Tibetan Royal Year of 2151 | Year of the Wood Dragon

གར་སོང་ཆ་མེད་དུ་གྱུར་བའི་བོད་ཀྱི་གཞས་པ་བགེགས་འཇོམས་ལགས་གློད་བཀྲོལ་དགོས་པའི་ཞུ་སྐུལ།

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་ཉེན་རྟོག་པས་བོད་ཀྱི་ལོ་གསར་ཚེས་གསུམ་ཉིན་གསང་བའི་ཐོག་འཛིན་བཟུང་བཀག་ཉར་བྱས་པའི་བོད་ཀྱི་གཞས་པ་བགེགས་འཇོམས་ལགས་ཀྱི་གནས་སྟངས་ཐད་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེ་གསལ་བཏོན་དང་འབྲེལ། གཞས་པ་ཁོང་དྲང་བདེན་མིན་པའི་དོ་དམ་བཀག་ཉར་འོག་ལས་འཕྲལ་དུ་གློད་བཀྲོལ་དགོས་པའི་ཞུ་སྐུལ་གནང་འདུག

GegJom Arbitrary Detention

དེའང་ལྟེ་གནས་ཁང་གིས་དེ་རིང་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། བོད་མདོ་སྨད་ཁྱུང་མཆུ་རྫོང་གི་ཉེན་རྟོག་པས་སྤྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༢ བོད་ཀྱི་ལོ་གསར་ཚེས་པ་གསུམ་པའི་སྔ་དྲོར་བོད་ཀྱི་གཞས་པ་བགེགས་འཇོམས་ལགས་ཉེན་རྟོག་པའི་ལས་ཁུངས་སུ་འབྱོར་ཐོ་རྒྱག་དགོས་པའི་ཁ་པར་འབྱོར་ཏེ་ཆུ་ཚོད་འགའ་ཞིག་རྗེས་སུ་ཁོང་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་འདུག  བགེགས་འཇོམས་ལགས་ཀྱི་ནང་མི་ནས་ཉེན་རྟོག་ལས་ཁུངས་སུ་ཁོང་གི་གནས་བབ་སྐོར་བཀའ་འདྲི་ཞུས་ཆེད་བཅར་སྐབས། ཉེན་རྟོག་པས་ཁོང་དང་འབྲེལ་བའི་གནས་ཚུལ་གང་ཡང་མཁོ་སྤྲོད་མ་བྱས་པར་དེ་ལས་ཟློག་སྟེ། བགེགས་འཇོམས་ལགས་ཀྱིས་ལེན་པའི་གླུ་གཞས་དང་དེའི་རྒྱབ་ལྗོངས་ཐད་བློ་འཚབ་ཡོད་ཚུལ་དང་། ད་ཆ་ཁོང་ལ་ཉེན་རྟོག་པས་འདྲི་རྩད་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་པ་མ་ཟད།  ཁོང་གི་ནང་མིར་འཛིན་བཟུང་དེ་དང་འབྲེལ་བའི་གནས་ཚུལ་ཕྱིར་བསྒྲགས་བྱེད་ན་འགྲིག་གི་མེད་པའི་སྡིགས་ར་ཡང་སྐུལ་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་བོད་མི་བཀག་ཉར་བྱས་པ་རྣམས་ལ་རྒྱ་གཞུང་གིས་ཁྲིམས་ཐོག་གྱོད་ཞིབ་ཀྱི་ཐོབ་ཐང་གང་ཡང་མེད་པར་གསང་ཉར་གྱི་ས་ཁུལ་དུ་རྒྱུན་ལྡན་ཐོག་མི་སྤྱོད་ལས་འདས་པའི་མནར་གཅོད་སྡུག་སྦྱོང་བཏང་གི་ཡོད་སྟབས། བགེགས་འཇོམས་ལགས་གར་སོང་ཆ་མེད་དུ་གྱུར་བར་ཁོང་བདེ་ཐང་གྱི་གནས་ཚུལ་ཁྲོད་སེམས་འཚབ་ཆེན་པོ་ཡོད་པའི་འགྲེལ་བརྗོད་དང་། བགེགས་འཇོམས་ལགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་ཁོང་གི་བརྟན་ཆའི་དོན་དུ་ཁོང་ལ་མྱུར་དུ་རང་གི་ནང་མི་ཐུག་འཕྲད་ཀྱི་ཐོབ་ཐང་དགོས་པ་སོགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་བཀྲོལ་གཏོང་དགོས་པའི་ནན་སྐུལ་བྱས་འདུག

