Tibetan Royal Year of 2151 | Year of the Wood Dragon

༸རྒྱལ་བ་ཀརྨ་པ་འབྲས་ལྗོངས་ནང་དུ་གདན་འདྲེན་ཞུ་རྒྱུའི་ཐབས་ཤེས་གནང་རྒྱུ་ཡིན་པ་གསུངས་འདུག

Tibetan News Headlines

  • Dalai Lama gives audience to Himalayan Buddhists from Rolwa Ling
  • One household and One file: Surveillance ramped up after anti-dam protests
  • GCM Gold Cup Final and Green Book debacle
  • Taiwan’s parliament passes bill pushing pro-China changes
  • East Turkistan government in exile calls on US to pass Uyghur Policy Act
  • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

  • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
  • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
  • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
  • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

རིང་མིན་ཟླ་བ་འདིའི་ཚེས་ ༡༩ ཉིན་རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བ་དང་བསྟུན། Bharatiya Janata Party (BJP) གཞུང་འཛིན་ཚོགས་པའི་ Viksit Sikkim Sankalp Patra 2024 ཞེས་འབྲས་ལྗོངས་ཁུལ་གྱི་འོས་བསྡུའི་བསྒྲགས་གཏམ་ནང་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་འབྲས་ལྗོངས་མངའ་སྡེ་ནང་གདན་འདྲེན་ཞུ་རྒྱུའི་ཐོག་དབུས་གཞུང་དང་ལྷན་དུ་གོ་བསྡུར་གྱིས་འབད་བརྩོན་གནང་རྒྱུ་ཡིན་པ་སོགས་འཁོད་འདུག

ཁ་སང་ BJP གཞུང་འཛིན་ཆབ་སྲིད་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་ JP Nadda ཡིས་འབྲས་ལྗོངས་ཁུལ་གྱི་མ་འོངས་འཆར་སྣང་དང་འབྲེལ་བའི་འོས་བསྡུའི་བསྒྲགས་གཏམ་ཡོངས་བསྒྲགས་གནང་བའི་ནང་། གལ་ཏེ་ BJP ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པ་ཡིན་ན། ཚོགས་པའི་ངོས་ནས་འབྲས་ལྗོངས་མངའ་སྡེའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། དེ་བཞིན་ Bhutia དང་ Lepcha སོགས་ས་ཁུལ་དེའི་ནང་གི་སྐད་ཡིག་ཁག་སྲུང་སྐྱོབ་གནང་རྒྱུ་ཡིན་པ་དང་། འབྲས་ལྗོངས་ནང་དུ་འཛུགས་སྐྲུན་ཡར་རྒྱས་གཏང་རྒྱུ་སོགས་འཁོད་ཡོད་པ་མ་ཟད། རྒྱ་གར་དབུས་གཞུང་དང་ལྷན་དུ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་འབྲས་ལྗོངས་ནང་དུ་གདན་འདྲེན་ཞུ་ཐབས་གནང་རྒྱུ་ཡིན་པ་དང་། རུམ་སྟེགས་དགོན་པ་དེ་བཞིན་ UNESCO འམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་རིག་གཞུང་། ཚན་རིག་ལྷན་ཚོགས་ཀྱི་རིག་གནས་ཤུལ་བཞག་ཁོངས་སུ་ངོས་འཛིན་ཐོབ་ཐབས་གནང་རྒྱུ་ཡིན་པ་འཁོད་འདུག

ཤོག་གྲངས་ ༨༠ ཅན་གྱི་བསྒྲགས་གཏམ་དེའི་ནང་གཞན་ཡང་། འབྲས་ལྗོངས་མངའ་སྡེའི་ཐོག་ལག་བསྟར་གནང་བཞིན་པའི་ཁྲིམས་སྒྲིག་དོན་ 371F གི་གལ་གནད་སྲུང་སྐྱོབ་གནང་རྒྱུ་དང་། ཁུལ་དེའི་ཞིང་ལས་ལས་གཞི་ཁག་རྒྱ་སྐྱེད་གཏང་རྒྱུ་སོགས་ཀྱི་སླད་ཧིན་སྒོར་བྱེ་བ་མང་པོ་འགྲོ་གྲོན་གཏང་རྒྱུ་ཡིན་པ། ཁུལ་དེའི་གཞོན་སྐྱེས་དང་བུད་མེད་ཉི་ཁྲི་ལྔ་སྟོང་ལ་ལས་ཀའི་གོ་སྐབས་སྤྲད་རྒྱུ། ཁུལ་དེའི་ནང་དུ་རྒྱ་ལམ་དང་མཁའ་ལམ། དེ་བཞིན་མེ་འཁོར་ལྕགས་ལམ་སོགས་ཀྱི་འཛུགས་སྐྲུན་ལས་གཞི་རྒྱ་སྐྱེད་གཏང་རྒྱུ་ཡིན་པ་སོགས་འཁོད་འདུག

རྩ་བའི་འདི་ལོའི་འོས་བསྡུ་དང་འབྲེལ། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Foundation for Non-Violent Alternatives ཞེས་འཚེ་བ་མེད་པའི་ཐབས་ལམ་གྱི་གདམ་གའི་ཐེབས་རྩ་ཁང་གིས། རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་རྩོད་རྙོག་ཇེ་ཆེར་འགྲོ་བཞིན་པ་དང་། རྒྱ་ནག་གི་བོད་རྒྱ་སྡེར་བསྒྱུར་ཐབས་བྱེད་བཞིན་པ་དེས། བོད་དང་ལྷན་དུ་ཆོས་ཡོན་དང་རིག་གཞུང་གི་འབྲེལ་བ་ཡོད་པའི་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ ༡༣ དང་མི་འབོར་ས་ཡ་ ༥༠ ཙམ་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཐོག་ཉེན་ཁ་བཟོ་བཞིན་པ་དེ་དག་རྒྱ་གར་ལ་ཐབས་བྱུས་རིམ་པའི་ཐོག་ནས་ཀྱང་ཉེན་ཁ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། འདི་ལོ་རྒྱ་གར་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོའི་སྐབས་རྒྱ་གར་གྱི་ BJP གཞུང་འཛིན་ཚོགས་པ་དང་ Congress ཕྱོགས་འགལ་ཚོགས་པ་གཉིས་ཀའི་ངོས་ནས་སོ་སོའི་འོས་བསྡུའི་བསྒྲགས་གཏམ་ནང་བོད་ཀྱི་གནད་དོན་སྐོར་ངེས་པར་དུ་བཀོད་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།