fbpx

Tibetan Royal Year of 2150 | Year of the Water Rabbit

༸གོང་ས་མཆོག་གིས་ IPL དབྱུག་རྩེད་སྤོ་ལོའི་རྩེད་འགྲན་པ་དང་མཇལ་མོལ་མཛད་པ།

Tibetan News Headlines

  • བཞུགས་སྒར་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲེན་ཐེངས་ ༢༨ པ་དབུ་འཛུགས།
  • མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད།
  • རྒྱ་གཞུང་ནས་གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཐོག་འགན་ལེན་དགོས་པ།
  • རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་ Jimmy Lai གི་གནས་བབ་ཐད་ཐུགས་འཚབ་མངོན་གསལ།
  • ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཞིག་རྒྱ་ནག་གི་གཏན་འཇག་མིང་གཞུང་ནག་པོའི་ནང་ཡོད་པ་མངོན་གསལ།
  • གཞན་ཕན་ཁྱིམ་གསར་གྱི་གློག་བརྙན་ནང་ Nawazuddin མཉམ་ཞུགས་བྱ་རྒྱུ་ཡིན་འདུག

Thursday 01/06/2023

  • 28th GCM Football tournament begins in Dharamsala
  • CTA inaugurates new camp for Tibetans from Tibet in Mundgod
  • Right group urges China to acknowledge Tiananmen Massacre
  • UN experts express ‘grave concern’ over detention of Jimmy Lai in Hong Kong
  • Canadian MP under China evergreen blacklist, former Conservative leader targeted
  • Bollywood actor Nawazuddin teams up with Tibetan Director for ‘Karma’
(Visited 4 times, 1 visits today)

དེ་རིང་ཟླ་ ༥ ཚེས་ ༡༦ ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་ཞུས་པའི་  Indian Premier League དབྱུག་རྩེད་སྤོ་ལོ་རྩེད་འགྲན་གནང་མཁན་ Punjab Kings དང་། Delhi Capitals གཉིས་ཀྱི་རྩེད་འགྲན་པའི་རུ་ཁག་ལ་མཇལ་ཁ་སྩལ་བ་དང་འབྲེལ། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཞི་བདེ་དང་སྒོམ་ཉམས་ལེན་གནང་སྟངས་སོགས་གཙོས་རྩེད་རིགས་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་འདུག

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དེ་རིང་མཇལ་མོལ་དེ་དང་འབྲེལ་བའི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་གསལ་ལྟར་ན། ༸གོང་ས་མཆོག་གིས་སྐབས་དེར་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་གཟུགས་ལ་མཚོན་ནའང་བོད་མི་ཞིག་ཡིན་ཀྱང་། ༸སྐུ་ན་ཆུང་དུས་ནས་རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་མཁས་པའི་གསུང་དག་ལ་སློབ་གཉེར་མཛད་ཡོད་སྟབས་ཡུལ་འཁོར་ཆེན་པོ་འདི་ལ་རང་བཞིན་གྱིས་ཐུགས་ཉེ་པོ་ཡོང་གི་ཡོད་སྐོར་སོགས་བཀའ་སྩལ་འདུག་པར་མ་ཟད། ད་ལྟའི་ཆར་མགོན་པོ་༸གང་ཉིད་མཆོག་སྐྱབས་བཅོལ་བ་ཞིག་ཡིན་ཀྱང་རྒྱ་གར་གྱི་ས་ཐོག་ཏུ་རྒྱ་གར་གྱི་གནའ་བོའི་ཤེས་རིག་སླར་གསོ་མཛད་རྒྱུ་བྱུང་བ་ནི་༸སྐུ་ཚེའི་འོས་འགན་ཞིག་དང་དེའང་གཟི་བརྗིད་ཅིག་ཡིན་པར་བཀའ་སྩལ་མཛད་འདུག

མཇལ་ཁ་གྲུབ་མ་ཐག་ཏུ་གསར་འགོད་པར་དབྱུག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Phil Salt ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་མོལ་ཞུས་པ་དང་འབྲེལ་བའི་གསུངས་དོན་ལ་ཁོང་གིས་རང་ཉིད་ཀྱི་མི་ཚེ་ནང་༸གོང་ས་མཆོག་གི་མཇལ་ཁ་དང་བཀའ་སློབ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་ཀྱི་བསམ་མྱོང་མེད་ཀྱང་དེ་རིང་དངོས་སུ་མཇལ་མོལ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་དང་དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་སེམས་གུ་ཡངས་དང་དྲན་ཤེས་བསྟེན་སྟངས། དེ་བཞིན་རྩེད་རིགས་ཐོག་ལའང་བཀའ་སློབ་སྩལ་ཡོད་སྐོར་གསུངས་སོང་།

དེ་བཞིན་དབྱུག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Sam Curran ལགས་ཀྱིས་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུ་བྱུང་བ་ནི་ཆེས་ཐོག་མ་ཡིན་པ་དང་། ཐེངས་འདིའི་མཇལ་ཁ་དེ་ཞེ་དྲག་ཡག་པོ་བྱུང་སོང་ཞེས་དགའ་ཚོར་ཆེན་པོས་གསུངས་སོང་།

དབྱུག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Kagiso Rabada ལགས་ཀྱིས་༸གོང་ས་མཆོག་གིས་ཞི་བདེ་དང་ཉིན་ཞག་ཕྲུགས་གཅིག་གི་ནང་ལ་སྒོམ་ཉམས་ལེན་གནང་སྟངས་སོགས་ལམ་སྟོན་མཛད་པ་དང་ཆབས་ཅིག རྩེད་རིགས་དང་འབྲེལ་བའི་བཀའ་སློབ་སྩལ་ཡོད་པར་གསུངས་ཡོད།

རྩ་བའི་ Punjab Kings དབྱུག་རྩེད་སྤོ་ལོའི་རུ་ཁག་དང་  Delhi Capitals དབྱུག་རྩེད་སྤོ་ལོའི་རུ་ཁག་དབར་གྱི་རྩེད་འགྲན་དེ་སང་ཕྱི་ཚེས་ ༡༧ ཉིན་དྷརྨ་སཱ་ལཱར་རྩེད་ཀྱི་ཡོད་པ་དང། ཐེངས་འདིའི་རྩེད་འགྲན་དང་བསྟུན་དེ་རིང་གོང་འཁོད་དབྱུག་རྩེད་སྤོ་ལོའི་རུ་ཁག་གཉིས་ཀྱི་རྩེད་འགྲན་པ་ཚོས་༸གོང་ས་མཆོག་ལ་ཟུར་མཇལ་གྱི་གསོལ་འདེབས་ཞུས་པ་ཞིག་ཆགས་ཀྱི་འདུག

(Visited 153 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།