Tibetan Royal Year of 2151 | Year of the Wood Dragon

དེ་སྔ་དམ་འབུལ་ཕུལ་ཟིན་པའི་ལངས་ཕྱོགས་དང་ཐག་གཅོད་ལ་འགྱུར་བ་གཏན་ནས་མེད།

Tibetan News Headlines

  • New report highlights risks to Tibet and Asia of rampant construction
  • China announces sanctions on U.S. defence firms
  • US lawmakers request Chinese doping Investigation ahead of Paris Olympics
  • CTA hosts exhibition on biography of self manifested Jowo Wati Sangpo
  • Introduction to Saga Dawa

རེས་གཟའ་ཕུར་བུ། ༢༠༢༤།༠༥།༢༣

  • རྒྱ་གཞུང་གི་ཆུ་མཛོད་ལས་གཞི་བོད་ཙམ་མ་ཟད་ཨེ་ཤེ་ཡ་སྤྱིའི་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་པ་མངོན་གསལ།
  • རྒྱ་གཞུང་གིས་སླར་ཡང་ཨ་རིའི་ཚོང་ལས་ཁང་དང་གཙོ་འཛིན་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་འདུག
  • ཡོང་རྒྱུའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ནང་རྒྱ་ནག་གིས་རྩེད་འགྲན་པར་རྟོག་ཞིབ་བྱ་དགོས་པ་གསུངས་འདུག
  • རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་སྐོར་དུས་ཐུང་འགྲེམས་སྟོན་དབུ་འབྱེད།
  • ས་ག་ཟླ་བའི་དུ་ཆེན་ངོ་སྤྲོད།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བདམས་ཐོན་བྱུང་བའི་འཐུས་མི་རྣམ་པ་སྡིངས་ཆ་གཅིག་གི་ཐོག་ཏུ་བབས་ཏེ་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ལས་རིམ་གཙོས་གྲོས་ཚོགས་ཀྱི་ལས་དོན་ཁག་སྔར་རྒྱུན་བཞིན་གནང་མ་ཐུབ་པའི་དཀའ་རྙོག་དེ་དེ་མུར་ལྷག་སྟེ་ཟླ་བ་གསུམ་ལ་ཉེ་བའི་མཚམས་འདིར་ཆོས་བརྒྱུད་དང་མདོ་སྟོད་ཆོལ་ཁའི་བདམས་ཐོན་སྤྱི་འཐུས་ ༢༠ ཐུན་མོང་གིས་དོན་ཚན་བརྒྱད་ཅན་གྱི་གསལ་བཤད་ལན་འདེབས་ཤིག་ཡོངས་གྲགས་བྱས་པར་ད་ལྟའི་ཆར་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་ཁྲིམས་མཐུན་དམ་འབུལ་ཞུ་ཡུལ་ཞིག་མེད་པར་གྱུར་ཟིན་ཡོད་སྟབས་དེ་སྔ་དམ་འབུལ་ཕུལ་ཟིན་པའི་ལངས་ཕྱོགས་དང་ཐག་གཅོད་ལ་འགྱུར་བ་གཏན་ནས་མེད་ཅེས་བརྗོད་འདུག

ཟླ་བ་འདིའི་ཕྱི་ཚེས་ ༤ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་བཞིསས་སྐབས་ ༡༧ པའི་བོད་མི་མང་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་གྱི་དཀའ་ངལ་སེལ་ཐབས་སུ་འབྲེལ་ཡོད་ཡོངས་ལ་རེ་སྐུལ་དོན་ཚན་གསུམ་ཅན་གྱི་ཞུ་སྐུལ་ལས་འགུལ་ཞིག་སྤེལ་ཡོད་པ་དང་། རེ་སྐུལ་དེར་ཕྱི་ཚེས་ ༡༡ ཉིན་དེ་སྔ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུ་མཁན་ཁོངས་སུ་ཡོད་པ་དབུས་གཙང་དང་མདོ་སྨད་བདམས་ཐོན་སྤྱི་འཐུས་ ༡༩ ཐུན་མོང་གིས་ཤོག་གྲངས་ལྔ་ཅན་གྱི་གསལ་བཤད་དང་སྦྲགས་ཏེ་ཚོགས་ཁག་བཞི་ལ་ཁྲིམས་སྒྲིག་ལྟར་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཚུགས་ཐབས་ཡོད་ཚེ་མཉམ་ཞུགས་གནང་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ཅེས་གསུངས་ཡོད་པ་རེད།

