Tibetan Royal Year of 2151 | Year of the Wood Dragon

ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་དོན་དབུ་འཛུགས།

Tibetan News Headlines

  • བོད་ནང་ཕྱི་རྒྱལ་གསར་འགོད་པ་བསྐྱོད་རྒྱུར་མུ་མཐུད་དམ་དྲག་བྱེད་བཞིན་པ་མངོན་གསལ།
  • BJP ཚོགས་པའི་འོས་བསྡུའི་བསྒྲགས་གཏམ་ནང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་འབྲས་ལྗོངས་ནང་དུ་གདན་འདྲེན་ཞུ་ཐབས་གནང་རྒྱུ་ཡིན་པ་གསུངས་འདུག
  • སྲིད་བློན་ Modi མཆོག་གིས་རྒྱ་ནག་དང་ལྷན་འབྲེལ་ལམ་དམ་གཟབ་འཛིན་རྒྱུ་གལ་ཆེ་ཡིན་པ་གསུངས་འདུག
  • རྒྱ་གཞུང་གིས་ཁེ་ན་ཌའི་འོས་བསྡུའི་ནང་ཐེ་གཏོགས་ཡོད་པ་མངོན་གསལ།
  • རྒྱ་གཞུང་གིས་ཨ་རིའི་ཚོང་ལས་ཁང་གཉིས་ལ་སྲིད་དོན་ཉེས་ཆད་འགེལ་བ།
  • ༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸རྒྱལ་བ་སྨན་རིའི་སྒྲུབ་ཆེན་ཐེངས་ ༣༤ པ་འཚོགས་བཞིན་འདུག
  • བཙན་བྱོལ་བོད་མིའི་གནས་སྟངས། Karuna ངལ་གསོ་ཁང་གི་སྐོར་ལ་བཅར་འདྲི།

Friday 12/04/2024

  • China has allowed only FCCC journalist inside the ‘Tibet Autonomous Region in 2023: Report
  • Sikkim BJP manifesto promises return passage for Gyalwa Karmapa
  • India-China border situation needs to be addressed urgently: PM Modi
  • China meddled in past two Canada elections but results not impacted , says Justin Trudeau
  • China sanctions 2 US defence companies over supporting arms sales to Taiwan
  • 34th Menri Grand ‘Drubchen’ begins in Yungdrung Bon monastery in Dolanji
  • DIASPORA FEATURE: Karuna Retirement Home

ཉེ་བའི་ལོ་ཤས་ཁྲོད་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོས་ཁྲིམས་སྒྲིག་གི་དོན་ཚན་ཁག་ལ་འགྲེལ་བརྗོད་གནང་སྟངས་དང་གོ་བ་བཞེས་ཕྱོགས་སོགས་དང་འབྲེལ་དཀའ་ངལ་མི་ཉུང་བ་འཕྲད་པར་བརྟེན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་དགོས་པའི་དགོངས་ཚུལ་མི་ཉུང་བ་ཕེབས་དོན་ལྟར་ཉེ་ཆར་ཕྱི་ཟླ་ ༣ ནང་ཚོགས་པའི་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་ཚོགས་མི་ལྔ་ལས་གྲུབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་ཆེད་འཛུགས་གནང་རྒྱུར་མང་མོས་ཀྱིས་གཏན་འབེབས་གནང་ཡོད།

སྐབས་དེར་གྲོས་ཚོགས་སུ་གཏན་འབེབས་གནང་བའི་གྲོས་ཆོད་ཀྱི་དགོངས་དོན་ལྟར་ཟླ་ ༥ ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་ཀརྨ་དགེ་ལེགས་ལགས། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མིར་བསྐོ་གཞག་གནང་སྟེ་ཁ་ཉིན་ཕྱི་ཚེས་ ༡༧ ཉིན་ཚོགས་མི་བཞི་ལྷན་འཛོམས་དང་། ཡོ་རོབ་གནས་བཞུགས་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དྲྭ་ཐོག་ནས་ལྷན་ཞུགས་བཅས་གནང་སྟེ་ལས་དོན་དངོས་སུ་དབུ་འཛུགས་གནང་འདུག

སྐབས་དེར་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གྲོས་ཆོད་དགོངས་དོན་ལྟར་ཚོགས་ཆུང་གི་ངོས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་གསལ་ཁ་དགོས་ངེས་ལ་བསྐྱར་བཅོས་ཇི་དགོས་དང་། དེ་འབྲེལ་ཁྲིམས་སྒྲིག་གཞན་ཁག་ལ་བསྐྱར་བཅོས་ཇི་དགོས་སོགས་ཀྱི་ཐད་ལ་བསྐྱར་ཞིབ་དང་ཟིན་བྲིས་བཟོ་འགོད་གནང་ཕྱོགས་སོགས་ཀྱི་ཐད་ལ་དགོངས་པ་གཙོ་བཞེས་གནང་དགོས་པ་སོགས་ཀྱི་ལམ་སྟོན་གནང་ཡོད་པ་རེད།

རླུང་འཕྲིན་ཁང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་སུ་ཚོགས་ཆུང་གི་ལས་དོན་འཆར་གཞིའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་ཚོགས་ཆུང་གི་ངོས་ནས་གཙོ་བོ་གྲོས་ཆོགས་སུ་གཏན་འབེབས་གནང་བའི་གྲོས་ཆོད་ཀྱི་དགོངས་དོན་དང་། ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་ཇི་ཕེབས་གཞིར་བཟུང་ཐོག་ཕྱག་ལས་གནང་རྒྱུ་དང་། ལས་དོན་ཁྲོད་དེ་སྔ་ཚོགས་ཟིན་པའི་དམིགས་བསལ་ཚོགས་ཆེན་ཁག་ལ་མི་མང་གི་སྐུ་ཚབ་རྣམ་པས་དགོངས་ཚུལ་ཕུལ་བའི་བཅའ་ཁྲིམས་དང་འབྲེལ་བའི་དོན་ཚན་ཁག་ལ་གཟིགས་ཞིབ་གནང་འཆར་ཡོད་པ་གསུངས་སོང་།

ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་ལས་དོན་སྙན་ཐོ་རྣམས་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༢ ཟླ་མཇུག་ཏུ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ངེས་ཕུལ་ཟིན་དགོས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།