Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་ལྔ་པ་འཚོགས་བཞིན་པ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་ལྔ་པ་འཚོགས་བཞིན་འདུག དཔལ་གཤེན་བསྟན་སྨན་རིའི་གླིང་གི་སློབ་གཉེར་བའི་གོ་སྒྲིག་འོག་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་ལྔ་པ་དེ་ཁ་སང་ཕྱི་ཚེས་ ༡༠ ནས་འགོ་འཛུགས་ཀྱིས་ ༡༥  བར་ཚོགས་རྒྱུ་ཡིན་པ་དང་ཚོགས་ཆེན་ཐོག་སེར་འབྲས་དགའ་གསུམ་གྱི་གྲྭ་ཚང་དང་རྣམ་གྲོལ་གླིང་། བཙུན་དགོན་བྱང་ཆུབ་ཆོས་གླིང་། སྒྲོལ་མ་གླིང་། ཏཱ་ལའི་བླ་མ་མཐོ་སློབ།  ཝཱཎ་གཙུག་ལག་སློབ་གཉེར་ཁང་། ས་རཱ་མཐོ་སློབ་སོགས་མཐོ་སློབ་ཁག་ ༢༦ གི་ཚོགས་བཅར་བ་ ༨༠ ལྷག་ནས་མཉམ་ཞུགས་གནང་སྟེ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་ཁྱིམ་ཚང་ནང་དུ་བོད་ཡིག་ཉར་ཚགས་བྱ་ལུགས་དང་དགེ་མཚན་བཤད་པ།  ཆེད་ལས་རིགས་གཅིག་རྐང་འཛིན་པའི་ཐོན་ཁུངས་རྒྱ་བསྐྱེད་དགོས་པའི་གལ་གནད།  དུས་རབས་བདུན་པའི་ཡར་སྔོན་བོད་ཀྱི་ཆབ་སྲིད་ལམ་ལུགས་དང་སྐད་ཡིག་གི་གནས་བབ་ལ་དཔྱད་པ། ལོ་རྒྱུས་ཐོག་བོད་དེ་རང་རྐྱ་ཐུབ་པའི་རྒྱལ་ཁབ་ཅིག་ཡིན་པའི་སྒྲུབ་བྱེད་བཤད་པ་སོགས་བརྗོད་གཞི་ཁག་ ༡༣ ཐོག་གཏམ་བཤད་དང་གོ་བསྡུར། བསམ་ཚུལ་བརྗེ་ལེན་གནང་བཞིན་འདུག ཚོགས་གཙོ་ཤེས་རབ་གྲགས་པ་ལགས་ཀྱིས་རླུང་འཕྲིན་ཁང་ལ་སྤྱིར་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་དེ་ནི་གཙོ་བོ་ཤེས་ཡོན་རྒྱབ་ལྗོངས་མི་འདྲ་བ་ཕན་ཚུན་དབར་གོ་རྟོགས་དང་བསམ་ཚུལ་བརྗེ་ལེན་སླད་ཚོགས་ཀྱི་ཡོད་པ་དང་ལྷག་པར་ཚོགས་ཆེན་བརྒྱུད་སློབ་ཕྲུག་ཚོར་རང་ཉིད་ཀྱི་མི་ཚེ་དང་འབྲེལ་སྡིངས་ཆའི་གོ་སྐབས་རག་གི་ཡོད་སྟབས་ཚོགས་ཆེན་དེ་སླད་མར་རྒྱུན་སྐྱོང་གནང་གལ་ཡིན་སྐོར་གསུངས་སོང་།ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་ས་གནས་འགོ་འཛིན་བསྟན་འཛིན་ཆོས་འཕེལ་ལགས། བོན་གཞིས་སམ་བྷོ་ཊའི་ཉིན་སློབ་ཀྱི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་ལགས། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་།  སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། ཚོགས་བཅར་བ་ལྷན་འཛོམས་གནང་ཡོད་པ་རེད།༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་སྐབས་དེར་གཞོན་སྐྱེས་ཚོས་སྤྱི་ཚོགས་ཁྲ་ཁྲ་ཟིང་ཟིང་ལ་དབུ་མ་འཁོར་བར་ཕ་མེས་ནས་བརྒྱུད་པའི་ཆོས་དང་རིག་གཞུང་ལ་ཐུགས་སྣང་གནང་དགོས་གལ་ཡིན་སྐོར་གྱི་བླང་དོར་ལམ་སྟོན་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།