Tibetan Royal Year of 2151 | Year of the Wood Dragon

ཁེ་ན་ཌ་གཞུང་གིས་བོད་ནང་གུང་སེང་བསྐྱོད་རྒྱུར་ཡིད་གཟབ་དགོས་པའི་ལམ་སྟོན།

Tibetan News Headlines

  • NED honors Sikyong Penpa Tsering and Tibet Action Institute with Democracy awards
  • Dalai Lama congratulates Mexico’s President-Elect Claudia Sheinbaum
  • US lawmakers to meet Dalai Lama on India trip next week
  • Tibetans protest Chinese premiere visit to New Zealand
  • US expands Russia sanctions, targeting entities in China
  • DIASPORA: Geshe Lobsang Gyaltsen, Former TCV Staff and Registrar of Dalai Lama College

རེས་གཟའ་པ་སངས། ༢༠༢༤།༠༦།༡༤

  • སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་ལ་ཨ་རིའི་མང་གཙོའི་གཟེངས་རྟགས་འབུལ་བཞེས་གནང་བ།
  • ༸གོང་ས་མཆོག་གིས་མེཀ་སི་ཀོའི་བདམས་ཐོན་སྲིད་འཛིན་མཆོག་ལ་འཚམས་འདྲི་མཛད་པ།
  • ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ།
  • རྒྱ་ནག་གི་སྲིད་བློན་ལ་ནིའུ་ཛི་ལེནྜ་བོད་མིས་ཞི་རྒོལ་དང་གྲོས་ཚོགས་འཐུས་མི་གཙོས་གསར་འགོད་པས་དྲི་རྩད།
  • ཨ་རིས་རྒྱ་ནག་དམིགས་འབེན་དུ་བཟུང་ནས་ཨུ་རུ་སུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ།
  • བཙན་བྱོལ་བོད་མིའི་གནས་སྟངས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་ཟུར་པ་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི།

ཁེ་ན་ཌ་སྲིད་གཞུང་གི་ངོས་ནས་ཡུལ་དེའི་མི་སེར་རྣམས་ལ་རྒྱལ་ཁབ་དགུའི་ནང་དུ་གུང་སེང་བསྐྱོད་རྒྱུར་ཡིད་གཟབ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་རྒྱ་ནག་དང་ལྷན་དུ་རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་དེའང་གསལ་བཀོད་གནང་འདུག

ཁ་སྔོན་ཕྱི་ཚེས་ ༡༦ ཉིན་ MTL Blog ཞེས་པའི་བརྒྱུད་ལམ་དེའི་ནང་། ཁེ་ན་ཌ་གཞུང་གིས་ཆབ་སྲིད་ཀྱི་དཀའ་ངལ་དང་།  རང་འབྱུང་ཁམས་ཀྱི་གོད་ཆགས། དེ་བཞིན་བདེ་འཇགས་ཀྱི་དཀའ་ངལ་སོགས་རྒྱུ་མཚན་དུ་བྱས་ཏེ། རྒྱ་ནག་གཙོས་པའི་རྒྱལ་ཁབ་དགུའི་ནང་དུ་གུང་སེང་ངམ་འགྲོ་བསྐྱོད་བྱ་རྒྱུར་ཡིད་གཟབ་དགོས་པའི་བཀོད་ཁྱབ་བཏང་བ་དང་འབྲེལ། ཡུལ་ལུང་དེ་དག་ལ་མ་བསྐྱོད་གོང་དེ་གའི་སྲིད་གཞུང་གི་ངོས་ནས་ཡོངས་ཁྱབ་གནང་བའི་ལམ་སྟོན་དག་ལ་ཤེས་རྟོགས་དགོས་ངེས་ཡིན་པ་འཁོད་འདུག

རྒྱལ་ཁབ་དེ་དག་གི་ཁོང་ནས་རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་རྒྱལ་ཁབ་འདི་ཉིད་གསལ་བཀོད་གནང་དགོས་པའི་རྒྱུ་མཚན་ནི། བོད་ནང་རྒྱ་དམར་ས་གནས་སྲིད་གཞུང་གིས་བཙན་དབང་ཐོག་ཁྲིམས་སྒྲིག་ལག་བསྟར་དང་། ལྷག་པར་དུ་དམིགས་བཀར་གྱི་ས་ཁུལ་ཁག་ཏུ་བཙན་ཤེད་རྐྱེན་པས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་དཀའ་ངལ་འཕྲད་སྲིད་པའི་ཉེན་ཁ་ཡོད་པ་རེད་ཅེས་འཁོད་འདུག

དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་བསྐྱོད་རྒྱུར་ཡུལ་སྐོར་སྤྲོ་འཆམ་པར་དམིགས་བསལ་གྱི་ཆོག་མཆན་དགོས་པ་དེའང་རྒྱ་གཞུང་གིས་བཀོད་སྒྲིག་བྱས་པའི་སྡེ་ཁག་ནས་མཁོ་སྒྲུབ་བྱ་དགོས་པ་དང་། སྐབས་འགར་རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་ས་ཁུལ་ཁག་གཅིག་ཏུ་བཀའ་འཁྲོལ་ཡོད་ཀྱང་འགྲོ་བསྐྱོད་ལ་བཀག་སྡོམ་བྱེད་སྲིད་པ་ཞིག་ཡིན་པ་དང་། ལྷག་པར་དུ་དགོས་ངེས་ཅན་གྱི་བཀའ་འཁྲོལ་ཡོད་ཀྱང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་ཐེམ་སྤང་བཀའ་རྒྱ་དང་དམ་བསྒྲགས་བཅས་ཀྱི་དཀའ་ངལ་འཕྲད་སྲིད་པ་མ་ཟད། བོད་ནང་དུ་ཁེ་ན་ཌ་མི་སེར་ལ་དཀའ་ངལ་འཕྲད་ཚེ་རོགས་སྐྱོར་བྱ་རྒྱུ་ཚད་བཀག་ཡོད་པ་རེད་བཅས་འཁོད་འདུག

མ་ཟད་ཡུལ་སྐོར་སྤྲོ་འཆམ་པའི་ངོས་ནས་རྒྱ་ནག་ནང་དུ་དྲ་རྒྱའི་ལྟ་སྲུང་ཐོག་ལ་དམ་བསྒྲགས་ཡོད་པ་དང་འབྲེལ། དྲ་རྒྱའི་བདེ་འཇགས་ཀྱི་ཐབས་ལམ་བཅས་ཤེས་རྟོགས་དགོས་གལ་ཡིན་པ་དང་། ཁུལ་དེར་རྒྱལ་སྤྱིའི་དྲ་ཚིགས་ཁ་བྱང་མང་པོ་ཞིག་ཀྱང་འབྲེལ་གཏུག་བྱེད་ཐུབ་ཀྱི་མེད་སྟབས། རྒྱ་གཞུང་གིས་གསལ་བསྒྲགས་གང་ཡང་མེད་པའི་ཐོག་འགྲིམ་འགྲུལ་ལ་ལྟ་སྲུང་དང་། གློག་ཆས་སོགས་ལ་ཞིབ་གཤེར་བྱེད་སྲིད་པ་ཞིག་ཡིན་པའི་གནད་དོན་སོགས་ལ་དོགས་ཟོན་དང་གཟབ་གཟབ་བྱེད་དགོས་གལ་ཡིན་པའི་ལམ་སྟོན་ཡོངས་ཁྱབ་གནང་འདུག

གཞི་རྩའི་ཁེ་ན་ཌ་གཞུང་གིས་རང་ཉིད་ཀྱི་མི་སེར་ཚོར་དགུང་སེང་དུ་བསྐྱོད་སྐབས་རྒྱལ་ཁབ་དགུལ་ལ་དོགས་ཟོན་བྱེད་དགོས་པའི་ལམ་སྟོན་བཀོད་ཁྱབ་གནང་ཡོད་པ་དེའི་ཁོངས་སུ་བོད་ཙམ་མ་ཟད། ད་ལྟའི་ཆར་དམག་འཁྲུག་འབྱུང་བཞིན་ཡོད་པའི་ Israle དང་། ཧྥ་རན་སི། ཨ་རབ། ལེ་བྷ་ནོན། ཏུར་ཀི ཏུ་ནི་ཤིཡ། རྒྱ་གར། དེ་བཞིན་མེཀ་སི་ཀོ་བཅས་ཆགས་ཀྱི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།