Tibetan Royal Year of 2151 | Year of the Wood Dragon

གྲོས་ཚོགས་ཚོགས་དུས་བཅུ་པ་མཇུག་སྒྲིལ་དང་འབྲེལ་ནས་གྲོས་ཚོགས་འཕར་མ་འཚོགས་རྒྱུ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་མཇུག་སྒྲིལ་དང་སྦྲགས་ཏེ་རིང་མིན་ཕྱི་ཟླ་ ༥ ནང་གྲོས་ཚོགས་འཕར་མ་ཞིག་འཚོགས་རྒྱུ་ཡིན་པ་གསུངས་ཡོད།
ཐེངས་འདིའི་གྲོས་ཚོགས་ཀྱི་ཐོག་མའི་ལས་རིམ་ལ་གཞིགས་ན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་འདི་བཞིན་ཟླ་བ་འདིའི་ཚེས་ ༡༥ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༣༡ བརཁྱོན་ཉིན་གྲངས་བཅུ་ལྔ་རིང་འཚོགས་གཏན་འཁེལ་ཡོད་ཀྱང་། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ལས་རིམ་ཡོངས་རྫོགས་ལེགས་གྲུབ་ཀྱིས་མཇུག་སྒྲིལ་གནང་སོང་། དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་བའི་ནང་འདས་ལོའི་ཕྱི་ཟླ་ ༩ ནང་འཚོགས་རྒྱུའི་གྲོས་ཚོགས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་བཞིན་ཏོག་དབྱིབས་གཉན་རིམས་རྐྱེན་པས་འཚོགས་མ་ཐུབ་སྟབས་བཅའ་ཁྲིམས་དོན་ཚན་ ༦ དང་ ༤༩ པའི་ནང་གསེས་ ༢ པ་གཞིར་བཟུང་འཕར་འགྱངས་གནང་བ་ཞིག་ཡིན་པར་གསལ་བཤད་བསྐྱར་ནན་གནང་བ་དང་དེ་བཞིན་ཐེངས་འདིའི་གྲོས་ཚོགས་ཐོག་སྤྱི་མང་གཏུག་བཤེར་དང་འབྲེལ་བའི་དོན་ཆན་ ༦༩ པའི་ཏ་པ་ཐོག་ལའང་བགྲོ་གླེང་མང་དག་ཅིག་བྱུང་བར་བརྟེན་ཆེས་མཐོའི་ཁྲིམས་ཁྲིམས་ཞིབ་ཁང་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་གསུམ་ཆ་གཉིས་ཡན་གྱི་ཐུགས་ཚོར་ཇི་ཡོད་མཁྱེན་པ་གནང་དགོས་གལ་སྐོར་གསུངས་ཡོད། དེ་བཞིན་སྤྱི་འཐུས་ཚོགས་གཙོས་ད་རེས་ཀྱི་གྲོས་ཚོགས་ཐོག་ཁོང་སྐུ་སྒེར་ལ་ཚོར་སྣང་ཇི་བྱུང་སྐོར་གསུངས་སྐབས་གཞི་རྩའི་ཆ་ནས་གྲོས་ཚོགས་ཀྱིས་མང་ཚོགས་སྣེ་ཁྲིད་ནས་ཕེབས་དགོས་པ་ཞིག་ཆགས་ཀྱི་ཡོད་ཀྱང་། ང་ཚོའི་གྲོས་ཚོགས་འདི་སྤྱི་ཚོགས་དྲྭ་ལམ་ཁག་གིས་སྣེ་ཁྲིད་པ་ལྟ་བུའི་ཚོར་སྣང་བྱུང་སོང་ཞེས་དང་ལྷག་དོན་སྤྱི་ཚོགས་དཀྲུག་མཁན་དེ་དག་གི་རྗེས་སུ་འབྲང་ནས་གནས་ཚུལ་མང་དག་ཅིག་གྲོས་ཚོགས་འདིའི་ནང་གླེང་གནང་གི་་ཡོད་སྟབས། མ་འོངས་པར་དེའི་རིགས་མི་ཡོང་བར་གཞེན་སྐུལ་གནང་ཡོད། ལྷག་པར་དུ་སྤྱི་འཐུས་ཚོགས་གཙོས་ད་ལན་གྱི་གྲོས་ཚོགས་འདིའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་དེ་སྔ་ཕྱི་ཟླ་ ༩ པ་ནང་འཚོགས་གཏན་ཁེལ་བའི་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་འཕར་འགྱངས་གནང་བ་དང་འབྲེལ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་གི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་འཕོ་འགྱུར་བཏང་བའི་གནས་སྟངས་ཆགས་ཡོད་པ་དང་གནད་དོན་དེ་འབྲེལ་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་ཕྱིན་ཡོད་སྟབས། དེ་འབྲེལ་གྱི་འཕྲོ་སྐྱོང་ལས་དོན་ཞིག་གི་ཆེད་རིང་མིན་ཕྱི་ཟླ་ ༥ པ་ནང་གྲོས་ཚོགས་འཕར་མ་འཚོགས་རྒྱུའི་དགོངས་པ་ཡོད་སྐོར་གསུངས་ཡོད། གཞི་རྩའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་མྱ་ངན་རྗེས་དྲན་གྲོས་ཆོད་གྲོས་འཆར་ ༡༨ དང་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ ༡ སྤྱི་འཐུས་སྒེར་གྱི་གྲོས་འཆར་ ༡ གྲོས་འཆར་ ༣ དང་བཀའ་ཤག་གི་གསལ་བཤད་ ༡ དཔལ་འབྱོར་ལས་རིམ་ ༤ དྲི་བ་དྲིས་ལན་ ༡ དེ་བཞིན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་ ༡ དང་གཞུང་འབྲེལ་གྲོས་ཆོད་ ༤ གཞན་ཡང་སྤྱི་འཐུས་སྒེར་གྱི་གསལ་བཤད་ ༡ བཅས་བྱུང་ཡོད། ད་ཆ་ལོ་གཅིག་ཙམ་གྱི་རྗེས་དུ་ཚོགས་པའི་གྲོས་ཚོགས་ཀྱི་ཚོགས་དུས་འདི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་མཐའ་མ་དེ་ཆགས་ཀྱི་ཡོད་དང་གྲོས་ཚོགས་འདིའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གནང་བ་དེ་བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་ཆེས་ཐོག་མ་ཆགས་ཀྱི་ཡོད་སྟབས། གྲོས་ཚོགས་འདིར་མང་ཚོགས་ནས་དོ་སྣང་ཆེན་པོ་དང་གནད་དོན་དེ་དང་འབྲེལ་བའི་ཐོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་བརྗོད་རྙིང་པ་ཁག་ཅིག་ལ་བསྐྱར་བཅོས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།