་བྱོལ་བོད་མིའི་གནས་སྟངས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་ཟུར་པ་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ Dr. Hans Gert Pottering མཆོག་དང་མཇལ་མོལ་མཛད་འདུག་པ་དང་། དེ་རིང་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་མོལ་མཛད་པ་དེ་ནི་མི་ལོ་ ༡༥ རྗེས་སུ་སླར་མཇལ་འཕྲད་མཛད་པ་ཞིག་ཆགས་ཡོད།

Dr. Hans Gert Pottering མཆོག་ཁ་སང་བཞུགས་སྒར་དུ་ཕེབས་འབྱོར་བྱུང་བ་དང་འབྲེལ། དེ་རིང་སྔ་དྲོ་བྷེལ་ཇམ་སྐུ་ཚབ་དོན་གཅོད་རིན་འཛིན་ཆོས་སྒྲོན་འགན་ཁང་ལགས་དང་ལྷན་དུ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་ཡོད་པ་རེད།

སྐུ་ཚབ་དོན་གཅོད་རིན་འཛིན་ཆོས་སྒྲོན་འགན་ཁང་ལགས་ཀྱིས་ཁོང་རྣམས་ནས་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་སྐུ་ཞབས་ Pottering ཁོང་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་སྐབས་སུ་མགོན་པོ་༸གང་ཉིད་མཆོག་ཡོ་རོབ་གྲོས་ཚོགས་སུ་ཆིབས་བསྒྱུར་མཛད་དེ་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་སོགས་སྙན་སེང་ཞུས་པ་དང་སྦྲགས་བཀའ་མོལ་ལྷུག་པོ་ཞུ་རྒྱུ་བྱུང་སོང་ཞེས་དང་། ལྷག་པར་སྐུ་ཞབས་ Pottering ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་ཁོང་གི་མི་ཚེའི་ལོ་རྒྱུས་གསལ་བའི་ཕྱག་དེབ་གཅིག་སྤྱན་འབུལ་ཞུས་སོང་ཞེས་སོགས་གསུངས་ཡོད།

སྔ་དྲོའི་མཇལ་ཁ་གྲུབ་མཚམས་སུ་ཁོང་རྣམས་གངས་སྐྱིད་དུ་ཆེད་ཕེབས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་མཐར་ལམ་སྒྲོལ་མ་མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་སོགས་དང་མཇལ་འཕྲད་གནང་འདུག

གསར་འགོད་པས་སྐུ་ཚབ་དོན་གཅོད་རིན་འཛིན་ཆོས་སྒྲོན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་སྐུ་ཞབས་ Pottering ལགས་བཞུགས་སྒར་དུ་ཕེབས་དམིགས་གཙོ་བོ་ནི་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་ཕྱིར་ཡིན་པར་གསུངས་སོང་།

དེ་བཞིན་ Dr. Hans Gert Pottering ལགས་ལ་བཅར་འདྲི་ཞུས་སྐབས་ཁོང་ནི་རྣམ་ཀུན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡི་རང་དང་གུས་བརྩི་ཞུ་མཁན་ཞིག་ཡིན་ཞེས་དང་། དེ་རིང་མི་ལོ་ ༡༥ རྗེས་སུ་མགོན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་བྱུང་དོན་ལྟར་༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་ལེགས་པོ་ཡོད་པ་མཇལ་རྒྱུ་བྱུང་ཞེས་དང་། ཁོང་གིས་༸གོང་ས་མཆོག་ལ་མཇལ་མོལ་སྐབས་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་མགོན་པོ་༸གང་ཉིད་མཆོག་ཡོ་རོབ་གྲོས་ཚོགས་སུ་ཆིབས་བསྒྱུར་བཀའ་དྲིན་མཛད་སྐབས་ཀྱི་གནས་ཚུལ་མང་པོ་སྙན་སེང་ཞུས་པ་ཡིན་ཞེས་སོགས་གསུངས་ཡོད།

