Tibetan Royal Year of 2151 | Year of the Wood Dragon

བལ་བོད་ས་མཚམས་ཉེ་འགྲམ་དུ་ཆར་ཆུ་དང་རླུང་འཚུབ་རྐྱེན་པས་མི་གྲངས ༡༣༠ ལྷག་འགྲུལ་བསྐྱོད་མི་ཐུབ་པར་ལུས་འདུག

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

ཉེ་ཆར་བོད་དང་བལ་ཡུལ་གྱི་ས་མཚམས་སུ་ཆར་ཆུ་དྲག་པོ་དང་རླུང་འཚུབ་ཤུགས་ཆེ་རྐྱེན་པས་ས་རུད་དང་ཆུ་ལོག་གིས་འགྲོ་ལམ་བཀག་རྗེས་ཡུལ་སྐོར་སྤྲོ་འཆམ་པ་ཐེ་བའི་མི་གྲངས་ ༡༣༠ ལྷག་ཙམ་འགྲུལ་བསྐྱོད་མི་ཐུབ་པར་ཁུལ་དེར་ལུས་ཡོད་པ་རེད་འདུག

Nepal India Monsoon Flood

དེ་ཡང་རྒྱ་ནག་གཙོས་པའི་གསར་ཁང་ཁག་གཅིག་གིས་གནས་ཚུལ་སྤེལ་བར་གཞིགས་ན།  ཁ་ཉིན་ཪེས་གཟའ་ཉི་མ་ནས་བཟུང་ཆར་པ་རྒྱུན་མ་ཆད་པར་བབས་ཏེ་བོད་ས་མཐའ་འཁོབ་ཀྱི་གཞི་ཀ་རྩའི་གྲོང་རྡལ་འདྲེན་ཐང་ Zhentang དུ་འགྲོ་སའི་གཞུང་ལམ་གྱི་དུམ་བུ་མང་པོ་ཆུ་ལོག་གིས་བདས་པའམ། ཡང་ན་ས་རུད་བརྒྱབ་སྟེ་འགྲུལ་བསྐྱོད་མི་ཐུབ་པར་མི་གྲངས་ ༣༤༢  གྲོང་ཁྱེར་གཞན་དུ་གནས་སྤོ་བྱས་འདུག་པ་དེ་ལྟར་ཡང་ཡུལ་སྐོར་སྤྲོ་འཆམ་པ་ཐེ་བའི་མི་གྲངས་ཉུང་མཐར་ཡང་ ༡༣༠ ཙམ་ད་དུང་འདྲེན་ཐང་གྲོང་ཁྱེར་གྱི་ཉེ་འཁོར་དུ་ལུས་ཡོད་པའི་འགྲེལ་བརྗོད་དང་འབྲེལ། རླུང་འཚུབ་འདིས་རེས་གཟའ་ཕུར་བུ་བར་དུ་ཉེན་སྐྱོབ་ཀྱི་ལས་དོན་ལ་དཀའ་ངལ་བཟོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

Nepal India Monsoon Flood

མ་ཟད་རྒྱལ་ཡོངས་གནམ་གཤིས་སྔོན་བརྡ་བརྒྱུད་ལམ་ཁག་ནས་བཤད་པ་ལྟར་ན། སི་ཁྲོན། ཡུན་ནན་བཅས་ཀྱི་ས་ཁུལ་ཁག་ཚུད་པའི་བོད་ལྷོ་ནུབ་ཁུལ་དུ་ཡང་ཆར་པ་ཤུགས་ཆེན་འབབ་རྒྱུ་ཡིན་པ་རེད་འདུག

ཕྱོགས་མཚུངས་རྒྱ་གར་གྱི་ Business Today དུས་དེབ་ཀྱིས་གནས་ཚུལ་ནང་གསལ་ལྟར་ན། བལ་ཡུལ་དུ་ཆར་པ་རྒྱུན་ཆད་མེད་པར་བབས་པས་རྐྱེན་ངན་བྱུང་ནས་ས་རུད་དང་ཆུ་ལོག་བཅས་ཀྱིས་མི་གྲངས་ ༡༤ ལ་སྲོག་སྐྱོན་བྱུང་འདུག་པ་དང་། གཏོར་བཤིག་རྒྱུན་མི་ཆད་པར་འབྱུང་བཞིན་པའི་ཁྲོད་འདིར་མི་མང་པོ་ཞིག་ད་དུང་ཡང་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་འདུག

Nepal India Monsoon Flood

དུས་དེབ་ནང་ད་དུང་བལ་ཡུལ་དུ་ཁེངས་པའི་ཆར་ཆུ་བལ་གཞུང་ནས་རྒྱ་གར་ཕྱོགས་སུ་གློད་པས་རྐྱེན་གྱིས་བི་ཧཱར་མངའ་སྡེའི་ Kosi ཆུ་མཛོད་ཆེན་མོ་བཞུར་ཏེ་མངའ་སྡེའི་སྨད་རྒྱུད་དུ་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པས་ས་གནས་ཀྱི་མི་སྡེ་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་འདུག་པ་དང་། ཁུལ་དེའི་ཉེ་འགྲམ་གྱི་ཨུ་ཊར་པྲ་ཌེཤ་མངའ་སྡེ་ལའང་ཆུ་ལོག་གི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་ལ། ལྷག་པར་དུ་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་དང་ཐག་ཉེ་བའི་ Pilibhit ལྟ་བུའི་ས་ཁུལ་དུ་གྲོང་གསེབ་རྣམས་ཆུ་ལོག་གིས་བསྣུབས་ནས་བརླགས་ཏེ་གྲོང་ཁྱེར་ཁེར་རྐྱང་དུ་གྱུར་ཡོད་པའི་འགྲེལ་བརྗོད་ཀྱིས།

Nepal India Monsoon Flood

མ་ཟད་ནང་པ་སངས་རྒྱས་པའི་གནས་ཆེན་མཉན་ཡོད་ Shravasti དུ་གྲོང་གསེབ་ ༢༢ ནས་མི་གྲངས་ ༢༥༥ སྲོག་སྐྱོབ་ཐུབ་པ་བྱུང་ཡོད་ཀྱང་ Meerut གྲོང་སྡེའི་ནང་དུ་ཆར་ཆུས་ཁེངས་པའི་འགྲོ་ལམ་སྟེང་དུ་འགྲུལ་བཞུད་བྱེད་རྒྱུ་ཉེན་ཁ་ཆེན་པོ་ཆགས་ཡོད་པ་དང་། ཨུ་ཊ་ར་ཁན་ཌའི་གྱི་ Ranikhet གཞུང་ལམ་དུ་ཟམ་པ་ཞིག་འགྱེལ་ནས་ས་གནས་མི་མང་ཚོ་ཉེན་ཁའི་ཆུ་བོ་བརྒལ་དགོས་བྱུང་བས་ཁུལ་དེར་རྨང་གཞིའི་འཛུགས་སྐྲུན་ལ་གཏོར་སྐྱོན་ཕོག་ཡོད་པ་རེད་འདུག

Nepal India Monsoon Flood

འབྲེལ་ཡོད་གསར་གནས།

གསར་གནས།