Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ཞབས་པུས་སྨན་བཅོས་སླད་དུ་ཨ་རིར་ཞབས་སོར་བདེ་བར་འཁོད་པ།

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།


ཁ་སང་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཨ་རིར་ཞབས་པུས་སྨན་བཅོས་སླད་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད།

བོད་མིའི་རང་དབང་།

དེ་ཡང་མགོན་པོ་༸གང་ཉིད་མཆོག་ཁ་སང་སྔ་དྲོ་སུད་སི་ཛུ་རིག་ནས་དམིགས་བསལ་གནམ་གྲུ་བརྒྱུད་ཕྱག་ཚོད་ ༩ ཡོལ་ཙམ་ལ་ཨ་རིའི་ནེའུ་ཇར་སིའི་ Teterboro གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་མཚམས་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་སྒྲུབ་ལགས་ཀྱིས་དབུས་པའི་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ཁང་གི་གནད་ཡོད་མི་སྣ་གསུམ་དང་། ཨ་ཀྱཱ་རིན་པོ་ཆེ། སེར་བྱེས་མཁན་པོ། བཀའ་ཟུར། མཁན་པོ་བླ་སྤྲུལ་དགེ་བཤེས། དེ་བཞིན་བོད་རིགས་དང་སོག་རིགས་མི་མང་གཙོས་པའི་ཕྱི་ནང་དད་ལྡན་སེར་སྐྱ་མང་ཚོགས་ཁྱོན་ ༤༠༠༠ ཡས་མས་ནས་དགའ་དད་སྤྲོ་གསུམ་འཁོལ་བའི་ངང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་མ་ཟད།

OHHDL

ཕྱག་ཚོད་ ༡༠ ཙམ་ལ་མགོན་པོ་༸གང་ཉིད་མཆོག་ལ་ཨ་རིའི་གཞུང་གི་གྲ་སྒྲིག་ཞུས་པའི་༸རྒྱལ་བའི་བཞུགས་གནས་ Park Hyatt New York གསོལ་མགྲོན་ཁང་དུ་ཞབས་སོར་བདེ་བར་འཁོད་སྐབས། ཕེབས་ལམ་གྱི་གཡས་གཡོན་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་བོད་མིས་གཙོས་ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཕྲག་དུ་མས་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་དྲི་བཟང་བདུག་སྤོས། གྲོ་སོ་ཕྱེ་མར་དང་ཆང་ཕུད་སོགས་བསྣམས་ཏེ་བོད་ལུགས་ལྟར་དགའ་བསུའི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནེའུ་ཡོག་གསོལ་མགྲོན་ཁང་དུ་ཞབས་སོར་འཁོད་སྐབས། འཁོན་རིགས་བསྟན་པའི་མངའ་བདག་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། རྒྱལ་ཡུམ་སྐུ་ཞབས། མཁན་བླ་སྤྲུལ་དགེ་བཤེས། རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ། བོད་མི་མང་སྤྱི་འཐུས་ཁག་གཅིག་དང་། དོན་ཁང་གི་ལས་བྱེད། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། རྒྱལ་བ་ཀརྨ་པ་མཆོག་གི་གཅེན་མོ་ལྕམ་སྲིང་དངོས་གྲུབ་དཔལ་འཛོམས་ལགས་སོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག

བོད་མིའི་རང་དབང་།

ཕེབས་བསུའི་ཁྲོད་དུ་བྷོས་ཊོན་དང་། མལ་ས་ཅུ་སེཊས། ཀྲོ་རོན་ཀྲོ། ཝན་ཁུ་བར་སོགས་ནས་ཁྱོན་མང་ཚོགས་སྟོང་ཕྲག་ ༡༠ ལ་ཉེ་བ་ཕེབས་ཡོད་པ་རེད་འདུག

OHHDL

འདི་ག་རླུང་འཕྲིན་ཁང་ནས་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་དྲུང་ཟུར་ཀུན་དགའ་བཀྲ་ཤིས་ལགས་སུ་༸རྒྱལ་བའི་མཛད་འཆར་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས། ཁོང་གིས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་དང་། ༸སྐུའི་བླ་སྨན་པ་མཆོག་གིས། ད་ལྟའི་ཆར་ཉིན་ཤས་རིང་སྐུ་ངལ་གསོ་རྒྱུ་དང་། སྐུའི་འཕྲོད་བཞེས་ཀྱི་གནང་སྒོ་ཁག་ལས་དེ་མིན་མཛད་འཆར་གཞན་གང་ཡང་མེད་སྐོར་བཀའ་ཕེབས་ཡོད་པ་འགྲེལ་བརྗོད་གནང་སོང་།

བོད་མིའི་རང་དབང་།

རྩ་བའི་ཟླ་བ་འདིའི་ཚེས་ ༣ ཉིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་པུས་སྨན་བཅོས་སླད་དུ་ཆིབས་བསྒྱུར་མཛད་རྒྱུའི་གསལ་བསྒྲགས་བསྐྱངས་དོན་བཞིན། འདི་ཚེས་ ༢༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་བསྒྱུར་སླད་དུ་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་ཐོན་མཛད་པ་དང་། ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་རྒྱལ་ས་ལྡི་ལི་ནས་ཆིབས་ཐོན་མཛད་དེ་ཕེབས་ལམ་དུ་སྐུ་ངལ་གསོ་ཆེད་སུད་སི་ཛུ་རིག་གྲོང་ཁྱེར་ནང་ཉིན་གཅིག་བཞུགས་ཞག་མཛད་ཡོད་པ་ལྟར། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་དབུས་པའི་ས་གནས་བོད་རིགས་ཚོགས་པ་དང་། ཕྱི་ནང་གི་དད་ལྡན་སེར་སྐྱ་མི་མང་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

OHHDL

གཞི་རྩའི་༸གོང་ས་མཆོག་གིས་ཐེངས་འདིའི་ཨ་རིར་ཆིབས་བསྒྱུར་འདི་བཞིན་ཕྱི་ལོ་ ༢༠༡༧ རྗེས་སུ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། གནས་ཚུལ་དེའི་ཐད་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་མང་པོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། འདི་ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ནས་མགོན་པོ་༸གང་ཉིད་མཆོག་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་མཇལ་བཅར་ཞུས་ཏེ། ཨ་རིའི་གྲོས་ཚོགས་ཀྱི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་བའི་འདྲ་བཤུས་ཤིག་སྤྱན་འབུལ་ཞུས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་འབྲེལ་དགའ་བསུའི་རྟེན་འབྲེལ་མཛད་སྒོ་ཞིག་ཚོགས་ཡོད་པ་དེ་ལའང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་དོ་སྣང་ཆེན་པོ་གནང་ཡོད་པ་རེད། གནད་དོན་དེ་དང་འབྲེལ་ནས་རྒྱ་གཞུང་གིས་ཨ་རི་སྲིད་འཛིན་མཆོག་ལ་བོད་དོན་ཁྲིམས་འཆར་དེར་མཚན་རྟགས་སྐྱོན་རྒྱུ་མེད་པའི་ཉེན་བརྡ་དང་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།