Tibetan Royal Year of 2151 | Year of the Wood Dragon

བོད་རྒྱ་ཆེ་མི་མང་གི་སྙིང་སྟོབས་རི་ལྟར་བརྟན་པོ་ཡོད་པ་བཀའ་སྩལ་སོང་།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

དེ་རིང་སྔ་དྲོ་ཕྱག་ཚད་ ༨ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤི་ཡའི་དད་མང་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དཔལ་ལྡན་ཟླ་བ་གྲགས་པའི་མཛད་པས་དབུ་མ་འཇུག་པ་རང་འགྲེལ་ཐོག་ནས་བཀའ་ཆོས་དབུ་འཛུགས་མཛད་སོང་།དེ་ཡང་སྔ་དྲོ་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བའི་སྐུ་ཚབ་མི་སྣས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བར་དུ་སྤོས་སྣེའི་སྤྱན་འདྲེན་གཟབ་རྒྱས་ཞུས་སོང་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གི་བཀའ་ཆོས་འདི་བཞིན་དངོས་སུ་དབུ་འཛུགས་མ་གནང་གོང་དུ་དེ་རིང་གི་བཀའ་ཆོས་དབུ་མ་འཇུག་པ་དེའི་ནང་སྟོང་ཉིད་ཀྱི་ལྟ་བ་རྩལ་དུ་བཏོན་ནས་གསུངས་ཀྱི་ཡོད་པ་དང་འབྲེལ་ནས། སངས་རྒྱས་ཀྱི་ཆོས་ནི་རྒྱུ་མཚན་ལྡན་པ་ཞིག་ཡིན་སྐོར་དང་། སྐྱབས་སུ་འགྲོ་བ་ཙམ་ཀྱི་མི་ཕན་པར་ནང་པའི་ཆོས་ཚུལ་ཐོག་ལ་ཞིབ་ཚགས་པོར་བསམ་བློ་གཏང་དགོས། དེའི་ཆེད་དུ་ནང་ཆོས་སློབ་སྦྱོང་བྱ་དགོས་པ་བཀའ་སྩལ་མཛད་སོང་།དེ་བཞིན་དེང་གི་འཆར་རྒྱ་ནག་གཞུང་གི་བོད་ནང་ནང་ཆོས་འདི་ཉིད་རྩ་གཏོར་གཏོང་ཐབས་ཀྱི་སྲིད་བྱུས་སྣ་ཚོགས་སྤེལ་གྱི་ཡོད་ཀྱང་། བོད་མི་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་རི་ལྟར་བརྟན་པོ་ཡོད་པ་བཀའ་སྩལ་སོང་།མགོན་པོ་༸གང་ཉིད་མཆོག་ནས་དུས་རྟག་ཏུ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་ཉམས་བཞེས་མཛད་ཀྱི་ཡོད་པ་༸གང་ཉིད་ཀྱི་ཐུགས་རྒྱུད་ལ་དེའི་ཐོག་རྩོལ་བཅས་ཀྱི་མྱོང་བ་འཁྲུངས་ཡོད་སྐོར་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་།མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མ་འཇུག་པའི་མཆོད་བརྗོད་སྙིང་རྗེ་དེ་ལས་འཕྲོས་ནས་དེང་གི་འཆར་འཛམ་གླིང་ནས་སྙིང་རྗེས་སམ་ཀ་རུ་ན་ཞེས་པ་ཞན་པོ་ཡོད་སྐོར་དང་དེའི་ཐད་རིང་མིན་མཐོ་སློབ་ཀྱི་དགེ་རྒན་དང་མཁས་དབང་རྣམ་པའི་ལྷན་དུ་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཚན་ནང་སྙིང་རྗེ་གཙོ་བོར་འགྱུར་བའི་སེམས་བཟང་པོ་བྱ་ཐབས་སོགས་ཀྱི་སྐོར་སློབ་སྦྱོང་སྤྲད་དགོས་པའི་བཀའ་མོལ་གོ་བསྡུར་གནང་རྒྱུའི་དགོངས་གཞི་ཡོད་སྐོར་གསུངས་སོང་།རྩ་བའི་དེ་རིང་བཀའ་ཆོས་ཀྱི་ཉིན་དང་པོའི་ཐོག་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་མང་ཚོགས་གཙོས་པའི་བཞུགས་སྒར་བོད་མིའི་འདུས་སྡོད་དང་ས་གནས་ཁག་ནས་བོད་མི་སྟོང་ཕྲག་འགའ་ཤས་ཆེད་བཅར་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།