Tibetan Royal Year of 2151 | Year of the Wood Dragon

དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།

Tibetan News Headlines

  • North America Tibetans to offer ‘Tenshug’ to the Dalai Lama
  • Tibetans in Canada celebrate Resolve Tibet Act and Canadian parliament motion for Tibet’s self determination
  • Dalai Lama extends congratulations to Ms. Roberta Metsola and Ms. Ursula von der Leyen on EU leadership continuation
  • EU-China ties looking rocky after re-election of Ursula von der Leyen

རེས་གཟའ་ཟླ་བ། ༢༠༢༤།༠༧།༢༢

  • ༸གོང་ས་མཆོག་ལ་བྱང་ཨ་རིའི་བོད་མི་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཞལ་བཞེས་ཐོབ་འདུག
  • ཨ་རིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དང་ཁེ་ན་ཌས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་བར་དགའ་སྟོན།
  • ༸གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་དང་ལྷན་ཚོགས་ཀྱི་ཚོགས་གཙོར་འཚམས་འདྲི་མཛད་འདུག
  • ལྕམ་ Ursula ལགས་ཀྱི་འཛིན་སྐྱོང་འོག་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཁག་ཏུ་འགྲོ་རྒྱུའི་ཚོད་དཔག

དེ་རིང་ནི་དེ་སྔ་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་མོར། ༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དབུས་པའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་གཞུང་གིས་བཙན་འཁྲིད་འོག གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༢༩ ཧྲིལ་པོ་འཁོར་བའི་དུས་ཚིགས་ཡིན་པ་དང་བསྟུན། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་དྷ་ས་ས་གནས་བུད་མེད་ལྷན་ཚོགས་གཉིས་ནས་དགོས་འདུན་དོན་ཚན་བཞི་ཆེད་བཏོན་གྱིས། བཞུགས་སྒར་མེག་གྷན་ཁྲོམ་གཞུང་ནས་རྡ་ཤོད་ Kacheri བར་ཞི་བའི་གོམ་བགྲོད་གནང་སོང་།

དེ་ཡང་དེ་རིང་དབུས་བོད་ཀྱི་བེུད་ལྷན་ཚོགས་དང་དྷ་ས་ས་གནས་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེའི་ཐོག ༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་གནས་སྟངས་དང་། ཁོང་ད་ཆ་གང་དུ་བཞུགས་ཡོད་པ་འཕྲལ་དུ་འཛམ་གླིང་སྟེང་གསལ་སྟོན་བྱ་དགོས་པའི་དགོས་འདུན་གཙོས། རིན་པོ་ཆེ་མཆོག་གི་དབུས་པའི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་དགོས་པ་དང་། རྒྱ་གཞུང་གིས་བོད་རྒྱ་གྲོས་མོལ་སླར་གསོ་བྱས་ཏེ་བོད་རྒྱའི་དཀའ་རྙོག་མྱུར་དུ་སེལ་དགོས་པ་སོགས་དགོས་འདུན་དོན་ཚན་བཞི་ཆེད་བཏོན་གནང་སོང་།

འདི་ག་རླུང་འཕྲིན་ཁང་ནས་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་སུ་དེ་རིང་གི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གྱི་འབོར་དང་འབྲེལ་ནས་བཅར་འདྲི་ཞུས་སྐབས། དེ་རིང་བཞུགས་སྒར་གྱི་ལས་འགུལ་ནང་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་མི་རྒྱུན་ལས་དང་། བེུད་ལྷན་ཚོགས་ཀྱི་ཚོགས་མི་ཁག་གཅིག་དང་མི་མང་ཉུང་ཤས་ལས་མཉམ་ཞུགས་གནང་མེད་ནའང་། ས་གནས་གཞན་ཁག་ལ་མི་མང་གྱི་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་སྒོ་ནས་ལས་འགུལ་སྤེལ་རྒྱུའི་རེ་བ་དང་། ལས་འགུལ་ནང་བཅར་མ་ཐུབ་པ་ཡིན་ཡང་། རང་ཉིད་ཀྱི་ཁྱིམ་ཚང་སོགས་ནང་རིན་པོ་ཆེ་མགྱོགས་མྱུར་གློད་བཀྲོལ་ཡོང་བར་ཕྱག་མཆོད་གནང་གི་ཡོད་པའི་རེ་བ་ཡོད་སྐོར་གསུངས་སོང་།

