Tibetan Royal Year of 2150 | Year of the Water Rabbit

༸གོང་ས་མཆོག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་བ།

Tibetan News Headlines

  • རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཆེད་གནོད་ཤུགས་སྤྲོད་དགོས།
  • ཨ་རིས་རྒྱ་ནག་གིས་བརྡ་འཕྲིན་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པར་ཉེན་བརྡ།
  • བོད་མིའི་མདུན་ལམ་སློབ་གཉེར་ཁང་གིས་ལྷོ་ཕྱོགས་གཞིས་མིར་གོ་རྟོགས་ལས་གཞི་སྤེལ་བ།
  • བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དེ་བྱུང་སྐོར་མཁན་པོ་འཇིགས་མེད་བློ་གྲོས་ལགས་སུ་བཅར་འདྲི།

Friday 29/09/2023

  • UN Human Rights Council told: ‘End repression in Tibet; reject China’s membership bid’
  • China uses ‘deceptive ’methods to sow disinformation, US says
  • CTA carries out a career awareness program in South India
  • History of Khamgar Druk Shedra/College

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་པའི་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཚེས་ ༣༠ ཉིན་༸བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་པའི་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་ཉིན་གཉིས་རིང་གི་བཀའ་ཆོས་ཀྱི་མཛད་འཕྲིན་དབུ་འཛུགས་མཛད་དེ། དེ་རིང་བཀའ་ཆོས་ཉིན་མཐའ་མའི་ཐོག་མགོན་པོ་༸གང་ཉིད་མཆོག་གིས་༸བཞུགས་སྒར་ཉེ་འཁོར་གྱི་བོད་པའི་སློབ་གྲྭ་ཁག་དང་། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་ ༡༦ ཙམ་ནས་ཕེབས་པའི་བོད་པའི་གཞོན་སྐྱེས་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་རྣམས་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་དེ་བཞིན་མགོན་པོ་༸གང་ཉིད་མཆོག་དགུང་ལོ་གསུམ་ཙམ་ཡིན་པའི་༸སྐུ་དུས་ནས་ཡང་ཡང་གསུང་འདོན་མཛད་ཀྱི་ཡོད་པའི་ཐུགས་དྲན་གསོ་དང་སྦྲགས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་འདོན་ཚེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་འཕེལ་ལ་ཕན་ཐོག་ཆེན་པོ་ཡོད་པ་བཀའ་སྩལ་ཡོད།

༸གོང་ས་མཆོག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་གྲུབ་མཚམས་བཀའ་ཆོས་ཐོག་ཕེབས་པའི་གཞོན་སྐྱེས་སློབ་མ་ཁག་ཅིག་གིས་མགོན་པོ་༸གང་ཉིད་མཆོག་ལ་བོད་སྨན་གྱི་ཕན་ཡོན་དང་། ཕྱི་ནང་གི་རིག་གནས། དེ་བཞིན་དུས་རབས་དང་མཐུན་པའི་སློབ་སྦྱོང་གནང་སྟངས་སོགས་གནད་དོན་ཁག་ཅིག་གི་ཐོག་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་མཛད་ཡོད།

གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དང་བཀའ་ཆོས་སྩལ་རྒྱུའི་ལོ་རེའི་མཛད་རིམ་འདི་ནི་༸བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་ཕྱི་ལོ་ ༢༠༠༧ ལོ་ནས་གོ་སྒྲིག་ཞུ་འགོ་བཙུགས་ཡོད་པ་དང་། ཐེངས་འདིའི་བཀའ་ཆོས་ཀྱི་མཛད་རིམ་ཁག་ཡོངས་སུ་གྲུབ་མཚམས་༸གོང་ས་མཆོག་ནས་གཞོན་སྐྱེས་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་ཡོངས་ལ་དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་གང་ཐུབ་བསམ་བློ་གཏང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད། 

འབྲེལ་ཡོད་གསར་གནས།

གསར་གནས།