fbpx

Tibetan Royal Year of 2150 | Year of the Water Rabbit

བོད་རང་སྐྱོང་ལྗོངས་ཟེར་བར་འབྲི་ཀློག་གི་ཤེས་ཚད་དམའ་ཤོས་ཡིན་པ་གསལ་བཏོན་གནང་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་དང་ཁ་ཆེ་དབར་དམིགས་བསལ་འབྲེལ་བ་ཡོད་པར་བཀའ་སྩལ་བ།
  • གྲོས་ཚོགས་ཀྱི་ལས་ཉིན་ལྔ་པ་ཆ་ཚང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོར་བཏང་ཡོད།
  • སུད་སིར་བོད་མི་གཙོས་སྐྱབས་བཅོལ་ཞུ་མི་རྣམས་ཀྱི་དཀའ་ངལ་སེལ་ཆེད་གྲོས་ཆོད་གཏན་འབེབས།
  • རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༦ དབུ་འཛུགས།
  • སྦེལ་འཇམ་གཞུང་གིས་ནང་ཆོས་དེ་ཉིད་གཞུང་འབྲེལ་ཆོས་བརྒྱུད་གྲས་སུ་ངོས་འཛིན།
  • བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་སཱི་ཤེས་ཡོན་ཟབ་ཁྲིད།

Monday 20/03/2023

  • Dalai Lama meets with Muslim scholars, speaks on common values between Islam and Buddhism
  • 11th Public Accounts Committee presents report to Parliament
  • Swiss National Council approves motion seeking relief for asylum seekers
  • Tibetan Opera ‘Shoton’ festival begins in Mundgod Tibetan settlement
  • Belgium officially recognises Buddhism as a non-denominational religion
  • SEE Learning conducts workshop for North America’s weekend Tibetan language and culture teachers
(Visited 8 times, 1 visits today)

ལྡི་ལིར་རྟེན་གཞི་བྱས་པའི་ ORCA ཞེས་རྒྱ་ནག་དང་ཨེ་ཤི་ཡའི་ཉམས་ཞིབ་ཁང་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་མི་འབོར་ཞིབ་བཤེར་དང་འབྲེལ་བའི་ཉམས་ཞིབ་འབྲུ་དོན་ཞིག་འདོན་སྤེལ་གནང་བའི་ནང་བོད་རང་སྐྱོང་ལྗོངས་ཟེར་བར་འབྲི་ཀློག་གི་ཤེས་ཚད་དམའ་ཤོས་ཡིན་པ་ཐེར་བཏོན་གནང་འདུག

ཉམས་ཞིབ་ཁང་དེའི་ཉམས་ཞིབ་པ་བགྲེས་པ་སྐུ་ཞབས་ Rahul Karan Reddy ལགས་དང་སྐུ་ཞབས་ Omkar Bhole ལགས་རྣམ་གཉིས་ཀྱིས་འདོན་སྤེལ་གནང་བའི་ཉམས་ཞིབ་ཀྱི་འབྲུ་དོན་དེའི་ནང་རྒྱ་ནག་རྒྱལ་ཡོངས་ཀྱི་སྤྱི་ཚོགས་སྡེ་ཁག་གི་ཚད་གཞི་དུ་མའི་སྒྲོམ་གཞི་ཁག་མངའ་སྡེའི་རིམ་པ་ཐོག་ནས་མངོན་གསལ་གནང་ཡོད་ཅིང་། དེའི་ནང་རྒྱ་ནག་གཞུང་གྱིས་འདས་པའི་ཕྱི་ལོ་ ༢༠༠༠ དང་ ༢༠༡༠ དེ་བཞིན་ ༢༠༢༠ སོ་སོར་མི་འབོར་ཞིབ་བཤེར་བྱས་པའི་སྙན་ཐོ་ཁག་ཕྱོགས་བསྡོམས་གནང་ཡོད་པ་དང་། ཐེངས་འདིའི་ཉམས་ཞིབ་འབྲུ་དོན་དེ་ཕྱི་ལོ་ ༢༠༢༠ ལོའི་རྒྱ་ནག་གི་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་ཐེངས་བདུན་པར་ཁུངས་བཅོལ་ཡོད་འདུག

