Tibetan Royal Year of 2150 | Year of the Water Rabbit

༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༢༨ དབུ་འཛུགས།

Tibetan News Headlines

  • རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཆེད་གནོད་ཤུགས་སྤྲོད་དགོས།
  • ཨ་རིས་རྒྱ་ནག་གིས་བརྡ་འཕྲིན་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པར་ཉེན་བརྡ།
  • བོད་མིའི་མདུན་ལམ་སློབ་གཉེར་ཁང་གིས་ལྷོ་ཕྱོགས་གཞིས་མིར་གོ་རྟོགས་ལས་གཞི་སྤེལ་བ།
  • བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དེ་བྱུང་སྐོར་མཁན་པོ་འཇིགས་མེད་བློ་གྲོས་ལགས་སུ་བཅར་འདྲི།

Friday 29/09/2023

  • UN Human Rights Council told: ‘End repression in Tibet; reject China’s membership bid’
  • China uses ‘deceptive ’methods to sow disinformation, US says
  • CTA carries out a career awareness program in South India
  • History of Khamgar Druk Shedra/College

དེ་རིང་ཉིན་རྒྱབ་ཚོུད་ ༣.༣༠ ཐོག་༸བཞུགས་སྒར་དྷ་སྟེང་བོད་ཁྱིམ་གྱི་རྩེད་ཐང་དུ་བོད་པའི་གཞོན་སྐྱེས་རྐང་སྤོལ་རྩེད་འགྲན་པ་གཉིས་བརྒྱ་ལྔ་བཅུ་ལྷག་མཉམ་འཛོམས་ཐོག་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༢༨ པ་དབུ་འཛུགས་གནང་སོང་།

ཐེངས་འདིའི་རྩེད་འགྲན་ནང་བོད་མི་གནས་ཡུལ་ Australia དང་ཡོ་རོབ། བལ་ཡུལ། དེ་བཞིན་རྒྱ་གར་བཅས་ནས་ཁྱོན་བོད་པའི་རྐང་སྤོལ་རུ་ཁག་ ༡༦ ནས་མཉམ་ཞུགས་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་དམིགས་བསལ་སྐུ་མགྲོན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་དང་སྐུ་མགྲོན་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་རྩེད་འགྲན་པ་རྣམ་པ་དང་ས་གནས་མི་མང་སོགས་ཁྱོན་མང་ཚོགས་སྟོང་ཕྲག་བརྒལ་བས་མཉམ་ཞུགས་གནང་འདུག

རྩ་བའི་དེ་རིང་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྟོད་གོས་དབུ་འབྱེད་གནང་བ་དང་འབྲེལ། རྩེད་འགྲན་པ་རྣམས་ནས་རྒྱལ་ཁ་ཐོབ་ཤོར་ལ་ལྟོས་མེད་བོད་མིའི་ཐུན་མིན་བཟང་སྤྱོད་ཀྱི་རྣམ་པ་དང་ལྡན་པའི་ཐོག་ནས་རྩེད་འགྲན་གནང་དགོས་གལ་ཡིན་པར་ལམ་སྟོན་གནང་བ་མ་ཟད། རྒྱལ་སྤྱིའི་ཁྲོད་ཆབ་སྲིད་ཀྱི་གནད་དོན་ཁོ་ན་མིན་པར་རྩེད་འགྲན་བརྒྱུད་བོད་དོན་ལ་དོ་སྣང་གནང་མཁན་ཡོང་གི་ཡོད་སྟབས། རྩེད་འགྲན་པ་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལ་ཐུགས་སྣང་དགོས་པའི་ལམ་སྟོན་གནང་སོང་།

དེ་རིང་རྩེད་འགྲན་ཉིན་དང་པོར་བོད་ཁྱིམ་རུ་ཁག་དང་ཝཱ་ཎ་རུ་ཁག་གཉིས་དབར་རྩེད་འགྲན་གནང་སྟེ། སྤོ་ལོ་ ༡ དང་ ༣ བཅས་ཉིན་དང་པོའི་རྒྱལ་ཁ་འདི་བཞིན་ཝཱ་ཎ་རུ་ཁག་ལ་ཐོབ་ཡོད།

༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༢༨ པའི་མཐའ་མའི་རྒྱལ་ཁ་ཐོབ་མཁན་གྱི་རུ་ཁག་ལ་ཧིན་སྒོར་འབུམ་གཉིས་དང་། ཨང་གཉིས་པར་འབུམ་གཅིག་དང་ཕྱེད་ཀ་བྱ་དགའ་གནང་རྒྱུ་ཡིན་པ་མ་ཟད། ད་རེས་ཀྱི་རྩེད་འགྲན་དེའི་ཐོག་ནས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩེད་འགྲན་པ་འདེམས་སྒྲུག་གིས་རིང་མིན་ཕྱི་ཟླ་ ༨ པའི་ནང་ Netherlands ནང་འཚོགས་འཆར་ཡོད་པའི་ Conifa ཨེ་ཤེ་ཡའི་རྩེད་འགྲན་ནང་མཉམ་ཞུགས་གནང་གཏན་ཁེལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།