དེ་རིང་གི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེའི་ཐོག་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གཅིག་གི་རྒྱུན་ལས་དང་མི་མང་ཁག་གཅིག་ནས་མཉམ་ཞུགས་གནང་བའི་ཐོག ཕྱག་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་དང་། བོད་ཀྱི་རྒྱལ་དར་སོགས་བསྣམས་ཏེ་མགུལ་ལ་ ༡༩༩༥ ནས་གར་སོང་ཆ་མེད་འཁོད་པའི་སྦྱར་ཡིག་གཙོས་རིན་པོ་ཆེ་མྱུར་དུ་གློད་བཀྲོལ་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱབ་སྐྱོར་དགོས་པ། རིན་པོ་ཆེ་ནི་འཛམ་གླིང་ནང་གི་བཙོན་པ་ཆུང་ཤོས་རེད་ཅེས་འཁོད་པའི་སྦྱར་ཡིག་གྱོན་ཏེ་ངག་ནས་རིན་པོ་ཆེ་གང་དུ་ཡོད། གློད་བཀྲོལ་དགོས། གློད་བཀྲོལ་དགོས། ༸པཎ་ཆེན་བླ་མ་གློད་བཀྲོལ་དགོས། དེ་བཞིན་རིན་པོ་ཆེའི་གནད་དོན་དང་འབྲེལ་ནས་རྒྱ་གར་གཞུང་གི་མཉམ་རུབ་གནང་དགོས་སོགས་འབོད་དེ་མེག་གྷན་བཞི་མདོ་ནས་ཀ་ཅ་རི་བར་དུ་ཞི་བའི་སྐད་འབོད་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁུངས་ཀྱི་ཁྱབ་ཁོངས་བོད་དོན་ཞུ་གཏུགས་ཚན་པས། དེ་རིང་གི་དུས་ཚིགས་དང་བསྟུན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་དང་འབྲེལ་ནས་རིན་པོ་ཆེ་མཆོག་གང་དུ་ཡོད་མིན་གསལ་སྟོན་དགོས་པ་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་རང་ཀྱི་ཁྲིམས་སྒྲིག་གཙོས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་གིས། རིན་པོ་ཆེ་མཆོག་གི་དབུས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་སོགས་བཀོད་འདུག་པ་མ་ཟད། བོད་མིའི་འདུ་སྡོད་རྒྱ་གར་ས་གནས་དང་ཕྱི་རྒྱལ་ཁག་གི་ས་གནས་སུའང་རིན་པོ་ཆེ་མཆོག་མྱུར་དུ་གློད་བཀྲོལ་དང་། རིན་པོ་ཆེ་མཆོག་གང་དུ་ཡོད་མིན་གསལ་སྟོན་དགོས་པའི་ལས་འགུལ་སྣ་མང་སྤེལ་བཞིན་འདུག་ལ། དེ་རིང་ཕྱི་དྲོ་ཕྱག་ཚོད་ ༦ ནས་ ༧།༣༠ བར་ལྷོ་ཨེ་ཤི་ཡའི་ Foreign Correspondents’ Club of South asia ཞེས་པའི་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་པོ་གདན་ཞུ་གནང་བའི་སྒོ་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་༸སྐུ་འཚོ་བཞུགས་ཡོད་དང་མེད་ཅེས་པའི་བརྗོད་གཞིའི་ཐོག་རྒྱལ་ས་ལྡི་ལིར་གཏམ་བཤད་གནང་གི་ཡོད་འདུག

panchen-rinpoche
Photo: FCCNewDelhi-X

འབྲེལ་ཡོད་གསར་གནས།

གསར་གནས།