Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།

Tibetan News Headlines

  • NED honors Sikyong Penpa Tsering and Tibet Action Institute with Democracy awards
  • Dalai Lama congratulates Mexico’s President-Elect Claudia Sheinbaum
  • US lawmakers to meet Dalai Lama on India trip next week
  • Tibetans protest Chinese premiere visit to New Zealand
  • US expands Russia sanctions, targeting entities in China
  • DIASPORA: Geshe Lobsang Gyaltsen, Former TCV Staff and Registrar of Dalai Lama College

རེས་གཟའ་པ་སངས། ༢༠༢༤།༠༦།༡༤

  • སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་ལ་ཨ་རིའི་མང་གཙོའི་གཟེངས་རྟགས་འབུལ་བཞེས་གནང་བ།
  • ༸གོང་ས་མཆོག་གིས་མེཀ་སི་ཀོའི་བདམས་ཐོན་སྲིད་འཛིན་མཆོག་ལ་འཚམས་འདྲི་མཛད་པ།
  • ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ།
  • རྒྱ་ནག་གི་སྲིད་བློན་ལ་ནིའུ་ཛི་ལེནྜ་བོད་མིས་ཞི་རྒོལ་དང་གྲོས་ཚོགས་འཐུས་མི་གཙོས་གསར་འགོད་པས་དྲི་རྩད།
  • ཨ་རིས་རྒྱ་ནག་དམིགས་འབེན་དུ་བཟུང་ནས་ཨུ་རུ་སུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ།
  • བཙན་བྱོལ་བོད་མིའི་གནས་སྟངས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་ཟུར་པ་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་པའི་སྤྱི་འཐུས་ཀྱི་ཚོགས་ཆུང་ཞིག་གིས། ཟླ་བ་འདིའི་ཚེས་ ༡༤ ནས་དབུ་འཛུགས་ཀྱིས་གཟའ་འཁོར་གཅིག་རིང་ཐེ་ཝན་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག

དེ་ཡང་ཐའེ་ཝན་གྲོས་ཚོགས་སྐབས་བཅུ་གཅིག་པའི་གྲོས་ཚོགས་འཐུས་མི་གསར་འདེམས་རྗེས། ཐའེ་ཝན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Hung, Sun-Han ལགས་ཀྱིས་ཐའེ་ཝན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཁག་གཅིག་གདན་ཞུ་གནང་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། དེ་བཞིན་ཕྱོགས་བཞུགས་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་བཅས་ཐེ་ཝན་གྱི་རྒྱལ་ས་ཐའེ་སྤེ་ནང་ཆེད་ཕེབས་གནང་ཡོད་པ་མ་ཟད། ཚོགས་གཞོན་མཆོག་གི་དབུས་པའི་སྤྱི་འཐུས་སྐུ་ཚབ་རྣམས་ཀྱིས་ཐའེ་ཝན་དུ་མ་ཕེབས་གོང་ཕྱི་ཚེས་ ༡༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་ཐའེ་ཝན་གྱི་གཞུང་ཚབ་སྐུ་ཞབས་ཀེར་བྷའོ་ཞོན་ Baushuan Ger མཆོག་དང་མཇལ་འཕྲད་གནང་འདུག

tpie-meeting with taiwan
Photo: CTA

སྤྱི་འཐུས་དྲ་གནས་ཐོག་བཀོད་པའི་གནས་ཚུལ་ནང་གསལ་ལྟར་ན། སྐབས་དེར་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་ཐའེ་ཝན་གཞུང་ཚབ་ཀྱི་ངོས་ནས་ཐའེ་ཝན་དང་བོད་མི་དབར་འབྲེལ་བ་དམ་ཟབ་ཡོང་རྒྱུར་ཐུགས་འཁུར་ཆེ་བཞེས་གནང་གི་ཡོད་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། མ་འོངས་པར་ཡང་བོད་ཀྱི་གནད་དོན་ཐད་མུ་མཐུད་ནས་རྒྱབ་སྐྱོར་ཆེས་ཆེར་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་འདུག་པ་ཙམ་མ་ཟད། སྐུ་ཞབས་ Buashuan Ger ལགས་དང་ལྷན་དུ་ཐེ་ཝན་དང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་དང་། རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དམ་ཟབ་གནང་ཕྱོགས་ཐད་བཀའ་མོལ་ལྷུག་པོ་གནང་འདུག

tpie-meeting with taiwan
Photo: CTA

གཞི་རྩའི་སྔ་ལོའི་ཕྱི་ཟླ་ ༣ པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་མཆོག་དང་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ཀྱིས་ཐེ་ཝན་ནང་ཆེད་བསྐྱོད་ཀྱིས། ཁུལ་དེའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Joseph Wu མཆོག་དང་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་སྐུ་ཞབས་ Joseph Wu དང་ལྷན་དུ་བོད་ཀྱི་གནད་དོན་ཐད་མུ་མཐུད་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་གཙོས་བཙན་བྱོལ་བོད་མིའི་ལག་དེབ་སེར་པོར་མཐོང་མཆན་གྱི་དཀའ་ངལ་འཕྲད་བཞིན་པ་སོགས་གལ་ཆེའི་གནད་དོན་ཁག་གཅིག་གི་ཐོག་གྲོས་བསྡུ་ལྷུག་པོ་གནང་ཡོད་པ་དང་། ལྷག་པར་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་དབུས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སོགས་གནད་ཡོད་མི་སྣ་ཁག་དང་མཇལ་མོལ་གནང་ཡོད་པ་རེད།

ཐེངས་འདིར་བོད་མིའི་སྐུ་ཚབ་རྣམས་ཐའེ་ཝན་དུ་གཞུང་འབྲེལ་ཕྱོགས་བསྐྱོད་དེའང། རིང་མིན་ཟླ་བ་འདིའི་ཚེས་ ༢༠ ཉིན་ཐའེ་ཝན་གྱི་བདམས་ཐོན་སྲིད་འཛིན་སྐུ་ཞབས་ Lai Ching-te ཡིས་སྲིད་འཛིན་གྱི་དམ་འབུལ་བཞེས་པའི་དུས་ཡུན་ཁྲོད་འཁེལ་གྱི་ཡོད་སྟབས། གནས་འགག་ཅིག་ཆགས་ཀྱི་ཡོད་པ་རེད། སྤྱིར་སྐུ་ཞབས་ Lai Ching-te མཆོག་ཐའེ་ཝན་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁོང་ལ་འཚམས་འདྲི་དང་འབྲེལ། བཙན་བྱོལ་དུ་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་བཞིན་པའི་བོད་མི་རྣམས་ནས་ཐེ་ཝན་མི་མང་གིས་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཡིད་སྨོན་ཆེ་ཆེར་ཞུ་ཡི་ཡོད་པ་དང་། ང་ཚོས་སྤྲོ་སེམས་ངང་ནས་ཕྱོགས་གཉིས་ཀྱི་མཉམ་མཐུན་འབྲེལ་ལམ་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་ངང་སྒུག་གནང་བཞིན་ཡོད་ཅེས་གསུངས་ཡོད་པ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཐེ་ཝན་གྱིས་སླར་ཡང་མང་གཙོའི་ལམ་ལུགས་ལ་དམ་བཅའ་བརྟན་པོ་ཡོད་པ་གསལ་སྟོན་གནང་ཡོད་པ་དང་། ཕྱོགས་གཉིས་ཀྱི་མི་མང་དབར་འབྲེལ་ལམ་དམ་ཟབ་ཡོང་བའི་རེ་འདུན་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།