གནད་དོན་དེ་དག་ལས་འཕྲོས་ཏེ་ཉེ་ཆར་ཕྱི་ཚེས་ ༢༤ ཉིན་དེ་སྔ་༸གོང་ས་མཆོག་གི་༸སྐུ་པར་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་དམ་འབུལ་ཞུས་པའི་ཁོངས་སུ་ཡོད་པ་ཆོས་བརྒྱུད་དང་མདོ་སྟོད་ཆོལ་ཁའི་བདམས་ཐོན་སྤྱི་འཐུས་ ༢༠ ཐུན་མོང་གིས་དོན་ཚན་བརྒྱད་ཅན་གྱི་གསལ་བཤད་ལན་འདེབས་ཞིག་སྤེལ་འདུག་པ་དང་དེའི་ནང་དུ་རྐང་དེ་སྔ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་གཞིར་བཟུང་དམ་འབུལ་ཞུ་མཁན་གྱི་བདམས་ཐོན་སྤྱི་འཐུས་ ༡༩ ཐུན་མོང་གིས་ཚོགས་ཁག་བཞིར་ཕུལ་བའི་གསལ་བཤད་ཀྱི་དོན་ཚན་ཁག་ལ་ལན་འདེབས་ཤིག་ཆགས་ཀྱི་འདུག་པ་དང་། དེའང་ད་ལྟ་འཕྲད་བཞིན་པའི་དཀའ་རྙོག་གི་འབྱུང་རྩ་ངོ་མ་ནི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པས་འཛམ་གླིང་སྤྱི་ཡོངས་སུ་འཕྲད་བཞིན་པའི་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་དང་། གནས་ཡུལ་གཞུང་གི་བཀའ་རྒྱ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༩ པའི་ནང་གསེས་ ༢ པ་བཅས་གང་ལའང་ལྟོས་མེད་བྱས་པ་མ་ཟད། བཅའ་ཁྲིམས་དོན་ཚན་ ༤༦ དང་ ༥༨ གཉིས་བརྩི་མེད་རྡོག་རོལ་གྱིས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༡ ཉིན་བྱ་རིམ་ཚད་ལྡན་གང་ཡང་མ་བརྒྱུད་པར་ཚོགས་གཙོ་ཚོགས་གཞོན་གྱིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམས་ལ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པ་དང་། དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་རྒྱབ་སྐྱོར་གྱིས་བཅའ་ཁྲིམས་དོན་ཚན་༦༣ པའི་ནང་གསེས་ ༤ པའི་དགོངས་དོན་བཞིན་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་རྣམས་སྔར་གྱི་ལས་གནས་སུ་ཧམ་འཛུལ་ཐུབ་ཆེད། སྐབས་ ༡༦ པའི་གྲོས་ཚོགས་འཕར་མ་འཚོགས་རྒྱུར་ཕྱི་ནང་གང་ས་ནས་འགལ་རྐྱེན་སྣ་ཚོགས་བཟོས་ཏེ་ཆེད་དུ་ཚོགས་མ་བཅུག་པར་བརྟེན་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་བཞིན་སྤྱི་འཐུས་ཀྱི་ཁྲིམས་མཐུན་དམ་འབུལ་ཞུ་ཡུལ་གཏན་ནས་མེད་པར་ཆེད་བཟོས་བྱས་ཡོད་པ་གསལ་འདུགདེ་བཞིན་བཅའ་ཁྲིམས་དོན་ཚན་ ༤༧ པའི་ནང་ལ་གྲོས་ཚོགས་ཀྱིས་ཕྱིར་ཕུད་བྱས་ཟིན་པའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པའི་ས་ནས་བར་བརྒལ་ཚོགས་གཙོས་དམ་འབུལ་ཞུ་དགོས་པ་ཞིག་དངོས་ཤུགས་བརྒྱུད་གསུམ་གང་དུའང་གསལ་མེད་སྟབས་ད་ཆ་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་བཞིན་དམ་འབུལ་ཞུ་ཡུལ་ཁྲིམས་མཐུན་གྱི་ཁྲིམས་ཞིབ་པ་ཆེ་བ་ཞིག་གཏན་ནས་མེད་པ་དང་། བདམས་ཐོན་སྤྱི་འཐུས་ ༢༢ ནས་བཅའ་ཁྲིམས་དོན་ཚན་དང་པོའི་དགོང་དོན་བཞིན་༸གོང་ས་མཆོག་གི་སྐུ་པར་དང་། བཙན་བྱོ ལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་དམ་འབུལ་ཞུས་པ་ནི། བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་མེད་པ་སོགས་དམ་འབུལ་གྱི་བྱུང་རིམ་དང་འབྲེལ་བའི་གསལ་བཤད་ཁག་ཅིག་བྱས་འདུག་པ་མ་ཟད། འོས་བསྡུའི་འགན་འཛིན་མཆོག་གིས་བཅའ་སྒྲིག་ནང་འགན་དབང་གང་ཡང་བསྐུར་མེད་པ་སྤྱི་འཐུས་ཀྱི་དམ་འབུལ་ལ་རྩད་གཅོད་བྱེད་ཁུལ་དང་བཅའ་ཁྲིམས་དོན་ཚན་ ༤༩ དགོངས་དོན་མ་བྱུང་ཚུལ་གྱི་ཟློས་གར་ལྟ་བུའི་འཁྲབ་སྟོན་ནི་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་ཡིན་ཟེར་མཁན་སོགས་ཕྱོགས་གཅིག་ཁོ་ནའི་དབང་ཤུགས་འོག་ནས་བྱས་པ་ཞིག་ཡིན་པ་སོགས་བརྗོད་འདུགགསལ་བཤད་ལན་འདེབས་དེའི་ནང་དུ་བཅའ་ཁྲིམས་དོན་ཚན་ ༥༤ དང་ ༥ པའི་ཚོག་དོན་གསལ་བཤད་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པས་ལས་གནས་བསྐྱར་གསོ་གནང་པ་དེ་ཡིས་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་མང་དག་ཅིག་བྱུང་ཡོད་པ་དང་། བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་ཚང་མར་ཁྲིམས་མཐུན་གྱི་གནས་བབ་མེད་པ་བཟོས་པ། དེ་བཞིན་བཅའ་ཁྲིམས་ཀྱི་རིན་ཐང་རྩ་བརླག་ཏུ་བཏང་བ་སོགས་བྱུང་ཡོད་པར་བཀོད་འདུག

