Tibetan Royal Year of 2151 | Year of the Wood Dragon

༸སྐུའི་འཕྲོད་བཞེས་སྔར་བཞིན་གསལ་ཐང་ཡིན་པས་ཐུགས་བློ་བདེ་པོ་གནང་རོགས།

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགུལ་ཆམ་ཕྲན་བུ་བཞེས་རྐྱེན་ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་ཕྱིར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་ཡོད་པ་ལྟར། དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨ ཡོལ་ཙམ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཁམས་གསལ་ཐང་ངང་བཞུགས་སྒར་དུ་ཕྱིར་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།

རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་སླད་དུ་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་ཡོད་པ་དང་བསྟུན། བཞུགས་སྒར་གཙོས་བོད་མིའི་གཞིས་སྒར་ཁག་དང་དགོན་སྡེ་གྲྭ་ཚང་རྣམས་ཀྱིས་ཐུགས་ཚོར་ཆེན་པོའི་ཐོག་ནས་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་སྒྲོལ་མ་དང་སྨན་བླའི་མདོ་ཆོག་དང་འབྲེལ་སྨན་བླའི་མཚན་སྔགས་གསོག་སྒྲུབ་གནང་དང་གནང་མུས་ཡིན་པ་རེད།

རླུང་འཕྲིན་ཁང་གིས་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཕྱིར་༸ཞབས་སོར་བདེ་བར་འཁོད་གྲུབ་མཚམས་སུ། རྒྱལ་ས་ལྡི་ལིར་༸གོང་ས་མཆོག་དང་ལྷན་བཅར་ཞུས་པའི་༸སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་སུ་༸གོང་ས་མཆོག་གི་ཐེངས་འདིའི་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་འབྲས་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མགུལ་ཆམ་ཕྲན་བུ་བཞེས་རྐྱེན་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་ཕྱིར་ཆིབས་བསྒྱུར་མཛད་དེ་མགུལ་གྱི་སྨན་པ་རང་བསྟེན་གཏུགས་གནང་རྗེས་གསོལ་སྨན་འབུལ་བཞེས་ལེགས་གྲུབ་བྱུང་ཡོད་སྐོར་གསུངས་པ་དང་སྦྲགས། ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་སྔར་བཞིན་གསལ་ཐང་ཡིན་པས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ལ་ཐུགས་བློ་བདེ་བོ་གནང་རོགས་ཞེས་གསུངས་སོང་།

༸གོང་ས་མཆོག་དེ་རིང་ལྡི་ལིར་ནས་བཞུགས་སྒར་དུ་ཕྱིར་༸ཞབས་སོར་བདེ་བར་འཁོད་སྐབས་གྷ་གྷལ་གནམ་ཐང་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་ཕེབས་ལམ་གྱི་གཡས་གཡོན་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཕྲག་དུ་མས་དགའ་དད་སྤྲོ་གསུམ་འཁོལ་བའི་ངང་ནས་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་དྲི་བཟང་བདུག་སྤོས་སོགས་བསྣམས་ཏེ་དགའ་བསུའི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་ལྟར། གྷ་གྷལ་གནམ་ཐང་དུ་ཕེབས་བསུར་བཅར་བའི་བོད་མི་འགའ་ཞིག་ལ་ཐུགས་ཚོར་ཇི་བྱུང་དང་འབྲེལ་བའི་བཅར་འདྲི་ཞུས་པར།

གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟའ་འཁོར་རྗེས་མའི་ནང་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་དང་། དེ་བཞིན་ནུབ་བྷེང་གྷལ་མངའ་སྡེའི་སཱ་ལུ་སྒར་བཅས་སུ་ཆིབས་བསྒྱུར་མཛད་གཏན་འཁེལ་ཡོད་ཀྱང་། ཉེ་ལམ་འབྲས་ལྗོངས་ནང་ཆུ་ལོག་གི་གོད་ཆག་ཤུགས་ཆེར་བྱུང་བའི་གནད་དོན་ཁྲོད། ༸གོང་ས་མཆོག་གི་ཆིབས་བསྒྱུར་གྱི་མཛད་འཆར་དེ་བཞིན་དུས་ཚོད་ངེས་མེད་བར་དུ་ཕྱིར་འགྱངས་གནང་ཡོད་པ་དེ་ལྟར་ཡང་། ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་དང་གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་མཛད་འཆར་ལ་འགྱུར་བ་གང་ཡང་གནང་མི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།