Tibetan Royal Year of 2151 | Year of the Wood Dragon

གྲོས་ཚོགས་ཚོགས་ཐུབ་པར་རེ་བ་རྒྱག་བཞིན་ཡོད་ཅེས་གསུངས་པ།

Tibetan News Headlines

  • NED honors Sikyong Penpa Tsering and Tibet Action Institute with Democracy awards
  • Dalai Lama congratulates Mexico’s President-Elect Claudia Sheinbaum
  • US lawmakers to meet Dalai Lama on India trip next week
  • Tibetans protest Chinese premiere visit to New Zealand
  • US expands Russia sanctions, targeting entities in China
  • DIASPORA: Geshe Lobsang Gyaltsen, Former TCV Staff and Registrar of Dalai Lama College

རེས་གཟའ་པ་སངས། ༢༠༢༤།༠༦།༡༤

  • སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་ལ་ཨ་རིའི་མང་གཙོའི་གཟེངས་རྟགས་འབུལ་བཞེས་གནང་བ།
  • ༸གོང་ས་མཆོག་གིས་མེཀ་སི་ཀོའི་བདམས་ཐོན་སྲིད་འཛིན་མཆོག་ལ་འཚམས་འདྲི་མཛད་པ།
  • ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ།
  • རྒྱ་ནག་གི་སྲིད་བློན་ལ་ནིའུ་ཛི་ལེནྜ་བོད་མིས་ཞི་རྒོལ་དང་གྲོས་ཚོགས་འཐུས་མི་གཙོས་གསར་འགོད་པས་དྲི་རྩད།
  • ཨ་རིས་རྒྱ་ནག་དམིགས་འབེན་དུ་བཟུང་ནས་ཨུ་རུ་སུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ།
  • བཙན་བྱོལ་བོད་མིའི་གནས་སྟངས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་ཟུར་པ་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི།

བཞུགས་སྒར་དྷརྨ་སཱ་ལཱར་འཚོགས་བཞིན་པའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་ཉིན་ ༨ དེ་བཞིན་མུ་མཐུད་ནས་ཚོགས་མ་ཐུབ་པའི་གནས་སྟངས་འོག་ལྷག་སོང་བ་དང་། དེ་ནི་གྲོས་ཚོགས་ཀྱི་ལས་རིམ་བསྟུད་མར་ཚོགས་མ་ཐུབ་པའི་ལས་ཉིན་ལྔ་པ་དེ་ཆགས་ཡོད། 

རྩ་བའི་གྲོས་ཚོགས་ཀྱི་ལས་ཉིན་ ༡ ཐོག་སྤྱི་འཐུས་གང་ཟག་ཅིག་རྒྱའི་སོ་པ་དང་འབྲེལ་བ་ཡོད་མེད་ཀྱི་གནད་དོན་ཞིག་བྱུང་ཡོད་སྟབས་སྤྱི་འཐུས་ཁག་གཅིག་ནས་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་གནད་དོན་དེ་གཙང་བཟོ་མ་གནང་བར་དུ་གྲོས་ནང་ཆ་ཤས་བཞེས་ཀྱི་མིན་ཞེས་གྲོས་ཚོགས་ནས་ཕྱིར་ཕེབས་པར་བརྟེན་གྲོས་ཚོགས་ཀྱི་ལས་ཉིན་བཞི་པ་ནས་གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་བྱུང་ཡོད། 

དེ་རིང་སྔ་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་ལ་འདས་པའི་གྲོས་ཚོགས་ཚོགས་མ་ཐུབ་པའི་ལས་ཉིན་ཁྲོད་སྤྱི་འཐུས་གང་ཟག་ཅིག་རྒྱའི་སོ་པ་དང་འབྲེལ་བ་ཡོད་མེད་ཀྱི་གནད་དོན་དང་འབྲེལ་ཏེ་འབྲེལ་ཡོད་ཚོ་དང་ཚོགས་གཙོ་སྦྲེལ་པོ་མཆོག་དབར་ལ་བཀའ་བསྡུར་གང་ཞིག་གནང་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་གནད་དོན་དེ་ཉིད་རྒྱལ་ཁབ་ཅིག་གི་བདེ་འཇགས་དང་འབྲེལ་བ་ཡོད་སྟབས་བརྒྱུད་ལམ་མང་དག་ཅིག་གི་ཐོག་ནས་གནང་དགོས་པར་འགྲེལ་བརྗོད་དང་སྦྲགས། ད་ལྟའི་ཆར་ཚོགས་གཙོ་སྦྲེལ་པོ་མཆོག་ལ་གནད་དོན་དེའི་ཐོག་གསལ་ཆ་གང་ཡང་བྱུང་མ་སོང་ཞེས་གསུངས་སོང་།   

གྲོས་ཚོགས་ཀྱིས་གཏན་འབེབས་ལས་རིམ་ལྟར་སང་ཉིན་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མ་དེ་ཆགས་ཀྱི་ཡོད་སྟབས་དེ་རིང་གྲོས་ཚོགས་ཚོགས་ཐུབ་པར་ཐུགས་རེ་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་སྐབས་གྲོས་ཚོགས་ཚོགས་ཐུབ་པར་རེ་བ་རྒྱག་བཞིན་ཡོད་ཀྱང་རེ་བ་ལྟར་དོན་སྨིན་སོན་པ་ཞིག་ནམ་ཡོང་མིན་དཀའ་སྐོར་ཡིན་པ་སོགས་གསུངས་ཡོད།

རྩ་བའི་དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་གྲོས་ཚོགས་ཀྱི་ལས་ཉིན་དང་པོ་ནས་ཁྲིམས་ཞིབ་པ་བསྐོ་གཞག་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་རེ་འབོད་ཀྱི་ལས་འགུལ་སྤེལ་མཁན་ཚོ་དང་ཐུག་འཕྲད་གནང་སྟེ་གྲོས་ཚོགས་ཐོག་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་ལས་དོན་བསྣམ་མེད་པའི་གསལ་བཤད་དང་སྦྲགས་ལས་འགུལ་བ་རྣམས་ད་དུང་མུ་མཐུད་བཞུགས་ཚེ་དགེ་མཚན་གང་ཡང་མེད་སྟབས་འཚོ་བའི་རྗེས་སུ་མ་འབྲང་པར་རྒྱུ་མཚན་དང་རྣམ་དཔྱོད་ལྡན་པའི་ཐག་གཅོད་ཐོག་ཕེབས་པའི་ཐུགས་རེ་ཡོད་པར་གསུངས་ཡོད།   

འབྲེལ་ཡོད་གསར་གནས།

གསར་གནས།