fbpx

Tibetan Royal Year of 2150 | Year of the Water Rabbit

༸གོང་ས་མཆོག་གིས་དབྱིན་ཇིའི་རྒྱལ་པོ་ Charles III མཆོག་གི་ཁྲི་འདོན་མཛད་སྒོར་འཚམས་འདྲི་མཛད་པ།

Tibetan News Headlines

  • བཞུགས་སྒར་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲེན་ཐེངས་ ༢༨ པ་དབུ་འཛུགས།
  • མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད།
  • རྒྱ་གཞུང་ནས་གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཐོག་འགན་ལེན་དགོས་པ།
  • རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་ Jimmy Lai གི་གནས་བབ་ཐད་ཐུགས་འཚབ་མངོན་གསལ།
  • ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཞིག་རྒྱ་ནག་གི་གཏན་འཇག་མིང་གཞུང་ནག་པོའི་ནང་ཡོད་པ་མངོན་གསལ།
  • གཞན་ཕན་ཁྱིམ་གསར་གྱི་གློག་བརྙན་ནང་ Nawazuddin མཉམ་ཞུགས་བྱ་རྒྱུ་ཡིན་འདུག

Thursday 01/06/2023

  • 28th GCM Football tournament begins in Dharamsala
  • CTA inaugurates new camp for Tibetans from Tibet in Mundgod
  • Right group urges China to acknowledge Tiananmen Massacre
  • UN experts express ‘grave concern’ over detention of Jimmy Lai in Hong Kong
  • Canadian MP under China evergreen blacklist, former Conservative leader targeted
  • Bollywood actor Nawazuddin teams up with Tibetan Director for ‘Karma’
(Visited 4 times, 1 visits today)

དེ་རིང་ཕྱི་ཟླ་ ༥ ཚེས་ ༦ ཉིན་དབྱིན་ཡུལ་གྱི་རྒྱལ་པོ་ Charles གསུམ་པ་མཆོག་གི་ཁྲི་འདོན་མཛད་སྒོ་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་རྒྱལ་པོ་མཆོག་ལ་འཚམས་འདྲི་མཛད་པ་དང་སྦྲགས། ཁོང་གིས་རྒྱལ་པོའི་ཐུགས་འགན་བཞེས་རིང་ལ་ཕྱག་ལས་རྣམས་འགེགས་མེད་ཐོག་དབྱིན་ཡུལ་མི་མང་གི་མངོན་འདོད་ལྟར་གནང་ཐུབ་རྒྱུ་དང་། འཛམ་གླིང་ཞི་བདེའི་ཐོག་ལེགས་སྐྱེས་འབུལ་ཐུབ་པའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

༸གོང་ས་མཆོག་གིས་གསུང་འཕྲིན་གྱི་ཐོག་མར་རྒྱལ་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་ཅིང་དབྱིན་ཡུལ་གྱི་མི་མང་རྣམས་བདེ་སྐྱིད་དང་ཡར་རྒྱས་ཀྱི་དཔལ་ལ་རོལ་བའི་ཐུགས་སྨོན་མཛད་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་དབྱིན་ཡུལ་གྱི་རྒྱལ་པོ་མཆོག་དང་ལོ་མང་རིང་གི་ཐུགས་ཉེ་མཛའ་བཤེས་བརྒྱུད། རྒྱལ་པོ་མཆོག་གིས་ཐུགས་འགན་བཞེས་རིང་ལ་གཞན་དོན་གྱི་ཐུགས་འགན་ཁག་བྱམས་བརྩེ་ལྡན་པའི་ཐོག་ནས་གནང་ངེས་ཡིན་པར་ངོས་རང་ཡིད་ཆེས་གཙང་མ་ཡོད་ཅེས་བཀའ་སྩལ་འདུག

