Swiss གྲོང་ཁྱེར་ Geneva ནང་ཟླ་བ་འདིའི་ཚེས་ ༡༢ ཉིན་རྒྱལ་ཚོགས་ཀྱི་བེུད་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་ཀྱི་ལྷན་ཚོགས་ཐེངས་ ༨༥ ཐོག་རྒྱ་ནག་ནང་གི་གནས་སྟངས་ལ་བསྐྱར་ཞིབ་ཀྱི་ཚོགས་འདུ་ཚོགས་པ་ལྟར། ཚོགས་ཆུང་གིས་ཁ་སང་ཕྱི་ཚེས་ ༣༠ ཉིན་དེ་འབྲེལ་སྙན་མཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་གཞུང་ལ་བོད་ནང་གི་བཅའ་སྡོད་སློབ་གྲྭ་རྣམས་སྒོ་རྒྱག་དགོས་པ་དང་འབྲེལ། བོད་པའི་བེུད་རྣམས་ལ་རང་མི་རིགས་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་སྤྲད་དགོས་པ་གསུངས་འདུག

ཚོགས་ཆུང་གི་སྙན་ཐོའི་ནང་རྒྱ་ནག་གིས་བོད་ནང་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་བརྒྱུད་བོད་ཕྲུག་ས་ཡ་བརྒལ་བར་བཙན་གྱིས་ཁྱིམ་ཚང་དང་ཁ་བྲལ་བཏང་སྟེ་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་། ལྷག་པར་དུ་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་རང་མི་རིགས་ཀྱི་སྐད་དང་ཡི་གེ་སློབ་འཁྲིད་བྱེད་སའི་སློབ་གྲྭ་ཁག་སྒོ་རྒྱག་བཞིན་པ་སོགས་ཀྱི་གནད་དོན་ལ་བློ་འཚབ་ཤུགས་ཆེ་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ད་བར་རྒྱལ་ཚོགས་ཀྱི་དམིགས་བསལ་ཚོགས་ཆུང་གཞན་རྣམས་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་རྣམས་ཀྱིས་གནད་དོན་དེ་གླེང་སློང་གནང་བཞིན་ཡོད་སྐོར་ནན་བརྗོད་གནང་སྟེ། རྒྱ་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་དེ་དག་སྒོ་རྒྱག་དགོས་པ་དང་། སྲིད་གཞུང་གི་མཐུན་འགྱུར་འོག་བོད་པའི་སྒེར་གཉེར་སློབ་གྲྭ་ཁག་འཛུགས་ཆོག་པའི་ཆོག་མཆན་སྤྲད་དགོས་པ། བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་བེུད་རྣམས་ལ་རང་གི་སྐད་ཡིག་སྦྱོང་ཆེད་མཐུན་འགྱུར་སྦྱར་དགོས་པ་དང་། དེ་བཞིན་དེ་སྔོན་བཙན་གྱིས་སྒོ་རྒྱབ་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་འཁྲིད་བྱེད་སའི་སློབ་གྲྭ་རྣམས་སླར་ཡང་སྒོ་འབྱེད་དགོས་པ་གསུངས་འདུག
ད་དུང་ཚོགས་ཆུང་དེས་བོད་པའི་བེུད་རྣམས་ལ་དམིགས་ཏེ། རྒྱ་གཞུང་གིས་གཞིས་བཞུགས་བེུད་རྣམས་ལ་སྣང་ཆུང་ཁྱད་གསོད་བྱེད་ཐོག་བཙན་དབང་གིས་ངལ་རྩོལ་འགྱུར་བཀོད་བྱེད་བཞིན་པ་དེ་མཚམས་འཇོག་དགོས་པ་དང་། ལྷག་པར་བོད་པའི་བེུད་རྣམས་ཀྱི་ཕྱི་བསྐྱོད་ལག་འཁྱེར་བཙན་བསྡུ་བྱེད་བཞིན་པར་བློ་འཚབ་དང་འབྲེལ། བོད་པའི་བེུད་རྣམས་ལ་མི་རིགས་དབྱེ་འབྱེད་སྒོ་ནས་འདི་ལྟ་བུའི་བྱ་སྤྱོད་སྤེལ་བཞིན་པ་རྣམས་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་གནང་འདུག

རྒྱལ་ཚོགས་ཀྱི་བེུད་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ཐེངས་འདིའི་སྙན་མཐོ་དང་འབྲེལ། རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གནང་མཁན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་ Gloria Montgomery ལགས་དང་། བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ངེས་སྟོན་པ་ Lhadon Tethong ལགས། དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་དང་ལས་འཆར་འབྲེལ་མཐུད་པ་ Lobsang Yangtso ལགས་ཁོང་རྣམ་པ་གསུམ་གྱིས། རྒྱ་གཞུང་ལ་བོད་པའི་བེུད་རྣམས་ཀྱི་ཐོག་དབྱེ་འབྱེད་མཚམས་འཇོག་དང་། དོན་ཕན་ལྡན་པའི་བྱ་སྤྱོད་སྤེལ་དགོས་པ་དང་། བེུད་རྣམས་ལ་ཁྲིམས་ཀྱི་ཐོབ་ཐང་འདྲ་མཉམ་ཐོབ་དགོས་པ། དེ་བཞིན་བོད་ནང་དུ་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་སྤེལ་བཞིན་པ་དེས་བོད་པའི་བེུད་རྣམས་ལ་ཤུགས་རྐྱེན་ངན་པ་ཐེབས་རྐྱེན་དེ་དག་འཕྲལ་དུ་མཚམས་འཇོག་བརྒྱུད། འགྲོ་བ་མིའི་ཐོབ་ཐང་གི་འོས་འགན་རྣམས་ཡོངས་སུ་བསྒྲུབ་དགོས་པ་གསུངས་འདུག
རྩ་བའི་ཟླ་བ་འདིའི་ཚེས་ ༨ ནས་ ༢༦ བར་རྒྱལ་ཚོགས་ཀྱི་བེུད་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ལྷན་ཚོགས་ཐེངས་ ༨༥ ཐོག་བོད་ཀྱི་བེུད་ལྷན་ཚོགས་དང་ Swiss སྐུ་ཚབ་དོན་ཁང་། Tibetan Advocacy Coalition ཞེས་རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ལས་ཁང་དང་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས། Tibet Justice Center, Tibet Initiative Deutschland དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་འཐུས་མི་ལས་གྲུབ་པའི་བོད་དོན་ཞུ་གཏུག་ཚོགས་པས་བོད་ནང་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། སྒོས་སུ་དེང་སྐབས་རྒྱ་གཞུང་གིས་བོད་ཕྲུག་བྱིས་པ་ས་ཡ་༡ ལྷག་ཕ་མ་དང་ཁ་བྲལ་བཏང་སྟེ་བཅའ་སྡོད་སློབ་གྲྭར་བཙན་འཇུག་འོག རྒྱ་ཡིག་གཙོ་བཟུང་གིས་སློབ་ཁྲིད་ཁྲོད་བོད་ཡིག་དང་བོད་སྐད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་སོགས་གང་ཡང་གོ་རྟོགས་མེད་པའི་བོད་པའི་མི་རབས་སྐྱེད་སྲིང་བྱས་ཏེ། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པ་སོགས་སྲིད་བྱུས་ངན་པ་དག་སྤེལ་བཞིན་ཡོད་པ་འཐེར་འདོན་གནང་འདུག