fbpx

Tibetan Royal Year of 2150 | Year of the Water Rabbit

བོད་ས་མ་ཤོར་གོང་བོད་དུ་ཡོད་པའི་བལ་ཡུལ་གཞུང་ཚབ་པའི་བུ་མོ་དང་ནང་མི་ཚོར་མཇལ་ཁ་སྩལ་བ།

Tibetan News Headlines

  • བཞུགས་སྒར་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲེན་ཐེངས་ ༢༨ པ་དབུ་འཛུགས།
  • མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད།
  • རྒྱ་གཞུང་ནས་གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཐོག་འགན་ལེན་དགོས་པ།
  • རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་ Jimmy Lai གི་གནས་བབ་ཐད་ཐུགས་འཚབ་མངོན་གསལ།
  • ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཞིག་རྒྱ་ནག་གི་གཏན་འཇག་མིང་གཞུང་ནག་པོའི་ནང་ཡོད་པ་མངོན་གསལ།
  • གཞན་ཕན་ཁྱིམ་གསར་གྱི་གློག་བརྙན་ནང་ Nawazuddin མཉམ་ཞུགས་བྱ་རྒྱུ་ཡིན་འདུག

Thursday 01/06/2023

  • 28th GCM Football tournament begins in Dharamsala
  • CTA inaugurates new camp for Tibetans from Tibet in Mundgod
  • Right group urges China to acknowledge Tiananmen Massacre
  • UN experts express ‘grave concern’ over detention of Jimmy Lai in Hong Kong
  • Canadian MP under China evergreen blacklist, former Conservative leader targeted
  • Bollywood actor Nawazuddin teams up with Tibetan Director for ‘Karma’
(Visited 4 times, 1 visits today)

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔོན་བོད་ས་མ་ཤོར་གོང་བོད་དུ་ཡོད་པའི་བལ་ཡུལ་གཞུང་ཚབ་པ་སྐུ་ཞབས་དམ་པ་ Bakhat Bahadur khrati Chhetri ལགས་ཀྱི་བུ་མོ་ Basundhara Lama ལགས་དང་ཁོང་གི་ནང་མི་རྣམས་ལ་མཇལ་ཁ་སྩལ་འདུག

དེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ Basundhara Lama ལགས་དང་ཁོང་གི་ནང་མིར་མཇལ་ཁ་བཀའ་དྲིན་སྩལ་བ་དང་འབྲེལ། སྐབས་དེར་ Basundhara Lama ལགས་ཀྱིས་དེ་སྔ་ཁོང་གི་ཡབ་དམ་པ་ Bakhat Bahadur khrati Chhetri ལགས་བོད་ནང་ཡོད་སྐབས་ཀྱི་པར་ཞིག་མགོན་པོ་༸གང་ཉིད་མཆོག་ལ་སྤྱན་འབུལ་དང་སྦྲགས། དེ་སྔ་ཁོང་བོད་ཀྱི་རྒྱལ་ས་ལྷ་སར་བཞུགས་སྐབས་ཀྱི་དུས་ཚིགས་ཁག་ཅིག་དྲན་གསོ་གནང་འདུགThis image has an empty alt attribute; its file name is 4.png
སྐབས་དེར་༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པས་ཁོང་གི་ནང་མི་རྣམས་ལ་སྔགས་ཆུ་གསོལ་སྩལ་དང་འབྲེལ། ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱར་རས་གཟིགས་ཀྱི་རྗེས་སུ་བཟུང་ངེས་ཡིན་པ་བློ་བདེ་པོ་བྱོས་ཞེས་བཀའ་སྩལ་འདུགThis image has an empty alt attribute; its file name is %E0%BC%A5.png
རྩ་བའི་ Basundhara Lama ལགས་ནི་སྤྱི་ལོ་ ༡༩༤༢ ལོར་ཁོང་གི་ཡབ་དམ་པ་  ལགས་བོད་ནང་བལ་ཡུལ་གཞུང་ཚབ་པའི་ཐུགས་འགན་བཞེས་བཞིན་པའི་སྐབས་སྐྱེས་ཏེ་བོད་ནང་ལོ་ངོ་ ༢༠ ཙམ་བཞུགས་ཡོད་པ་དང་། ད་ལྟའི་ཆར་ ཁོང་དགུང་ལོ་ ༨༢ ཡིན་པ་རེད།

(Visited 445 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།