ཉེ་སྔོན་ཟླ་བ་འདིའི་ཕྱི་ཚེས་ ༡༢ ནས་ ༡༦ བར་ཉིན་གྲངས་ལྔའི་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྡ་སྟེང་བོད་ཁྱིམ་གྱི་ཞི་བདེའི་ཚོགས་ཁང་དུ་ 20th Tibetan Youth Leadership Training ཞེས་བོད་ཀྱི་གཞོན་ནུའི་འགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༠ པ་དེ་ཚོགས་ཡོད་པ་དང་། ཟབ་སྦྱོང་དེའི་ནང་མཐོ་སློབ་ཁག་ ༡༠ ཙམ་ནས་གཞོན་སྐྱེས་ ༢༧ ལྷན་ཞུགས་གནང་ཡོད་པ་རེད་འདུག
རྩ་བའི་ཟབ་སྦྱོང་དེའི་ཐོག་བོད་པའི་གཞོན་སྐྱེས་རྣམས་ལ་བོད་ཀྱི་མང་གཙོ་འཕེལ་རིམ་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ངོ་སྤྲོད་དང་། བོད་རང་བཙན་གྱི་བདེན་དཔང་ལོ་རྒྱུས། ནུས་པ་དང་ལྡན་པའི་འགོ་ཁྲིད་སྐྱེད་སྲིང་ཡོང་ཐབས། གཞོན་སྐྱེས་ཀྱི་འགན་ཁུར། དེ་བཞིན་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས། སྒྱུ་སྩལ་དང་འཐབ་རྩོད་སོགས་བརྗོད་གཞི་སྣ་ཚོགས་ཀྱི་ཐོག་ལ་གསུང་བཤད་དང་གྲོས་བསྡུར་གནང་ཡོད་པ་རེད་འདུག
འདི་ག་རླུང་འཕྲིན་ཁང་གིས་ཐེངས་འདིའི་བོད་ཀྱི་གཞོན་ནུའི་འགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༠ དམིགས་ཡུལ་དང་། མཉམ་ཞུགས་པ་ཁག་གཅིག་ལ་བཅར་འདྲི་ཞུས་པའི་ཆེད་སྒྲིག་གི་ལེ་ཚན་ཞིག་རྒྱང་སྲིང་ཞུས་ཡོད།
