fbpx

Tibetan Royal Year of 2150 | Year of the Water Rabbit

བོད་དང་ཁ་ཆེ་གཉིས་དབར་དམིགས་བསལ་འབྲེལ་བ་ཡོད་པར་བཀའ་སྩལ་བ།

Tibetan News Headlines

  • བཞུགས་སྒར་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲེན་ཐེངས་ ༢༨ པ་དབུ་འཛུགས།
  • མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད།
  • རྒྱ་གཞུང་ནས་གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཐོག་འགན་ལེན་དགོས་པ།
  • རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་ Jimmy Lai གི་གནས་བབ་ཐད་ཐུགས་འཚབ་མངོན་གསལ།
  • ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཞིག་རྒྱ་ནག་གི་གཏན་འཇག་མིང་གཞུང་ནག་པོའི་ནང་ཡོད་པ་མངོན་གསལ།
  • གཞན་ཕན་ཁྱིམ་གསར་གྱི་གློག་བརྙན་ནང་ Nawazuddin མཉམ་ཞུགས་བྱ་རྒྱུ་ཡིན་འདུག

Thursday 01/06/2023

  • 28th GCM Football tournament begins in Dharamsala
  • CTA inaugurates new camp for Tibetans from Tibet in Mundgod
  • Right group urges China to acknowledge Tiananmen Massacre
  • UN experts express ‘grave concern’ over detention of Jimmy Lai in Hong Kong
  • Canadian MP under China evergreen blacklist, former Conservative leader targeted
  • Bollywood actor Nawazuddin teams up with Tibetan Director for ‘Karma’
(Visited 4 times, 1 visits today)

 དེ་རིང་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རི་དང་ཡོ་རོབ། དེ་བཞིན་མ་ལེ་ཤེ་ཡའི་ཁ་ཆེ་ཤེས་ཡོན་ཅན་ཁག་གཅིག་ལ་མཇལ་ཁ་སྩལ་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་བོད་དང་ཁ་ཆེ་བ་གཉིས་ཀྱི་དབར་འདས་པའི་དེ་ལྟ་བུ་བྱུང་བ་ཁག་དྲན་གསོ་དང་འབྲེལ་ཏེ་ཕན་ཚུན་བར་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པར་བཀའ་སྩལ་མཛད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཁ་ཆེའི་ཤེས་ཡོན་ཅན་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་ལྟར་དེ་སྔ་བོད་དང་ཁ་ཆེ་བ་གཉིས་ཀྱི་དབར་འདས་པའི་དེ་ལྟ་བུ་བྱུང་བ་ཁག་དྲན་གསོ་མཛད་དེ་བོད་གཞུང་གི་གཞུང་འབྲེལ་མཛད་སྒོ་ཐོག་ཁ་ཆེའི་ཆོས་ལུགས་ཀྱི་སྐུ་ཚབ་རྣམས་མགྲོན་འབོད་གནང་གི་ཡོད་པ་དང་། བོད་གཞུང་དང་ཁ་ཆེ་གཉིས་ཀྱི་དབར་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་སྟབས་བོད་གཞུང་གིས་ཀྱང་གུས་བཀུར་ཆེན་པོའི་ཐོག་ནས་ཁ་ཆེའི་སྤྱི་ཚོགས་ལ་ཆེ་མཐོང་གནང་གི་ཡོད་ཅེས་བཀའ་སྩལ་མཛད་ཡོད།

བཀའ་སློབ་ཀྱི་ཐོག་མར་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་ཡོད་པ་ལས་གཅིག་ནི་ཆོས་ལུགས་མཐུན་འབྲེལ་གོང་མཐོར་ཡིན་པར་ངོ་སྤྲོད་མཛད་པ་དང་སྦྲགས། ཆོས་ལུགས་ནང་ཁུལ་ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་ཡོད་ཀྱང་ཆོས་ལུགས་ཚ་མས་བྱམས་སྙིང་རྗེའི་སྐོར་གསུངས་དང་གསུང་བཞིན་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་༸སྐུ་དུས་སུ་བོད་ཀྱི་གནས་སྟངས་འདི་ཧ་ཅང་ཛ་དྲག་ཅིག་ཏུ་གྱུར་ཡོད་ཅིང་། འཛམ་གླིང་ནང་རྒྱ་ནག་གཙོས་རྒྱལ་ཁབ་མང་པོས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་གནང་གི་ཡོད་སྐོར་བཀའ་སྩལ་བ་དང་། ལྷག་པར་དུ་ནུབ་ཕྱོགས་པའི་གྲོགས་པོ་མང་པོས་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞིར་ཐུགས་འཁུར་གནང་གི་ཡོད་པ་སོགས་བཀའ་སྩལ་མཛད་འདུག

༸གོང་ས་མཆོག་གིས་རྟག་ཏུ་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་དགོས་གལ་དང་། ལྷག་པར་དུ་གཉེན་སྤུན་གྱི་འདུ་ཤེས་འཛིན་པའི་ཐོག་ནས་གོ་ལའི་སྟེང་མཉམ་གནས་གནང་གལ་ཡིན་པར་བཀའ་སྩལ་བ་མ་ཚད་པར་ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་འཁྲུག་རྩོད་རིགས་གནང་རྒྱུ་མེད་པ་དང་། ཆོས་ཁས་ལེན་མིན་ལ་ལྟོས་མེད་ཚང་མས་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཐོག་ནས་མཐུན་ལམ་གནང་གལ་ཡིན་པར་ལམ་སྟོན་མཛད་ཡོད།

དེང་གི་ཆར་འཛམ་གླིང་གི་མི་འབོར་འཕེལ་བཞིན་ཡོད་པ་དང་ལྷག་པར་དུ་ཛ་དྲག་པའི་གནད་དོན་ཞིག་ནི་གོ་ལའི་ཚ་དྲོད་ཧ་ཅང་རྒྱས་པ་བཞིན་་ཡོད་སྟབས། འཇིག་རྟེན་འདི་ཉིད་རིམ་པས་འཇིག་རྒྱུ་ཡིན་པ་དང་མ་འཇིག་གོང་ལ་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་གིས་ཞི་བདེའི་ཐོག་ནས་མཉམ་གནས་གནང་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་འདུག

(Visited 151 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།