fbpx

Tibetan Royal Year of 2150 | Year of the Water Rabbit

ཕྱི་ལོ་ ༢༠༢༢ དེ་རྒྱ་ནག་རྒྱལ་ནང་དུ་གནས་ཚུལ་བཀོད་རྒྱུ་ཐད་དཀའ་ཁག་ཅན་གྱི་ལོ་ཞིག་ཆགས་ཡོད་པ་མངོན་གསལ།

Tibetan News Headlines

  • བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་སྤར་ཆ་གནང་སོང་།
  • འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་བགྲོ་གླེང་ཁྲོད་འགྲོ་ཕན་སྨན་རྩིས་ཁང་གི་གནད་དོན་སྐོར་འདྲི་རྩད།
  • རྒྱལ་ཚོགས་སུ་རྒྱ་ནག་ལ་བོད་ནང་གི་དྲག་གནོན་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་ཞུ་སྐུལ།
  • ༸སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་ངོས་འཛིན་དང་འབྲེལ་རྒྱ་ནག་ལ་ཁོང་ཁྲོ་སློང་ངེས་ཡིན་པའི་བློ་འཚབ།
  • རྒྱལ་ཚོགས་ཀྱི་ཆུའི་ལྷན་ཚོགས་ཐོག་བོད་ཀྱི་ཆུ་བོའི་གལ་གནད་སྐོར་གཏམ་བཤད་དང་འདྲི་རྩད།
  • འགྲོ་ཕན་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༧ འཁོར་བའི་དུས་ཆེན་སྲུང་བརྩི།

Friday 24/03/2023

  • House hikes ‘Chatrel’, voluntary contribution made to CTA
  • Tibetan Parliamentarians question financial health of Mentsekhang
  • UK, EU raise Tibet at UNHRC, urges China to reverse repressive policies in Tibet
  • China on edge as Mongolian boy is hailed as new Buddhist lama
  • Tibet environmental activist take Tibet to UN-Water Conference
  • Mentskhang celebrates 107th founding anniversary
(Visited 4 times, 1 visits today)

Foreign Correspondent Club of China ཞེས་རྒྱ་ནག་ནང་གནས་སྡོད་གནང་བཞིན་པའི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ཀྱིས་འདས་ལོ་ ༢༠༢༢ ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་བརྒྱུད། སྔ་ལོ་ ༢༠༢༢ ནི་རྒྱ་ནག་ནང་ཕྱག་ལས་གནང་བཞིན་པའི་ཕྱིའི་གསར་འགོད་པ་རྣམས་ལ་གནས་ཚུལ་བཀོད་རྒྱུ་ཐད་དཀའ་ངལ་ཅན་གྱི་ལོ་ཞིག་ཆགས་ཡོད་པ་མ་ཟད། ལྷག་པར་གསར་འགོད་པ་བོད་ནང་བསྐྱོད་རྒྱུར་མུ་མཐུད་དམ་དྲག་བཀག་སྡོམ་བྱས་ཡོད་པ་མངོན་གསལ་གནང་འདུག

