Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་སོག་པོའི་དགའ་ལྡན་ཐེག་ཆེན་ཆོས་གླིང་དགོན་པའི་གསར་བསྐོས་མཁན་པོར་འཚམས་འདྲི་སྩལ་བ།

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

ཁ་སང་ཕྱི་ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོ་དགའ་ལྡན་ཐེག་ཆེན་ཆོས་གླིང་དགོན་པའི་གསར་བསྐོས་མཁན་པོ་བླ་མ་དགེ་བཤེས་རྗེ་བཙུན་རྡོ་རྗེ་མཆོག་ལ་འཚམས་འདྲི་མཛད་པ་དང་སྦྲགས། བགྲེས་ཡོལ་ཕེབས་མཁན་མཁན་པོ་བླ་མ་ག་བུར་རྡོར་ཤུལ་ཆོས་རྗེ་མཆོག་སྐུ་ཚེ་དོན་ལྡན་བྱུང་ཡོད་ཅེས་བཀའ་སྩལ་འདུག

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་གྱི་ཐོག་མར་ཆོས་ཀྱི་གཞི་རྩ་ནི་སྙིང་རྗེ་དང་འཚེ་བ་མེད་པ་ཡིན་པས་དེས་འགྲོ་བ་མིའི་རིགས་ཀྱི་བདེ་དོན་ལ་ཕན་ནུས་འདྲེན་པའི་ནུས་པ་ཆེན་པོ་ལྡན་པ་ཡོད་ཅིང་། དེ་ནི་ཆོས་ལ་ཐོས་བསམ་སློབ་གཉེར་བྱེད་པའི་གོ་སྐབས་ཡོད་མཁན་ཚོར་མ་གཏོགས་དེ་ལྟར་ཡོང་ཐབས་མེད་པ་ཞིག་ཡིན་པ་མ་ཟད། ནང་པ་སངས་རྒྱས་པའི་ཆོས་འཆད་ཁྲིད་སྐབས་ཆོས་ཞུ་ཡུལ་གྱི་རྒྱུད་ཚོད་དང་མོས་པ་སེམས་ལ་ངེས་པར་འཛིན་དགོས་གལ་ཡིན་པ་བཀའ་སྩལ་འདུག

ད་དུང་༸གོང་ས་མཆོག་གིས་སོག་པོའི་དགའ་ལྡན་ཐེག་ཆེན་ཆོས་གླིང་དགོན་པའི་བགྲེས་ཡོལ་མཁན་ཟུར་ཁམས་པ་བླ་མ་ག་བུར་རྡོར་ཤུལ་ཆོས་རྗེ་མཆོག་ལ་ཟུར་དུ་སྩལ་བའི་གསུང་འཕྲིན་ནང་། མགོན་པོ་༸གང་ཉིད་མཆོག་གིས་མཁན་ཟུར་ཁོང་གིས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ནང་པ་སངས་རྒྱས་ཀྱི་བསྟན་པའི་སྒོ་མོ་ཕྱེ་བར་བསྔགས་བརྗོད་མཛད་པ་མ་ཟད། སྐུ་ཚེ་དོན་ལྡན་བསྐྱལ་ཡོད་ཅིང་། ལོ་མང་རིང་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་གྲོགས་ཤིག་ལ་ངོས་འཛིན་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུག

འདི་ག་རླུང་འཕྲིན་ཁང་གིས་སོག་པོའི་དགའ་ལྡན་ཐེག་ཆེན་ཆོས་གླིང་དགོན་པའི་གསར་བསྐོས་མཁན་པོའི་གནད་དོན་དང་འབྲེལ་ནས་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས། མཁན་པོ་བླ་མ་ཞེས་པ་ནི་སོག་པོའི་དགའ་ལྡན་ཐེག་ཆེན་ཆོས་གླིང་དགོན་པའི་མཁན་པོ་ཡིན་ཅིང་། སོག་པོ་ཡོངས་ཀྱི་ནང་པའི་དབུ་བླ་ཆགས་ཀྱི་ཡོད་པ་དང་། གསར་བསྐོས་མཁན་པོ་བླ་མ་དགེ་བཤེས་རྗེ་བཙུན་རྡོ་རྗེ་མཆོག་ལྟ་བུ་མཚོན་ན་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་དགེ་བཤེས་ལྷ་རམས་པའི་ཨང་རིམ་དང་པོའི་མཚན་སྙན་བཞེས་ཡོད་པ། དེ་བཞིན་ཁོང་སོག་པོ་དགའ་ལྡན་ཐེག་ཆེན་ཆོས་གླིང་དགོན་པའི་འཛིན་སྐྱོང་ལྷན་ཚོགས་ནས་མང་མོས་ཀྱིས་འོས་བསྡུའི་ཐོག་ནས་བསྐོ་བཞག་གནང་བ་ཞིག་ཡིན་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེ་ཆེན་པོ་མཛད་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།