ད་རེས་ལྡི་ལི་རྟེན་གཞི་བྱས་པའི་རྒྱ་ནག་དང་ཨེ་ཤི་ཡའི་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བགྲེས་པ་ཁོང་རྣམ་པ་གཉིས་ཀྱིས་དཔྱད་ཞིབ་དེའི་ནང་དེ་སྔ་རྒྱ་ནག་གཞུང་གྱིས་སྤེལ་བའི་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་ཁག་གསུམ་གྱི་ནང་ནས་རྐང་བོད་རང་སྐྱོང་ལྗོངས་ཟེར་བའི་སྐོར་ཉམས་ཞིབ་གནང་ཡོད་པ་དང་། དེ་འབྲེལ་དཔྱད་ཞིབ་གསུམ་ཀའི་ནང་རྒྱ་ནག་ཁྱོན་ཡོངས་ནས་བོད་རང་སྐྱོང་ལྗོངས་ཟེར་བར་འབྲི་ཀློག་གི་ཤེས་ཚད་དང་གྲོང་ཁྱེར་ཡར་རྒྱས་ཀྱི་ཚད་གཞི་དམའ་ཤོས་ཡིན་པ་མངོན་གསལ་གནང་འདུག 

ཡང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་ཡུ་ནན་དང་ཀན་སུའུ། Guizhou ཞིང་ཆེན་སོགས་ནང་གི་མི་འབོར་ཕྱེད་ཀ་ལྷག་གྲོང་ཁྱེར་ནང་གནས་སྡོད་བྱེད་བཞིན་ཡོད་པ་དང་།  རྒྱ་ནག་གི་ Guangdong དང་ Shangdong གཉིས་མི་འབོར་མང་ཤོས་ཀྱི་ཞིང་ཆེན་ཡིན་པ། དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ Shanghai དང་ Guangdong  Zhejiang གཞན་ཡང་བྱང་ཤར་ཁུལ་གྱི་མངའ་ཁུལ་སོགས་ནང་དཔལ་འབྱོར་གྱི་གོ་སྐབས་ཆེས་མང་བ་ཡོད་པའི་རྐྱེན་གྱིས་ཁུལ་དེར་ལས་ཀ་བྱེད་མཁན་གྱི་གྲངས་འབོར་མང་བ་ཡོད་པ་སོགས་མངོན་གསལ་གནང་འདུག

ཉམས་ཞིབ་པ་སྐུ་ཞབས་ཁོང་གཉིས་ཀྱིས་རྒྱ་ནག་རྒྱལ་ཡོངས་ཀྱི་སྤྱི་ཚོགས་སྡེ་ཁག་གི་ཚད་གཞི་དུ་མའི་སྒྲོམ་གཞི་ཁག་གི་ཐོག་ལ་ཉམས་ཞིབ་ཀྱི་འབྲུ་དོན་དེ་འདོན་སྤེལ་གནང་བའི་བརྒྱུད་གཙོ་བོ་རྒྱ་ནག་སྐོར་ཉམས་ཞིབ་གནང་མཁན་རྣམས་ལ་རྒྱ་ནག་རྒྱལ་ཡོངས་དང་མངའ་ཁུལ་སོ་སོའི་ནང་གི་མི་འབོར་འཕེལ་ཕྱོགས་སྐོར་གོ་རྟོགས་གཏིང་ཟབ་དང་ཞིང་ཆེན་གལ་ཆེ་ཁག་ངོས་འཛིན་ཡོང་བར་མཐུན་འགྱུར་གནང་ཆེད་ཡིན་པར་གསུངས་འདུག

རྩ་བའི་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་འབྲེལ་གྱི་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་ཐེངས་བདུན་པ་དེ་བཞིན་ཁྱབ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་བརྒྱུད་མ་འོངས་ཁ་ཕྱོགས་ལ་དཔྱད་ཞིབ་བྱ་རྒྱུའི་གལ་ཆེའི་ཆ་རྐྱེན་ཞིག་ཆགས་ཀྱི་ཡོད་པ་མ་ཟད། སྙན་ཐོ་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་ས་ཚིགས་དྲུག་འབུམ་ལྷག་ནང་ལས་ཀ་བྱེད་བཞིན་པའི་རྒྱ་རིགས་ལས་བྱེད་ས་ཡ་བདུན་གྱིས་ཞིབ་བཤེར་བྱས་པའི་འབྲུ་དོན་ཞིག་ཡིན་པ་རེད།

(Visited 119 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།