Tibetan Royal Year of 2150 | Year of the Water Rabbit

གྷལ་ཝན་གདོང་ཐུག་ཁྲོད་ཚེ་སྲོག་ཤོར་བ་རྣམས་ཀྱི་རྗེས་དྲན་སླད་སྟོན་པའི་སྣང་བརྙན་གསར་བཞེངས།

Tibetan News Headlines

  • གཞས་པ་བསྟན་འཛིན་རབ་རྒྱས་ལགས་ཀྱི་ངོ་སྤྲོད།
  • མདུན་ལམ་སློབ་སྟོན་པ་གཉིས་ལ་བཅར་འདྲི་ཞུས་པའི་ཆེད་སྒྲིག་གི་ལས་རིམ།

Saturday 23/09/2023

  • Artist in Focus: Interview with Tenzin Rabgyal, ‘Tenzin La’ singer and songwriter.
  • Tibetan school counselors on skills for adolescents

རྒྱ་གར་བྱང་ཕྱོགས་ཨུཏྟར་ཁན་ཌ་མངའ་སྡེའི་རྒྱལ་ས་རྡེ་ར་ལྡུན་གྲོང་ཁྱེར་ཁུལ་དུ་རྟེན་གཞི་བྱས་པའི་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་གྱི་ཉེ་འགྲམ་དུ་ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་གྷལ་ཝན་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་དམག་དབར་གདོང་ཐུག་བྱུང་བའི་ཁྲོད་ཚེ་སྲོག་ཤོར་བའི་རྒྱ་གར་གྱི་དམག་མི་རྣམས་ལ་རྗེས་དྲན་དང་འཛམ་གླིང་བཞི་བདེའི་སླད་ཕི་ཊི་བཅུ་ཅན་གྱི་སྟོན་པའི་སྣང་བརྙན་ཞིག་གསར་བཞེངས་གནང་འདུགརྡེ་ར་ལྡུན་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Doon  Buddhish Committee འམ་ལྡུན་ནང་པའི་ཚོགས་པའི་གོ་སྒྲིག་འོག་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྣང་བརྙན་རྒྱུ་རྡོ་རིགས་ལས་གྲུབ་པའི་སྐུ་ཚད་ཕི་ཊི་བཅུ་ཅན་བཞེངས་སྟབས་སུ་བཞུགས་པ་ངོ་མཚར་ཅན་ཞིག་གསར་བཞེས་གནང་ཡོད་པ་དང་། ཉེ་ཆར་ཚེས་ ༨ ཉིན་ UttraKhand མངའ་སྡེ་དབུ་བརྙེས་པའི་ཉིན་མོ་དང་བསྟུན་སངས་རྒྱས་ཀྱི་སྣང་བརྙན་དབུ་འབྱེད་ཀྱི་མཛད་སྒོ་གཟབ་རྒྱས་ངང་ཚོགས་འདུགརྡེ་ར་ལྡུན་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Sunil Uniyal Gama ལགས་ཀྱིས་གཙོས་པའི་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་གཅིག་དང་རྡེ་ར་ལྡུན་ས་གནས་འགོ་འཛིན་གཙོས་ཁུལ་དེའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་འདུགབོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་སྩལ་འདུག་པའི་ནང་། ནང་པའི་ལྷན་ཚོགས་ཀྱི་ཕྱག་ལས་ལ་ལེགས་སོ་བསྔགས་བརྗོད་མཛད་པ་དང་སླད་ཀྱང་ཆོས་ལ་ཤེས་ནས་དད་པ་ཐོབ་དགོས་པས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་བགྲོ་གླེང། སྤྱི་ཚོགས་ཕན་བདེའི་བྱ་གཞག་རྒྱུན་འཁྱོངས་བཅས་བྱེད་གལ་ཡིད་འཇགས་དགོས་ཞེས་དང་། ལྷག་དོན་མཐོང་ཐོས་དྲན་རེག་གི་སྐྱེ་བོའི་རྒྱུད་ལ་ཐར་པའི་ས་བོན་ཐེབས་པའི་ཐུགས་སྨོན་མཛད་འདུགདེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ཀྱང་ལེགས་སོའི་ཕྱག་བྲིས་གནང་ཡོད་པ་ལྟར་སྒྲོག་སྦྱང་གནང་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།