ལྷག་པར་དུ་མཇུག་སྡོམ་གྱི་དོན་ཚན་ནང་ལ་ད་ལྟའི་ཆར་མང་གཙོའི་ཀ་བ་གསུམ་ཚང་མར་ཁྲིམས་མཐུན་གྱི་གནས་བབ་མེད་པ་དང་། བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་བཞིན་གྲོས་ཚོགས་ཀྱི་ཚོགས་བརྡ་གཏོང་མཁན་མེད་པར་གྱུར་ཟིན་པ་དེ་དག་ནི་སྐབས་༡༦ པའི་གྲོས་ཚོགས་འཕར་མ་ཆེད་དུ་འཚོགས་མ་བཅུག་པ་ལ་བརྟེན་ནས་བྱུང་ཡོད་པར་འགྲེལ་བརྗོད་དང་སྦྲགས་མ་འོངས་པར་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་ག་འདྲ་ཞིག་བྱུང་ཡང་དེའི་འགན་ཡོངས་རྫོགས། གཞན་གྱིས་ལག་ཆ་ལྟ་བུར་བེད་སྤྱོད་བཏང་བའི་ཁྲིམས་ཞིབ་པ་ཟུར་པ་གསུམ་དང་། སྐབས་ ༡༦ པའི་གྲོས་ཚོགས་འཕར་མ་འཚོགས་མི་འཇུག་མཁན་གྱི་སྤྱི་འཐུས་རྣམ་པ། འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བརྒྱུད་ནས་དམ་འབུལ་བྱེ ད་མཁན་འདེམས་ཐོན་སྤྱི་འཐུས་ ༢༡ དང་། བར་བརྒལ་ཚོགས་གཙོའི་མིང་ཁུར་བ་བཅས་ལ་ཡོད་ཅེས་གསུངས་པ་དང་ཆབ་ཅིག ད་ལྟའི་ཆར་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་ཁྲིམས་མཐུན་དམ་འབུལ་ཞུ་ཡུལ་ཞིག་མེད་པར་གྱུར་ཟིན་པས། དེ་སྔ་དམ་འབུལ་ཕུལ་ཟིན་པའི་ལངས་ཕྱོགས་དང་ཐག་གཅོད་ལ་འགྱུར་བ་གཏན་ནས་མེད་ཅེས་གསུངས་འདུགལར་ནས་ཆོས་བརྒྱུད་དང་མདོ་སྟོད་ཆོལ་ཁའི་བདམས་ཐོན་སྤྱི་འཐུས་མཐུན་མོང་གིས་ཡང་དག་པའི་མང་གཙོ་བརྩི་མེད་རྡོག་རོལ་བཏང་ནས་གང་ཟག་གི་དབང་སྒྱུར་འོག་འགྲོ་རྒྱུ་མ་ཡིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སླར་གསོ་ཡོང་ཆེད་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱ་རྒྱུ་སོགས་གལ་ཆེའི་ལས་དོན་ཁག་གི་ཐོག་གོང་གསལ་ལངས་ཕྱོགས་གཞིར་བཟུང་མཉམ་ཞུགས་བྱ་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་ཅེས་བཀོད་འདུག

གཞི་རྩའི་ཕྱི་ཟླ་ ༦ ཕྱི་ཚེས་ ༨ ཉིན་ནས་ད་བར་དེ་མུར་ལྷག་པའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་གྱི་གནད་དོན་རྐྱེན་པས་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་བསྐོ་བཞག་གནང་རྒྱུ་གཙོས་པའི་གྲོས་ཚོགས་ཀྱི་ལས་དོན་རྣམས་གནང་མ་ཐུབ་པར་ལྷག་ཡོད་པ་དང་། གནད་དོན་འདིའི་ཐད་བོད་མི་མང་ཚོགས་ཙམ་མ་ཟད་ཨ་རི་གཞུང་གིས་གཙོས་པའི་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་མཁན་གྱི་གནད་ཡོད་མི་ཚོས་ཀྱང་སེམས་ཚོར་ཆེན་པོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བདམས་ཐོན་བྱུང་བའི་འཐུས་མི་རྣམས་ནས་འགལ་ཟླ་ཁག་ཟུར་དུ་བཞག་ཏེ་མཉམ་རུབ་ཐོག་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་མཁན་ཡང་བྱུང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།