དེ་བཞིན་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་སྐབས་སུ་མགོན་པོ་༸གང་ཉིད་མཆོག་གིས་ཁོང་ལ་ཇི་ལྟར་མགྲོན་འབོད་མཛད་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཆེས་ཆེར་སོང་རྐྱེན་བཞུགས་སྒར་དུ་བཅར་ཐུབ་མེད་སྐོར་གསུངས་པ་དང་འབྲེལ། དེ་རིང་བཞུགས་སྒར་དུ་ཆེད་བཅར་གྱིས་མགོན་པོ་མཆོག་དང་སླར་མཇལ་འཕྲད་ཞུ་རྒྱུ་བྱུང་བར་ཧ་ཅང་སྐལ་པ་བཟང་པོ་བྱུང་ཞེས་གསུངས་སོང་།

དེ་རིང་གི་མཇལ་མོལ་སྐབས་སྐུ་ཞབས་ Pottering ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་ཁོང་གི་མི་ཚེའི་ལོ་རྒྱུས་གསལ་བའི་ཕྱག་དེབ་གཅིག་སྤྱན་འབུལ་ཞུས་པ་དང་སྦྲགས། དེ་སྔ་ཁོང་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་སྐབས་སུ་༸གོང་ས་མཆོག་ཁོང་གི་ལས་ཁུངས་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པའི་༸སྐུ་པར་སྤྱན་འབུལ་ཞུ་རྒྱུའི་གོ་སྐབས་བྱུང་སོང་ཞེས་དང་། ཁོང་རང་ཉིད་ཡི་ཤུའི་ཆོས་དད་པ་ཞིག་ཡིན་ནའང་ཡི་ཤུ་དང་ནང་པའི་དབར་ལ་མཐུན་པའི་ཆ་དུ་མ་ཡོད་པ་ལྟར། དེ་རིང་༸གོང་ས་མཆོག་དང་ལྷན་དུ་ཆོས་དད་དང་འབྲེལ་བའི་གནད་དོན་ཐོག་བཀའ་བསྡུར་ཞུ་རྒྱུའི་གོ་སྐབས་བྱུང་ཞེས་དང་ཆབས་ཅིག ༸གོང་ས་མཆོག་ནི་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་མཛད་མཁན་གྱི་སྐྱེས་བུ་རླབས་ཆེན་ཞིག་ཡིན་པ་ལྟར། མགོན་པོ་༸གང་ཉིད་མཆོག་ནི་ཁོང་གི་ངོས་ནས་རྟག་ཏུ་ཡིད་མོས་དང་གུས་བརྩི་ཞུ་ཡུལ་ཞིག་ཀྱང་ཡིན་ཞེས་སོགས་གསུངས་སོང་།

གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་མཐར་ལམ་སྒྲོལ་མ་མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་སོགས་དང་མཇལ་འཕྲད་གནང་ཡོད་པ་ལྟར་ཁོང་གིས་ང་ཚོའི་ངོས་ནས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་གནང་ཐབས་སུ་གང་ཐུབ་གནང་རྒྱུའི་ཆོད་སེམས་ལ་བོད་མི་རྣམས་ནས་ཡིད་ཆེས་གནང་དགོས་གལ་དང་། ད་ལྟ་ཁོང་ཆབ་སྲིད་ནང་དངོས་སུ་ཕྱག་ལས་གནང་གི་མེད་ཀྱང་ཁོང་ལ་འབྲེལ་བ་ཡག་པོ་ཡོད་པའི་ཆ་ནས་ཁོང་གིས་ཇར་མི་ནི་དང་ཡོ་རོབ་ནང་བོད་མིའི་ཆོས་རིག་དང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོང་གནང་གལ་ཡིན་པའི་གནད་དོན་ཐོག་གླེང་སློང་གང་མང་གནང་རྒྱུ་ཡིན་པ་དང་། དེ་ལྟར་གནང་རྒྱུ་བྱུང་བ་ནི་ཁོང་གི་བསོད་ནམས་ལ་ངོས་འཛིན་གནང་གི་ཡོད་སྐོར་སོགས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།