Tibetan Royal Year of 2151 | Year of the Wood Dragon

བོད་མི་བཞིར་ལོ་གཉིས་རེའི་བཙོན་འཇུགས་ཁྲིམས་ཐག་བཅད་པ། 

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

བོད་གསེར་རྟ་རྫོང་གི་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ་རི་མགོ་སྡེ་བ་ནས་ཡིན་པའི་བོད་མི་དགེ་ལོ་དང་ཚེ་རྡོ། འབའ་མོ། ཀོ་རིས་བཅས་ལ་ལོ་གཉིས་རེའི་ཁྲིམས་ཐག་བཅད་པ་དང་ད་ལྟའི་ཆར་གཡག་རྔ་བཙོན་ཁང་དུ་བཀག་ཉེར་བྱས་འདུག

ཕྱི་ལོ་༢༠༢༢ ཟླ ༨ ཚེས ༢༤ ཉིན་རྒྱ་ནག་གཞུང་གིས་བོད་གསེར་རྟ་རྫོང་གི་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ་རི་མགོ་སྡེ་བ་ནས་ཡིན་པའི་བོད་མི་ཕྱུག་དར་དང་དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་བཅས་ཀྱི་བསང་གསོལ་དང་ཞབས་རིམ་གསོག་སྒྲུབ་སོགས་ཆོས་ཕྱོགས་ཀྱི་བྱ་བ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གསེར་རྟ་རྫོང་ནས་བོད་དཀར་མཛེས་རྫོང་གི་བཙོན་ཁང་དུ་བཙན་ཁྲིད་བྱས་པ་མ་ཚད་པར་ཁོང་རྣམས་ལ་གཅར་རྡུང་དྲག་པོ་བཏང་ནས་བོད་མི་ཕྱུག་དར་ལགས་དམར་གསོད་བཏང་སྟེ་འདི་ལོའི་ཕྱི་ཟླ་ ༧ ཙམ་ལ་བོད་མི་གཞན་བཞི་པོ་རྣམས་གློད་བཀྲོལ་བཏང་ཡོད་པ་རེད།  

བོད་མི་ཞིག་གིས་གསར་འགོད་པར་དེ་འབྲེལ་གནས་ཚུལ་མཁོ་སྤྲོད་གནང་གསལ། ཉེ་ལམ་ཕྱི་ཟླ་ ༩ པ་ཡས་མས་ཤིག་ལ་བོད་མི་དགེ་ལོ་ལགས་དང་། ཚེ་རྟོ་ལགས། འབའ་མོ་ལགས། ཀོ་རིས་ལགས་བཅས་བསྐྱར་དུ་འཛིན་བཟུང་བྱས་ཏེ་ལོ་གཉིས་རེའི་ཁྲིམས་ཐག་བཅད་ནས་ད་ལྟའི་ཆར་གཡག་རྔ་བཙོན་ཁང་དུ་བཅུག་ཡོད་པར་ངོ་སྤྲོད་གནང་སོང་།

ཁོང་གིས་མུ་མཐུད་ནས་གསུངས་པར་བོད་མི་བཞི་པོ་རྣམས་དེ་སྔ་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ནས་གཅར་རྡུང་དང་འདྲི་རྩད་བྱས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་། ཟླ་ཤས་རྗེས་ཁོང་རྣམས་བསྐྱར་དུ་འཛིན་བཟུང་བཙན་ཁྲིད་བྱེད་དོན་གང་ཡིན་ ཤེས་རྟོགས་མེད་སྐོར་གསུངས་ཡོད།   

རྩ་བའི་རྒྱ་གཞུང་གིས་ཆོས་ཕྱོགས་ཀྱི་བྱ་གཉེར་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་གཅར་རྡུང་དྲག་པོ་བཏང་སྟེ་འདས་གྲོངས་སུ་གྱུར་བའི་བོད་མི་ཕྱུག་དར་ལགས་ནི་རང་ལོ་ ༥༢ ཡིན་པ་དང་ཁོང་ལ་ཕྲུ་གུ་ཞིག་ཡོད་པ་དང་། ཕྱུག་དར་ལགས་དང་ད་ལྟ་གཡག་རྔ་བཙོན་ཁང་དུ་ཡོད་པ་དགེ་ལོ་ལགས་དང་ཚེ་རྟོ་ལགས། འབའ་མོ་ལགས། ཀོ་རིས་ལགས་བཅས་ནི་ཁེས་སྐོར་ཡུལ་ཚོའི་མི་མང་གིས་བསྐོ་གཞག་བྱས་ཏེ་ས་གནས་སུ་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་གོ་སྒྲིག་གནང་གི་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།