Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་རྒྱ་གར་ལ་ཞི་བདེ་ལྡན་པའི་འཛམ་གླིང་བསྐྲུན་རྒྱུའི་ནུས་པ་དམིགས་བསལ་བ་ཡོད་པ་བཀའ་བསྩལ་འདུག

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་དང་ཁ་ཉིན་བཅས་ཉིན་གྲངས་གཉིས་རིང་རྒྱ་གར་བྱང་ཤར་ Manipur མངའ་སྡེ་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་དེ་རིང་ཉིན་རྒྱབ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།

ཐེངས་འདིའི་མཱ་ནི་པུར་ནང་གི་ཆིབས་སྒྱུར་དེ་ནི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་Yumnam Khamchand མཆོག་གིས་གསོལ་འདེབས་ཞུས་ཐོག་༸གོང་ས་མཆོག་མངའ་སྡེའི་རྒྱལ་ས་ Imphal ནང་དུ་ཞི་བདེ་དང་མཉམ་གནས་ཞེས་པའི་རྒྱལ་སྤྱིའི་ཞི་བདེ་ལྷན་ཚོགས་སུ་དབུ་བཞུགས་ཀྱིས་བཀའ་སློབ་བསྐྱང་ཕྱིར་ཡིན་པ་ལྟར། མགོན་པོ་མཆོག་༸གང་ཉིད་མཆོག་ཁ་སང་རྒྱལ་སྤྱིའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མ་མཛད་གོང་དུ་མངའ་སྡེ་དེའི་ནང་ཡོད་པའི་གསར་ཁང་འདྲ་མིན་ཁག་གི་གསར་འགོད་པ་ཁག་ཅིག་དང་མཇལ་མོལ་དང་བཀའ་སློབ་བཀྲིན་བསྩལ་འདུག

མགོན་པོ་མཆོག་གིས་ Convention ཚོགས་ཁང་ཆེན་མོར་མང་ཚོགས་ ༧༠༠ ཙམ་ལྷན་ཞུགས་གནང་པའི་འཛམ་གླིང་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད་པ་དང་། སྐབས་དེར་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Y Khemchand མཆོག་གཙོ་གྱུར་གཞུང་འབྲེལ་གནད་ཡོད་མི་སྣ་དང་ས་གནས་མང་ཚོགས་བཅས་ནས་མགོན་པོ་མཆོག་ལ་འཚམས་འདྲིའི་ཕེབས་བསུ་དང་འབྲེལ། ཚོགས་གཙོ་ Khemchand མཆོག་གིས་༸གོང་ས་མཆོག་ད་རེས་མཱ་ནི་པུར་མངའ་སྡེ་ནང་ཆིབས་བསྒྱུར་མཛད་པར་མངའ་སྡེ་གཞུང་གི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་ཞུས་པ་མ་ཟད། མགོན་པོ་མཆོག་མངའ་སྡེ་དེའི་ནང་ཞི་བདེ་གོང་སྤེལ་ཡོང་སླད་ལ་ཆེད་དམིགས་ཀྱིས་ཆིབས་བསྒྱུར་མཛད་པ་ཞིག་ཆགས་ཡོད་སྐོར་གསུངས་འདུག

ཞི་བདེ་དང་མཉམ་གནས་ཞེས་པའི་རྒྱལ་སྤྱིའི་ཞི་བདེ་ལྷན་ཚོགས་དེའི་ཐོག་མགོན་པོ་༸གང་ཉིད་མཆོག་གིས་ཁྱོན་སྐར་མ་ ༤༠ མན་ཙམ་གྱི་བཀའ་སློབ་བསྩལ་བའི་ནང་གཙོ་བོ་འདས་པའི་དུས་རབས་ནང་དུ་བྱུང་བའི་དཀའ་ངལ་དེ་དག་ཚང་མ་འགྲོ་བ་མིའི་རིགས་ཀྱིས་བཟོས་པ་འབའ་ཞིག་ཡིན་སྟབས། དཀའ་ངལ་དེ་དག་སེལ་བའི་ཐབས་ཤེས་ཀྱང་ང་རང་ཚོས་བྱེད་དགོས་ཞེས་བཀའ་བསྩལ་བ་དང་སྦྲགས། ཁ་ཆེ་དང་ཡི་ཤུའི་འཇིགས་སྐུལ་དྲག་སྤྱོད་པ་ཟེར་བ་ཞིག་མེད་པ་དང་དེ་ཡང་འཇིགས་སྐུལ་བྱེད་མཁན་ནི་ཆོས་པ་ཡང་དག་ཞིག་མ་རེད་ཅེས་བཀའ་ནན་བསྩལ་འདུག ང་ཚོས་འཕྲན་བཞིན་པའི་ངལ་བ་དེ་དག་མི་ཕན་ཚུན་དབར་འཚེ་བ་མེད་པའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་གལ་ཡིན་པར་ལམ་སྟོན་བསྩལ་འདུག

