Tibetan Royal Year of 2151 | Year of the Wood Dragon

༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༢༧ དབུ་འཛུགས།

Tibetan News Headlines

  • NED honors Sikyong Penpa Tsering and Tibet Action Institute with Democracy awards
  • Dalai Lama congratulates Mexico’s President-Elect Claudia Sheinbaum
  • US lawmakers to meet Dalai Lama on India trip next week
  • Tibetans protest Chinese premiere visit to New Zealand
  • US expands Russia sanctions, targeting entities in China
  • DIASPORA: Geshe Lobsang Gyaltsen, Former TCV Staff and Registrar of Dalai Lama College

རེས་གཟའ་པ་སངས། ༢༠༢༤།༠༦།༡༤

  • སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་ལ་ཨ་རིའི་མང་གཙོའི་གཟེངས་རྟགས་འབུལ་བཞེས་གནང་བ།
  • ༸གོང་ས་མཆོག་གིས་མེཀ་སི་ཀོའི་བདམས་ཐོན་སྲིད་འཛིན་མཆོག་ལ་འཚམས་འདྲི་མཛད་པ།
  • ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ།
  • རྒྱ་ནག་གི་སྲིད་བློན་ལ་ནིའུ་ཛི་ལེནྜ་བོད་མིས་ཞི་རྒོལ་དང་གྲོས་ཚོགས་འཐུས་མི་གཙོས་གསར་འགོད་པས་དྲི་རྩད།
  • ཨ་རིས་རྒྱ་ནག་དམིགས་འབེན་དུ་བཟུང་ནས་ཨུ་རུ་སུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ།
  • བཙན་བྱོལ་བོད་མིའི་གནས་སྟངས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་ཟུར་པ་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི།

ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་གར་བྱང་ཕྱོགས་ཧཱི་མ་ཅལ་མངའ་སྡེ་ནང་ཡོད་པའི་པོན་ཊ་ཆོལ་གསུམ་གཞིས་ཆགས་སུ་༸རྒྱལ་ཡམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༢༧ དབུ་འཛུགས་གནང་འདུགཐེངས་འདིའི་རྩེད་འགྲན་ནང་བོད་མི་གནས་ཡུལ་བལ་ཡུལ་དང་། རྒྱ་གར་བྱང་ཕྱོགས་ནས་རྡ་ས་མཉམ་འབྲེལ་རུ་ཁག་དང་པོན་ཊ་ཆོལ་གསུམ་རུ་ཁག སྒང་ཏོག་གངས་སེང་རུ་ཁག་ཅེས་ཁྱོན་སྡོམ་རུ་ཁག་ ༡༦ མཉམ་ཞུགས་གནང་ཡོད་ཀྱང་། རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་གི་རུ་ཁག་རྣམས་མཉམ་ཞུགས་གནང་ཐུབ་མེད་པ་རེད།༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༢༧ པའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༸དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་ ༤༣ འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དང་། པོན་ཊ་ས་གནས་སྐོར་སྲུང་བ་ DSP Bir Bhadur མཆོག དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གཙོས་པའི་སྐུ་མགྲོན་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་རྩེད་འགྲན་པ་རྣམ་པ། ས་གནས་མི་མང་བཅས་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་རེད།སྐབས་དེར་སྐུ་མགྲོན་གཙོ་བོ་༸དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་ ༤༣ འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གིས་རྩེད་འགྲན་པ་ཡོངས་ལ་བླང་དོར་བཀའ་སློབ་ལམ་སྟོན་གནང་ཡོད་པ་དང་དེ་བཞིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྟོད་གོས་དབུ་འབྱེད་གནང་ཡོད།དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་རྩེད་འགྲན་གྱི་དེ་བྱུང་ངོ་སྤྲོད་དང་སྦྲགས། ༸རྒྱལ་ཡུམ་ཆེན་མོ་དམ་པ་དེ་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་རང་ཉིད་ཀྱི་ཨ་མ་གལ་ཆེན་པོ་ཡིན་པ་དང་ངེས་པར་དུ་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་དྲན་སྐུལ་གནང་སོང་། དེ་བཞིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་བསྟན་འཛིན་རིན་ཆེན་ལགས་ཀྱིས་རྩེད་འགྲན་འདི་ཉིད་པོན་ཊ་བོད་མི་ཆོལ་གསུམ་གཞིས་ཆགས་སུ་གནང་གཏན་ཁེལ་བའི་རྒྱབ་ལྗོངས་དང་འབྲེལ། རྩེད་འགྲན་མཐའ་མའི་བྱ་དགའ་གསོལ་རས་མཐུན་འགྱུར་གནང་མཁན་སྦྱིན་བདག་རྣམ་པར་ཐུགས་རྗེ་ཆེ་ཞུས་ཡོད།རྩ་བའི་རྩེད་འགྲན་ཉིན་དང་པོར་དྷ་ས་མཉམ་འབྲེལ་རུ་ཁག་དང་པོན་ཊའི་ཆོལ་གསུམ་རུ་ཁག་གཉིས་དབར་རྩེད་འགྲན་གནང་སྟེ་སྤོ་ལོ་ ༡ དང་ ༠ སྒོ་ནས་དྷ་ས་མཉམ་འབྲེལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད།ཤེས་རྟོགས་བྱུང་བར་འདི་ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་གྱི་བྱ་དགར་གཞིགས་ན། ཨང་རིམ་དང་པོར་སོན་པར་ཧིན་སྒོར་འབུམ་གཉིས་དང་། ཨང་རིམ་གཉིས་པ་སོན་པར་ཧིན་སྒོར་འབུམ་གཅིག་དང་ཕྱེད་ཀ་བཅས་གནང་གི་འདུག འབྲེལ་ཡོད་པར་ཁག་གི་བདག་དབང་ Gyana Vajra Sakya

འབྲེལ་ཡོད་གསར་གནས།

གསར་གནས།