GegJom Arbitrary Detention

སྤྱིར་ཕྱི་ལོ་ ༢༠༢༤ བོད་ཀྱི་ལོ་གསར་ཉིན་གྱི་དགོང་མོར་བགེགས་འཇོམས་ལགས་ཀྱིས་གླུ་གཞས་པ་གཞན་དང་ལྷན་དུ་སྐྱོ་གླུ་མཆི་མ་དགུ་འཁྱིལ་ཞེས་པའི་གླུ་གཞས་ཤིག་སྙན་འབུལ་ཞུས་ཡོད་པ་དང་། གླུ་གཞས་དེའི་ནང་བོད་མི་སྤྱི་ཡོངས་ལ་ཁྱབ་པའི་རྒྱ་གཞུང་མངའ་འོག་གི་སྐྱིད་སྡུག་མཉམ་མྱོང་དང་། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་སྐྱོན་འཛུགས་སོགས་གནང་ཡོད་པ་རེད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། བོད་ནང་གི་བོད་མི་རྣམས་ལ་སྨྲ་བརྗོད་རང་དབང་དང་དེ་བཞིན་གཞུང་དང་ལྟ་སྤྱོད་མི་མཐུན་པའི་གནད་དོན་རྣམས་ལ་ཞི་རྒོལ་གནང་རྒྱུའི་ཁོར་ཡུག་ཙམ་ཡང་མེད་པ་དང་། གནས་སྟངས་དེ་འདྲའི་འོག་གཞས་ཀྱི་ལམ་ནས་ཞི་རྒོལ་གྱི་རྣམ་པ་སྟོན་མཁན་གྱི་གཞས་པ་རྣམས་ལ་རྒྱུན་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་དཀྲུག་མཁན་གྱི་ཉེས་དམིགས་འཛུགས་བཞིན་པའི་སྐྱོན་བརྗོད་གནང་འདུག

ལྟེ་གནས་ཁང་གིས་ད་དུང་ད་རེས་བགེགས་འཇོམས་ལགས་ཉེས་མེད་འཛིན་བཟུང་བྱས་པའི་གནས་ཚུལ་དེས་རྒྱ་གཞུང་འོག་གྲངས་ཉུང་མི་རིགས་ཐད་དྲག་གནོན་ཇི་ཙམ་བྱེད་ཀྱི་ཡོད་མེད་མངོན་གསལ་ཡིན་ལ། རྒྱ་ནག་གི་རྩ་ཁྲིམས་ནང་སྨྲ་བརྗོད་རང་དབང་གསལ་གྱི་ཡོད་ཀྱང་དོན་དུ་ཡུལ་དེའི་མང་ཚོགས་ལ་སྨྲ་བརྗོད་རང་དབང་རྩ་བ་ནས་མེད་པའི་ཁར། བགེགས་འཇོམས་ལགས་ཀྱི་གནད་དོན་བརྒྱུད་བོད་ནང་རྒྱ་གཞུང་ལ་དོན་དང་ལྡན་པའི་སྐྱོན་འཛུགས་བྱེད་མཁན་ཡོངས་ལ་དེ་ལྟ་བུ་བཙན་གནོན་མནར་གཅོད་ཇི་ཙམ་བཏང་གི་ཡོད་མེད་སྔར་ལྷག་གསལ་འདོན་བྱེད་ཀྱི་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།