Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་གྱི་སྲིད་དོན་ཚོགས་པ་ཆེ་གྲས་གཉིས་ཀྱི་ལོ་འཁོར་ཚོགས་ཆེན་དང་བསྟུན་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བ།

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

དབྱིན་ཡུལ་དུ་ཟླ་ ༡༠ ཚེས་ ༡ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༡ བར་ཡུལ་དེའི་སྲིད་དོན་ཚོགས་པ་ཆེ་གྲས་གཉིས་ཀྱི་ལོ་འཁོར་ཚོགས་ཆེན་ཚོགས་པ་དང་བསྟུན་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཀྱིས་ཚོགས་ཆེན་ཐོག་བོད་དོན་གོ་རྟོགས་དང་ཞུ་གཏུག་ལས་འགུལ་ཞིག་སྤེལ་འདུག

ཕྱི་ཟླ་ ༡༠ ཕྱི་ཚེས་ ༡ ནས་ ༤ བར་དབྱིན་ཡུལ་གྱི་གྲོང་འཁྱེར་ Manchester ནང་དབྱིན་ཡུལ་རྙིང་ཞེན་ཚོགས་པའི་ལོ་འཁོར་ཚོགས་ཆེན་དང་དེ་བཞིན་ཕྱི་ཚེས་ ༨ ནས་ ༡༤ དབར་  Liverpool གྲོང་འཁྱེར་ནང་ངལ་རྩོལ་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཚོགས་པའི་ཐོག་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་དྲུང་ཆེ་བློ་ཆོས་ལགས་རྣམ་གཉིས་ཀྱིས་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི། ཉམས་ཞིབ་པ། སྲིད་དོན་ཚོགས་པའི་ཚོགས་མི། བསམ་ཚུལ་མཐུན་པའི་འཐབ་རྩོད་པ་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་གོ་རྟོགས་དང་ཞུ་གཏུག་ལས་འགུལ་སྤེལ་འདུག

སྐབས་དེར་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་གཙོ་བོ་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཆེད་དབྱིན་གཞུང་གི་ཁེ་ཕན་དང་འགྲོ་བ་མི་རིགས་ཀྱི་འཚོ་གནས་ཆེད་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་གལ་ཆེ་བའི་སྐོར་ཞུ་གཏུག་གནང་ཡོད་པ་དང་། ལྷག་པར་རྙིང་ཞེན་ཚོགས་པའི་ཚོགས་ཆེན་སྐབས་བོད་དོན་གོ་རྟོགས་ཀྱི་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་གནང་ཐོག་ཁོང་ཉིད་གཙོས་དབྱིན་ཡུལ་གནས་སྡོད་བོད་དོན་མཁས་པ་ Dibyesh Anand ལགས་དང་། འབུམ་རམས་པ་ Martin Mills ལགས་ནས་བོད་དོན་སྐོར་གསུང་བཤད་གནང་ཡོད་པ་རེད།

རླུང་འཕྲིན་ཁང་གིས་ཐེངས་འདིའི་བོད་དོན་གོ་རྟོགས་ཀྱི་ཞུ་གཏུག་ལས་འགུལ་དང་འབྲེལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་བཀའ་འདྲི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།