སྙན་ཐོའི་ནང་དུ་ FCCC མཐུན་ཚོགས་ཀྱི ངོས་ནས་རྒྱ་ནག་ཏུ་གསར་འགོད་ལས་དོན་གཉེར་བཞིན་པའི་གསར་ཁང་དང་གསར་འགོད་པ་བཅས་ལ་འདྲི་རྩད་གནང་སྐབས་ལན་འདེབས་གནང་མཁན་ཚང་མས་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཚད་གཞི་ལྡན་པའི་གསར་འགོད་རང་དབང་ལག་བསྟར་བྱེད་ཀྱི་མེད་ཅེས་གསུངས་བ་མ་ཟད། ད་ལྟའི་ཆར་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སྟངས་འཛིན་ཁག་ལྷོད་ཡངས་སུ་ཕྱིན་ཡོད་ཀྱང་རྒྱ་གཞུང་གིས་ཕྱིའི་གསར་འགོད་པ་དང་དེ་དག་གི་རྒྱ་རིགས་ལས་རོགས། དེ་བཞིན་བཅར་འདྲི་ཞུ་ཡུལ་བཅས་ལ་དྲྭ་ཐོག་གི་དོགས་སྲུང་བྱ་ར་དང་འཇིགས་སྐུལ། སུན་གཙེར་སོགས་བཟོས་པའི་བརྒྱུད་གསར་འགོད་རང་དབང་ལ་འགོག་རྐྱེན་བཟོ་བཞིན་པའི་དཀའ་ངལ་དེ་ད་དུང་ཡིན་ཡང་རྒྱ་ནག་ནང་མུ་མཐུད་དུ་གནས་ཡོད་པ་གསུངས་འདུགལྷག་དོན་བོད་ཁུལ་དུ་མཚོན་ན་རྒྱ་གཞུང་གིས་ཕྱིའི་གསར་འགོད་པ་རྣམས་ཁུལ་དེར་བསྐྱོད་རྒྱུར་ཧ་ཅང་དམ་དྲག་ཆེན་པོ་བྱས་ཀྱི་ཡོད་པ་དང་བོད་ནང་བསྐྱོད་འདོད་ཡོད་རིགས་ཀྱི་གསར་འགོད་པ་རྣམས་ཁུལ་དེར་བསྐྱོད་པར་རྒྱ་གཞུང་གི་དམིགས་བསལ་ཆོག་མཆན་ཐོབ་དགོས་པ་དང་ཡང་ན་རྒྱ་ནག་གཞུང་ངམ་ཕྱི་སྲིད་ལྷན་ཁང་གིས་བཀོད་སྒྲིག་བྱེད་པའི་རུ་ཁག་ནང་འཛུལ་ཞུགས་བྱ་དགོས་ཀྱི་ཡོད་པས་འདས་པའི་ལོ་དེའི་ནང་གསར་འགོད་པ་གསུམ་ནས་བོད་རང་སྐྱོད་ལྗོངས་ཟེར་བའི་ནང་བསྐྱོད་ཆོག་པའི་ཆོག་མཆན་ཞུས་ཡོད་ཀྱང་རྒྱ་གཞུང་གིས་གསར་འགོད་པ་དེ་དག་ལ་ཆོག་མཆན་སྤྲད་མེད་པ་མ་ཟད། དེའི་ཁྲོད་ཕྱི་རྒྱལ་གྱི་གསར་འགོད་པ་ཉུང་ཤས་ཤིག་རྒྱ་ནག་གི་ཚོར་བ་རྣོ་བའི་ས་ཁུལ་ནང་སོག་ནང་གི་གནས་སྟངས་རྒྱུས་ལོན་ཆེད་བསྐྱོད་སྐབས་རྒྱ་ནག་གི་ཉེན་རྟོག་པས་ཁོང་ཚོར་སྔ་རྗེས་བར་གསུམ་དུ་རྗེས་འདེད་ཀྱིས་སུན་གཙེར་བཟོས་པ་དང་། དེ་བཞིན་བཅར་འདྲི་དང་བརྙན་པར་ལེན་རྒྱུ་བཅས་ཀྱི་ཐོག་ལ་དམ་དྲག་ཤུགས་ཆེ་བྱས་ཡོད་པ་ར་སྤྲོད་གནང་འདུགཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱ་ནག་ངོས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་སྦས་ཐབས་སླད་ཕྱིའི་གསར་འགོད་པ་སུ་ལའང་ཁུལ་དེར་བསྐྱོད་རྒྱུར་ཆོག་མཆན་སྤྲོད་ཀྱི་མེད་པ་དང་། ཕྱིའི་གསར་འགོད་པ་རྣམས་ནས་མུ་མཐུད་བོད་ནང་གི་དངོས་ཡོད་གནས་སྟངས་ཁྱབ་སྤེལ་གནང་རྒྱུར་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཞུས་པའི་ཐོག་རྒྱ་གཞུང་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་ཞི་བའི་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་དགོས་པ་དང་། དེ་ལྟར་བྱས་ཚེ་རྒྱ་ནག་ངོས་ནས་བོད་ཀྱི་གནད་དོན་དེ་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ་སྦེད་དགོས་དོན་མེད་ཅེས་ནན་བརྗོད་གནང་འདུག

(Visited 123 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།