Tibetan Royal Year of 2151 | Year of the Wood Dragon

བོད་དོན་གོམ་བགྲོད་པ་བསྟན་འཛིན་དོན་གྲུབ་ལགས་ Aligarh ནས་མུ་མཐུད་གོམ་བགྲོད་གནང་བཞིན་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་དང་བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་རྒྱུ། དེ་བཞིན་རྒྱ་གར་དང་བོད་ཀྱི་ས་མཚམས་དབར་རྒྱ་དཀར་ནག་གཉིས་ཀྱི་རྙོག་འཛིང་གི་རྐྱེན་གྱིས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་གནང་རྒྱུ་མེད་པ་བཅས་དགོས་འདུན་དོན་ཚན་གསུམ་གྱི་ཐོག་ནས་ཟླ་ ༡༡ ཚེས་ ༢ ཉིན་བོད་མི་ན་གཞོན་བསྟན་འཛིན་དོན་གྲུབ་ལགས་ཀྱིས་བཞུགས་སྒར་དྷརྨ་ས་ལ་ནས་དབུ་འཛུགས་ཀྱིས་རྣ་ཐོས་ལའི་ས་མཚམས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་དོན་ལྟར་ད་ཆ་ཟླ་བ་གཅིག་ཏག་ཏག་ཕྱིན་ཡོད་པ་དང་། ཁོང་དང་ཁོང་གི་ཕྱག་རོགས་བསྟན་འཛིན་ཉི་མ་ལགས་རྣམ་གཉིས་ཁ་སང་དགོང་མོར་རྒྱ་གར་ཨུཏྟར་མངའ་ཁོངས་རྒྱལ་ས་ལྡི་ལི་ནས་སྤྱི་ལེ་ ༡༦༠ ལྷག་གི་སར་ཆགས་པའི་ Aligarh ལ་འབྱོར་འདུག དེ་རིང་མུ་མཐུད་ Aligarh ནས་lucknow གྱི་གཞུང་ལམ་བརྒྱུད་གོམ་བགྲོད་གནང་བཞིན་པ་རེད།གསར་འགོད་པས་བསྟན་འཛིན་དོན་གྲུབ་ལགས་དང་བསྟན་འཛིན་ཉི་མ་ལགས་རྣམ་གཉིས་ལ་གོམ་བགྲོད་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་སྐབས་ཁོང་གཉིས་ཀྱིས་ཉིན་གྲངས་ལྔའི་གོང་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་དུ་དོན་ཚན་གསུམ་གྱི་སྒོ་ནས་ཞུ་གཏུག་གི་གསར་འགོད་ལྷོན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་གཙོས་གཞུང་ཚབ་ཁག་ཏུ་ཡིག་ཆ་འགྲེམས་སྤེལ་གནང་ནས་ལས་འགུལ་ཚགས་ཚུད་བྱུང་ཡོད་པ་མ་ཟད། སླད་མར་ཉིན་གྲངས་ ༡༣ ལྷག་གི་རྗེས་སུ་ lucknow  ཁུལ་དུ་འབྱོར་འཆར་ཡོད་པ་བཞིན་ཁུལ་དེར་བོད་དོན་རྒྱབ་སྐྱོར་བ་དང་མཇལ་འཕྲད་དང་གསར་འགོད་ལྷན་ཚོགས་གནང་འཆར་ཡོད་པ་སོགས་ངོ་སྤྲོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།