༸གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ཁབ་ཁོ་ནར་ཕྱིའི་དངོས་པོ་ཡར་རྒྱས་དང་ནང་སེམས་ཀྱི་ཞི་བདེ་གཉིས་ཟུང་འབྲེལ་ཐོག་འཛམ་གླིང་འདི་བདེ་སྐྱིད་དང་ལྡན་པ་ཞིག་བསྐྲུན་ཐུབ་རྒྱུའི་ནུས་པ་དམིགས་བ་ཞིག་ཡོད་པར་དགོངས་བཞེས་ཐོག་རྒྱ་གར་བ་རྣམས་ནས་ཆོས་ལུགས་རིས་མེད་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་བསླབ་བྱ་ནས་བསྟན་པའི་རང་གི་གནའ་བོའི་རིག་གཞུང་དེ་རྒྱལ་སྤྱིའི་ཐོག་ཁྱབ་འཕེལ་ཡོང་ཆེད་རྐང་འགན་ཆེ་ཙམ་བཞེས་དགོས་ཀྱི་ཡོད་པ་བཀའ་ནན་བསྩལ་འདུག

ཁ་སང་གི་ལྷན་ཚོགས་ཐོག་དབུ་བཞུགས་མ་མཛད་གོང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པར་ངོས་རང་ལོ་ཆུང་དུས་སྐབས་ནས་མཱ་ནི་པུར་སྐོར་ཤེས་རྟོགས་གང་ཙམ་ཡོད་པ་དང་ད་ལན་ས་གནས་འདིར་དངོས་སུ་འབྱོར་ནས་ཁྱེད་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་བཀའ་བསྩལ་བ་དང་འབྲེལ་ཏེ། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་སྤེལ་གཏོང་ཐབས་བྱ་རྒྱུ་དང་ནང་པའི་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་བཅས་ཀྱི་ཐོག་ཐུགས་འགན་གཙོ་བཞེས་མཛད་མུས་ཡིན་པ་བཀའ་བསྩལ་འདུག

མགོན་པོ་༸གང་ཉིད་མཆོག་གིས་གསར་འགོད་པ་རྣམས་ལ་ཆེད་ལས་འདིའི་ཐོག་རྒྱབ་མདུན་ངོ་ལྐོག་མེད་པར་དྲང་བདེན་གྱི་གནས་ཚུལ་སྤེལ་རྒྱུ་གནད་ཆེ་ཡིན་སྐོར་བཀའ་གནང་པ་དང་སྦྲགས། དམིགས་བསལ་དེ་རིང་སང་ཉིན་འགྲོ་བ་མིའི་རིགས་ལ་དཀའ་ངལ་འཕྲད་མཚམས་སུ་གསར་འགྱུར་བརྒྱུད་ལམ་ཁག་ནས་མིའི་བཟང་སྤྱོད་ཀྱི་ཡོན་ཏན་གོང་སྤེལ་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ལས་འགན་ཡོད་པ་རེད་ཅེས་ལམ་སྟོན་མཛད་པ་དང་ཆབས་ཅིག གསར་འགོད་པ་རྣམས་ཀྱི་བཀའ་འདྲི་ཞུ་ཁག་ལ་བཀའ་ལན་ཡང་བསྩལ་འདུག

རྩ་བའི་ཐེངས་འདིའི་ཆིབས་སྒྱུར་དེ་ནི་ལོ་འདིའི་ནང་༸གོང་ས་མཆོག་རྒྱ་གར་བྱང་ཤར་མངའ་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་རེད། འདི་ལོ་ཕྱི་ཟླ་ ༤ པའི་ནང་༸གང་ཉིད་མཆོག་ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་ནས་གདན་འདྲེན་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།