༸གོང་ས་མཆོག་གིས་ད་དུང་དེང་གི་ཆར་རྒྱལ་སྤྱིའི་སྤྱི་ཚོགས་འདི་ཉིད་ཛ་དྲག་གི་དུས་སྐབས་ཤིག་གི་འོག་གནས་མུས་ཡིན་པར་བརྟེན། ང་ཚོས་འགྲོ་བ་མི་གཅིག་གྱུར་གྱི་འདུས་ཤེས་འཛིན་པའི་ཐོག་ནས་ང་ཚོའི་ཁྱིམ་གཞི་གོ་ལ་འདིའི་རང་འབྱུང་ཁམས་རྣམས་སྲུང་སྐྱོབ་བྱ་དགོས་གལ་དང་། དེ་བཞིན་ང་ཚོས་དབུལ་ཕྱུག་བར་གྱི་དཀའ་ངལ་དེ་དག་སེལ་སྟེ་སྔར་ལྷག་ཞི་བདེ་དང་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཆེད་འབད་བརྩོན་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

མགོན་པོ་༸གང་ཉིད་མཆོག་གིས་གཞན་ཡང་དབྱིན་ཡུལ་གྱི་རྒྱལ་པོ་མཆོག་གི་ཕྱག་ལས་རྣམས་འགེགས་མེད་ལྷུན་འགྲུབ་ཐོག་དབྱིན་ཡུལ་མི་མང་གི་མངོན་འདོད་ལྟར་གནང་ཐུབ་རྒྱུ་དང་། འཛམ་གླིང་ཞི་བདེའི་ཐོག་ལེགས་སྐྱེས་འབུལ་ཐུབ་པའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

རྩ་བའི་དབྱིན་ཇིའི་རྒྱལ་པོ་ Charles III མཆོག་དབྱིན་ཡུལ་གྱི་ Westminster Abbey ཞེས་པའི་རྒྱལ་རྒྱུད་མཆོད་ཁང་ནང་ལོ་ངོ་ ༡༠༠༠ ལྷག་སྔོན་གྱི་ཆོས་ཕྱོགས་ཀྱི་ལུགས་སྲོལ་ལྟར་ཁྲི་འདོན་གནང་གི་ཡོད་ཅིང་། རྒྱལ་པོ་ Charles ལྟ་བུ་ཆ་མཚོན་ན་ད་ལྟ་དགུང་ལོ་ ༧༤ ཡིན་པ་དང་ད་བར་དབྱིན་ཇིའི་རྒྱལ་པོར་ཁྲི་འདོན་མཛད་པ་དགུང་ལོ་བགྲས་ཤོས་དེ་ཆགས་ཀྱི་ཡོད་པ་དང་།  མཛད་སྒོའི་སྐབས་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་གནད་ཡོད་མི་སྣ་དང་སྐུ་ཚབ། དེ་བཞིན་རྒྱལ་པོའི་སྐུ་འཁོར་སོགས་ཁྱོན་མི་གྲངས་ ༤༠༠༠ ལྷག་ལྷན་བཅར་ཞུས་ཡོད་པ་རེད་འདུག

གཞི་རྩའི་སྔ་ལོའི་ཕྱི་ཟླ་ ༩ ཚེས་ ༨ ཉིན་གྱི་ཕྱི་དྲོར་དབྱིན་ཡུལ་གྱི་རྒྱལ་མོ་ Elizabeth གཉིས་པ་མཆོག་དགུང་གྲངས་ ༩༦ ཐོག་དགོངས་པ་རྫོགས་ཡོད་པ་དང་། དེ་ཚེས་ ༡༠ ཉིན་དབྱིན་ཡུལ་གྱི་རྒྱལ་རྒྱུད་ཕེབས་ལུགས་སྟར་རྒྱལ་མོ་དམ་པ་ཁོང་གི་སྲས་ Charles མཆོག་དབྱིན་ཇིའི་རྒྱལ་པོར་བསྐོ་གཞག་དང་སྦྲགས་ཕྱག་ལས་ཁག་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།

(Visited 138 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།