Tibetan Royal Year of 2151 | Year of the Wood Dragon

མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།

Tibetan News Headlines

  • Dalai Lama gives audience to Himalayan Buddhists from Rolwa Ling
  • One household and One file: Surveillance ramped up after anti-dam protests
  • GCM Gold Cup Final and Green Book debacle
  • Taiwan’s parliament passes bill pushing pro-China changes
  • East Turkistan government in exile calls on US to pass Uyghur Policy Act
  • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

  • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
  • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
  • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
  • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་གྱི་ཁྲིམས་བཤེར་དགོས་པའི་ཞུ་འབོད་གནང་བར་ཁོང་ལ་གཅར་རྡུང་བཏང་ཡོད་པ་རེད་འདུག

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་བོད་མི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས། ཁོང་གི་གཅུང་པོར་ད་དུང་ཡང་དྲང་བདེན་གྱི་ཁྲིམས་བཤེར་བྱུང་མེད་སྟབས་། ཁོང་ལ་བཀལ་བའི་ཚེ་བཙོན་གྱི་ཁྲིམས་ཆད་དེར་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་གནང་བར་ལྷ་ས་གྲོང་ཁྱེར་གྱི་རྒྱ་ནག་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཏེ། བཀག་ཉར་དང་གཅར་རྡུང་བཏང་ཡོད་པ་རེད་འདུག

ཁ་སྔོན་མགོན་པོ་སྐྱིད་ལགས་ཀྱིས་དེ་འབྲེལ་གནད་དོན་ཐོག་བརྙན་ཐུང་ཞིག་བཟོས་པ་དེ་ཕྱིར་གྱར་བྱུང་ཡོད་པ་དང་། བརྙན་ཐུང་དེའི་ནང་ཡིག་ཐོག་ཏུ་ཞུ་འབོད་གནང་བའི་གནང་བའི་ནང་། རྡོ་རྗེ་བཀྲ་ཤིས་ཀྱི་ཁྲིམས་རྩོད་པར་ཁོང་གི་གྱོད་གཞི་དེ་ལྟ་ཀློག་བྱེད་འཇུག་དགོས་པ་དང་། ཁོང་ནི་ཉེས་མེད་ཅིག་ཡིན་པར་ཁྲིམས་ཁང་གི་ངོས་ནས་ཁྲིམས་ཆད་དེར་བསྐྱར་ཞིབ་བྱ་དགོས་ཞེས་འཁོད་འདུག

དེ་བཞིན་ཁོང་གིས་ངག་ཐོག་ནས་གསུངས་པའི་ནང་དོན་དུ། ལྷ་སའི་རྒྱ་ནག་ཉེན་རྟོག་པ་རྣམས་ཀྱིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཀྱི་ཡོད་ཀྱང་། ཚུར་ཞ་མོ་ནག་པོ་གཡོག་གིན་འདུག གནས་ལུགས་དང་དྲང་བདེན་གྱི་སྐད་ཆ་བཤད་པའི་ཐོབ་ཐང་མི་འདུག དེ་བཞིན་ཉེན་རྟོག་པས་ཁོང་ལ་འཛིན་བཟུང་དང་གཅར་རྡུང་བཏང་བ་རྣམས་བརྙན་ལེན་མི་ཆོག་པར་ཁ་པར་བཅག་པ་སོགས་བྱས་ཡོད་པ་མངོན་གསལ་གནང་འདུག

༢༠༢༤།༠༢།༢༠ བོད་རང་སྐྱོང་ལྗོངས་མཐོ་རིམ་མི་མང་ཁྲིམས་ཁང་མདུན།

རྩ་བའི་མགོན་པོ་སྐྱིད་ལགས་ཀྱིས་ཁོང་གི་གཅུང་པོ་རྡོ་རྗེ་བཀྲ་ཤིས་ལགས་སུ་རྒྱ་གཞུང་གིས་དྲང་བདེན་གྱི་ཁྲིམས་བཤེར་བྱས་མེད་པར་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཏང་བ་དེར་ཞུ་འབོད་དང་ཞི་རྒོལ་ཐེངས་མང་བྱས་ཡོད་པའི་ཁྲོད།  འདི་ལོའི་ཕྱི་ཟླ་ ༣ པའི་ནང་མགོན་པོ་སྐྱིད་ལགས་ཀྱིས། རྒྱ་ནག་ཁྲིམས་ཁང་ནས་རྒྱལ་ཁབ་ཀྱི་ཁྲིམས་གཞིར་བཟུང་རྡོ་རྗེ་བཀྲིས་ལགས་ལ་དྲང་བདེན་གྱི་ཁྲིམས་བཤེར་བྱ་དགོས་པ་དེ་ལྟར་ཡང་། ང་ཚོར་ཁྲིམས་བཤེར་བསྐྱར་དུ་བྱ་དགོས་པའི་རེ་བ་འདོན་རྒྱུའི་ནུས་པ་དང་ཐོབ་ཐང་གཉིས་ཀ་མེད་པ་ཡིན་སྟབས། རྡོ་རྗེ་བཀྲིས་ལགས་མུ་མཐུད་བཙོན་ཁང་ནང་ལུས་ཡོད་པ་མ་ཟད། ང་ཚོར་ཕྱི་ཕྱོགས་སུ་ཡོད་པ་རྣམས་ལ་ཡང་བདེན་པ་དང་དངོས་ཡོད་གནས་ཚུལ་བཤད་རྒྱུའི་ཐོབ་ཐང་མེད་པར་བཙོན་པ་ལྟ་བུའི་ལྟ་ཕྱོགས་འཛིན་བཞིན་ཡོད་ཅིང་། དེའང་ང་ཚོར་ཐོབ་ཐང་མེད་པའི་རྐྱེན་གྱིས་བྱ་སྤྱོད་དེ་དག་མྱོང་བཞིན་ཡོད་ཅེས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བའི་མདུན་དུ་ཞི་བའི་ལས་འགུལ་སྤེལ་ཡོད་པ་རེད།

གཞི་རྩའི་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ས་གནས་ཆབ་སྲིད་འགོ་ཁྲིད་ཁག་གཅིག་གིས་རྡོ་རྗེ་བཀྲ་ཤིས་ལགས་སུ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པ་དེ་ལྟར་ཡང་། ཁོང་ལ་འདོགས་པའི་ཆབ་སྲིད་ཀྱི་ནག་ཉེས་དེ་དག་རྩ་བ་ནས་ཁུངས་སྐྱེལ་མ་ཐུབ་སྟབས། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ཁྲིམས་ཁང་གིས་གསང་བའི་ཁྲིམས་བཤེར་ཚོགས་ཏེ་ཁོང་ལ་བུ་ལོན་གཡོ་ལེན་བྱས་པའི་ཉེས་འཛུགས་ཀྱིས་ཚེ་བཙོན་ཁྲིམས་ཐག་བཅད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།