Tibetan Royal Year of 2151 | Year of the Wood Dragon

མཁར་དམར་དགོན་པའི་དགོན་བདག་བླ་མ་གར་ཡོད་ཤེས་རྟོགས་མེད་པར་གྱུར་འདུག

Tibetan News Headlines

  • North America Tibetans to offer ‘Tenshug’ to the Dalai Lama
  • Tibetans in Canada celebrate Resolve Tibet Act and Canadian parliament motion for Tibet’s self determination
  • Dalai Lama extends congratulations to Ms. Roberta Metsola and Ms. Ursula von der Leyen on EU leadership continuation
  • EU-China ties looking rocky after re-election of Ursula von der Leyen

རེས་གཟའ་ཟླ་བ། ༢༠༢༤།༠༧།༢༢

  • ༸གོང་ས་མཆོག་ལ་བྱང་ཨ་རིའི་བོད་མི་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཞལ་བཞེས་ཐོབ་འདུག
  • ཨ་རིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དང་ཁེ་ན་ཌས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་བར་དགའ་སྟོན།
  • ༸གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་དང་ལྷན་ཚོགས་ཀྱི་ཚོགས་གཙོར་འཚམས་འདྲི་མཛད་འདུག
  • ལྕམ་ Ursula ལགས་ཀྱི་འཛིན་སྐྱོང་འོག་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཁག་ཏུ་འགྲོ་རྒྱུའི་ཚོད་དཔག

འདི་ལོའི་ཕྱི་ཟླ་ ༨ པའི་ཟླ་འགོར་རྒྱ་ནག་གཞུང་གིས་བཙན་དབང་ཐོག་སྒོ་བརྒྱབ་པའི་མཁར་དམར་དགོན་པའི་དགོན་བདག་བླ་མ་གར་ཡོད་ཀྱི་གནས་སྟངས་ཇི་ཆགས་ཤེས་རྟོགས་མེད་པར་གྱུར་འདུགརྩ་བའི་མཁར་དམར་དགོན་པའི་ལོ་རྒྱུས་ཁྲོད་ཀྱི་མིང་ངོ་མ་དེ་བཀྲིས་ས་སྐྱ་མཁར་དམར་མདོ་སྔགས་བཤད་སྒྲུབ་གླིང་ཞེས་བོད་བརྒྱུད་ནང་བསྟན་གྱི་ས་སྐྱའི་ཁོངས་སུ་གཏོགས་པའི་དགོན་པ་ཞིག་ཡིན་ཅིང་། དགོན་པ་དེ་ཀན་སུའུ་ཞིང་ཆེན་ཧུའི་རྒྱ་ཁ་ཆེའི་རང་སྐྱོང་ས་ཁུལ་གྱི་ཤིས་ཧོ་གྲོང་རྡལ་དུ་ཆགས་པ་དང་འགྲོ་མགོན་ཆོས་རྒྱལ་ཕགས་པའི་སྐུ་དུས་སུ་ཕྱག་བཏབ་པ་དང་། དེ་སྔོན་དགོན་པ་དེར་གྲྭ་བཙུན་ ༣༠༠༠ ལྷག་ཡོད་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དགོན་པ་ཞིག་ཡིན་པ་རེད། འདི་ལོའི་ཕྱི་ཟླ་ ༨ པའི་ཟླ་འགོར་གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་དུ་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་སྐབས་དགོན་པའི་བླ་མས་ཕྱོགས་ཐམས་ཅད་དུ་ཁྱབ་པའི་སློབ་མ་རྣམས་ལ་འབོད་སྐུལ་གནང་དོན་ལྟར་ཞལ་འདེབས་ཕོན་ཆེ་བསྡུ་རུབ་གནང་སྟེ་མང་ཚོགས་ལ་རོགས་སྐྱོར་གྱི་ལས་གཞི་སྤེལ་བར་འབྲེལ་བ་བཏགས་ནས་རྒྱ་ནག་གཞུང་གིས་དགོན་པ་སྒོ་བརྒྱབས་ཏེ་གྲྭ་བཙུན་རྣམས་སྐྱ་བབས་དགོས་པའི་བཙན་བཀའ་བཏང་ཡོད་པ་རེད། སྐབས་དེར་སྤྱི་ཚོགས་དྲ་ལམ་ཁག་ཏུ་འདྲ་པར་དང་བརྙན་པར་ཁག་ཅིག་ཕྱིར་འགྱར་བྱུང་བའི་ནང་དུ་དགོན་པའི་གྲྭ་བཙུན་ཁག་ཅིག་གིས་དགོན་པའི་མདུན་ཐང་དུ་ཞལ་འདོན་གནང་སྟེ་སྲིད་གཞུང་གི་བཀའ་རྒྱར་ཞི་བའི་ངོ་རྒོལ་གནང་བཞིན་པ་དང་ལ་ལས་དགོན་པ་སྒོ་བརྒྱབས་པ་དང་བཙན་དབང་གིས་སྐྱ་བབས་ཏུ་བཅུག་པའི་སྡུག་བསྔལ་ལ་བཟོད་མ་ཐུབ་པར་ངོ་འབོད་གནང་བཞིན་ས་ལ་སྒྱེལ་བ། ཁག་ཅིག་དགོན་པའི་ཐོག་ནས་རང་སྲོག་གཅོད་ཐབས་བྱེད་བཞིན་པ་སོགས་ཡིད་སྐྱོ་བའི་གནས་སྟངས་མངོན་གསལ་བྱུང་ཡོད་པ་རེད།ཁ་སང་ཨ་རིའི་ནང་གི་ NPR.org ཞེས་པའི་བརྒྱུད་ལམ་གྱི་དྲ་གནས་ཐོག་ཉེ་ཆར་བརྒྱུད་ལམ་དེའི་གསར་འགོད་པ་ Emily Feng ཞུ་བ་ཞིག་མཁར་དམར་དགོན་པ་ཡོད་སའི་གྲོང་སྡེར་སྐྱོད་སྐབས་ཀྱི་གནས་ཚུལ་དང་སྒྲ་འཇུག་རྣམས་ཕྱིར་བསྒྲགས་གནང་བར་དགོན་པ་ད་དུང་ཡང་སྒོ་བརྒྱབ་ནས་ཡོད་པ་དང་། དགོན་པར་ཡོང་མཁན་རྣམས་ལ་ཉེན་རྟོག་པས་བཀག་འགོག་བྱེད་བཞིན་ཡོད་པར་མ་ཟད་དེ་སྔ་རྒྱ་གཞུང་གིས་གར་སོང་ཆ་མེད་དུ་བཏང་བའི་དགོན་པའི་དགོན་བདག་བླ་མ་ད་དུང་གར་ཡོད་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད་པ་སོགས་མངོན་གསལ་གནང་འདུག

