Tibetan Royal Year of 2150 | Year of the Water Rabbit

ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་ཏེ་ཉིན་གྲངས་གཉིས་ཀྱི་བཀའ་ཆོས་མཇུག་སྒྲིལ།

Tibetan News Headlines

  • རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཆེད་གནོད་ཤུགས་སྤྲོད་དགོས།
  • ཨ་རིས་རྒྱ་ནག་གིས་བརྡ་འཕྲིན་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པར་ཉེན་བརྡ།
  • བོད་མིའི་མདུན་ལམ་སློབ་གཉེར་ཁང་གིས་ལྷོ་ཕྱོགས་གཞིས་མིར་གོ་རྟོགས་ལས་གཞི་སྤེལ་བ།
  • བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དེ་བྱུང་སྐོར་མཁན་པོ་འཇིགས་མེད་བློ་གྲོས་ལགས་སུ་བཅར་འདྲི།

Friday 29/09/2023

  • UN Human Rights Council told: ‘End repression in Tibet; reject China’s membership bid’
  • China uses ‘deceptive ’methods to sow disinformation, US says
  • CTA carries out a career awareness program in South India
  • History of Khamgar Druk Shedra/College

དེ་རིང་ཟླ་ ༩ ཚེས་  ༦ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་སྐུལ་བ་པོ་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་གཙོ་གྱུར་ཕྱི་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བར་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་འདས་ལོའི་འཕྲོ་སྐྱོང་མཛད་པ་དང་སྦྲགས་ཏེ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་སོང་།

མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་ཉིན་མཐའ་མའི་ཆོས་འབྲེལ་ཐོག་༸གོང་ས་མཆོག་གིས་སྟོན་པའི་ཞབས་འདེགས་བསམ་པ་རྣམ་དག་གིས་སྒྲུབ་པ་ཡོད་པ་དང་། མགོན་པོ་མཆོག་དགུང་གྲངས་བརྒྱ་དང་བཅུ་གྲངས་༸སྐུ་བཞུགས་མཛད་ཐུབ་པའི་གཟིམ་ལམ་ཧ་ཅང་གསལ་པོ་བྱུང་སྟབས། ད་དུང་དགུང་གྲངས་བཅུ་བཅོ་ལྔའི་རིང་སྟོན་པའི་ཞབས་འདེགས་ཧུར་ཐག་མཛད་ཀྱི་ཡིན་ཅེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་པ་དང་ཆབས་ཅིག ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་ཧུར་ཐག་གནང་ཚེ་ད་དུང་འབྱུང་འགྱུར་ཡང་ལོ་བཅུ་ཕྲག་ཁ་ཤས་ལ་སྟོན་པའི་ཞབས་འདེགས་སྒྲུབ་ཐུབ་པར་འཕེན་པ་གཏོང་གི་ཡོད་པར་བརྟེན་ཁྱོད་རང་ཚོས་ཀྱང་སྨོན་ལམ་སྐྱོན་ཤོག་ཅེས་བཀའ་སྩལ་སོང་།

དེ་བཞིན་༸གོང་ས་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སྐོར་སོགས་ལ་བཀའ་སློབ་སྩལ་བ་དང་འབྲེལ་ནས་ང་རང་ཚོ་ཐོག་མར་ཨ་མས་བྱམས་བརྩེའི་ཐོག་ནས་བསྐྱངས་ཏེ་འཚར་ལོངས་བྱུང་དོན་ལྟར་ཆེ་རུ་སོང་སྐབས་སུའང་བྱམས་བརྩེ་ལྡན་པའི་གྲོགས་པོས་མཐར་སྐོར་ནས་ཡོད་པ་ཞིག་བྱེད་དགོས་གལ་ཡིན་པར་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་ཡོད།

དེ་རིང་སེམས་བསྐྱེད་བཞི་པ་ཡོངས་རྫོགས་ཀྱི་བཤད་ལུང་བཀའ་དྲིན་སྩལ་རྗེས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཏེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་པོ་ཉམས་ལེན་གནང་གནད་ཆགས་ཡོད་པར་བཀའ་སྩལ་ཡོད།

ཐེངས་འདིའི་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བར་ཆོས་འབྲེལ་གྱི་གནང་སྒོ་ཡོངས་རྫོགས་ལེགས་པར་གྲུབ་པའི་རྗེས་སུ་བཀའ་ཆོས་གོ་སྒྲིགས་ཚོགས་ཆུང་གིས་བཀའ་དྲིན་གཏང་རག་གི་མཎྜལ་ཕུལ་སོང་བ་དང་། ཐེངས་འདིའི་བཀའ་ཆོས་ལ་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བའི་ཞལ་གྲངས་ ༦༠༠ བརྒལ་བ་ཕེབས་ཡོད་པ་རྣམས་དང་ལྷན་དུ་སྐུ་པར་སྒྲོན་ཡོད།

མཛད་འཆར་ཐུགས་གཏན་ཁེལ་བར་གཞིགས་ན།  ཕྱི་ཟླ་ ༡༠ ཚེས་ ༢ ནས་ཚེས་ ༤ བར་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་དང་། བློ་སྦྱོང་དོན་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཐུགས་གཏན་ཁེལ་ཡོད་པ་རེད། ༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།