NPR བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གསར་འགོད་པ་དགོན་པའི་སྒོ་ཁར་སླེབས་སྐབས་དགོན་པ་སྒོ་བརྒྱབ་ཡོད་པ་དང་། དགོན་པའི་རྒྱལ་སྒོ་འགྲམ་དུ་ཡོད་པའི་རྒྱའི་ཉེན་རྟོག་པས་ཁོང་རྣམས་ལ་བཀག་སྡོམ་བྱས་ཡོད་ཀྱང་། དེ་ལྟར་བྱེད་པའི་རྒྱུ་མཚན་གང་ཡིན་དྲིས་པར་ཁོང་རྣམས་ལ་གང་ཡང་བཤད་ཆོག་གི་མེད་སྐོར་བརྗོད་པ་མ་ཟད། དགོན་པའི་གྲྭ་བཙུན་རྣམས་བདེ་ཐང་ཡིན་ཞེས་བརྗོད་པ་སོགས་སས་དགོན་པའི་ནང་གི་དངོས་ཡོད་གནས་སྟངས་འགྲེལ་བརྗོད་གནང་འདུག

འདི་ལོར་མཁར་དམར་དགོན་པ་སྒོ་བརྒྱབ་པའི་གནས་ཚུལ་ཐོན་ནས་བདུན་ཕྲག་གཅིག་གི་སྔོན་ཚུད་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་དུ་གཞུང་འབྲེལ་སྐོར་སྐྱོད་ལ་སླེབས་ཡོད་པ་དང་། སྐབས་དེར་ཁོ་པས་ཀྲུང་སྒོའི་ཁྱད་ཆོས་ལྡན་པའི་བོད་བརྒྱུད་ནང་བསྟན་ཞིག་བསྐྲུན་དགོས་སྐོར་སོགས་ཀྱི་གཏམ་བཤད་ཤུགས་ཆེར་སྤེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།