fbpx

Tibetan Royal Year of 2150 | Year of the Water Rabbit

མོན་གྷོ་འདོད་རྒུ་གླིང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༦ དབུ་འཛུགས།  

Tibetan News Headlines

  • བཞུགས་སྒར་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲེན་ཐེངས་ ༢༨ པ་དབུ་འཛུགས།
  • མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད།
  • རྒྱ་གཞུང་ནས་གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཐོག་འགན་ལེན་དགོས་པ།
  • རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་ Jimmy Lai གི་གནས་བབ་ཐད་ཐུགས་འཚབ་མངོན་གསལ།
  • ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཞིག་རྒྱ་ནག་གི་གཏན་འཇག་མིང་གཞུང་ནག་པོའི་ནང་ཡོད་པ་མངོན་གསལ།
  • གཞན་ཕན་ཁྱིམ་གསར་གྱི་གློག་བརྙན་ནང་ Nawazuddin མཉམ་ཞུགས་བྱ་རྒྱུ་ཡིན་འདུག

Thursday 01/06/2023

  • 28th GCM Football tournament begins in Dharamsala
  • CTA inaugurates new camp for Tibetans from Tibet in Mundgod
  • Right group urges China to acknowledge Tiananmen Massacre
  • UN experts express ‘grave concern’ over detention of Jimmy Lai in Hong Kong
  • Canadian MP under China evergreen blacklist, former Conservative leader targeted
  • Bollywood actor Nawazuddin teams up with Tibetan Director for ‘Karma’
(Visited 4 times, 1 visits today)

རྒྱ་གར་ལྷོ་ཕྱོགས་མོན་གྷོ་ལྷ་མོ་ཚོགས་པ་དབུ་བརྙེས་ཏེ་མི་ལོ་  ༢༥  འཁོར་བ་དང་བསྟུན་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༦ པ་དེ་ཉིད་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཁ་སང་ནས་དབུ་འཛུགས་གནང་སོང་།

དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་དང་གདན་ས་གསུམ་གྱི་མཁན་རིན་པོ་ཆེ་རྣམ་པ། ས་གནས་འགོ་འཛིན། གཞིིས་མི་དང་སློབ་ཕྲུག དེ་བཞིན་གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་སྟོང་ཕྲག་ལྷག་ཆེད་ཕེབས་གནང་འདུག

ཞོ་སྟོན་རྒྱས་པ་ཐེངས་ ༢༦ ཐོག་བྱང་ཨ་རི་ནས་ཕེབས་པའི་ལྕགས་ཟམ་ལྷ་མོའི་སྒྱུ་རྩལ་ཚོགས་པ་གཙོས་རྒྱ་གར་དང་བལ་ཡུལ་བཅས་ཀྱི་ལྷ་མོ་ཚོགས་པ་བཅིུག་ནས་མཉམ་ཞུགས་གནང་འདུག དེ་ནི་ད་བར་ལྷ་མོའི་འཁྲབ་གཞུང་ཐོག་མཉམ་ཞུགས་གནང་མཁན་ཚོགས་མི་མང་ཤོས་གྲས་ཤིག་ཆགས་ཀྱི་ཡོད་པ་རེད།

མཛད་སྒོ་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་བོད་མི་རྣམས་ནི་གླུ་ལ་དགའ་ཞིང་རྒྱུན་དུ་ཕྱག་ལས་གང་ཞིག་གནང་ཡང་གླུ་བླངས་པའི་ལུགས་སྲོལ་ཡོད་པ་བཞིན་བོད་ཀྱི་ཐུན་མིན་ལྷ་མོའི་འཁྲབ་གཞུང་འདི་ཉིད་འཛམ་གླིང་གཞན་གྱི་སྒྱུ་རྩལ་དང་བསྡུར་ཚེ་བོད་ཀྱི་ལྷ་མོའི་འཁྲབ་གཞུང་འདི་དུས་རབས་བཅུ་བཞི་སྐབས་སུ་བྱུང་བའི་རིག་གཞུང་རྙིང་གྲས་ཆགས་ཡོད་སྟབས། བོད་མི་རྣམས་ཀྱིས་གདེང་སྤོབས་གནང་འོས་ཀྱི་ཐུན་མིན་རིག་གཞུང་ཞིག་ཆགས་ཡོད། འོན་ཀྱང་དེང་སྐབས་བོད་མིའི་སྤྱི་ཚོགས་ཁྲོད་ལྷ་མོ་ཚོགས་པར་ཚོགས་མི་མ་འདང་བའི་ངལ་བ་རབ་དང་རིམ་པ་འཕྲད་ཡོད་ཀྱི་ཡོད་སྟབས་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པས་ཐུགས་སྣང་དང་རྐང་འགན་བཞེས་ཏེ་གཞོན་སྐྱེས་རྣམས་ལ་སྐུལ་མ་གང་མང་གནང་དགོས་པའི་གཞེན་སྐུལ་ནན་པོ་གནང་སོང་།

སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་ཐོག་མར་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༦ དང་འབྲེལ་བའི་ཕྱག་ལས་གནང་མཁན་ཡོངས་དང་ས་གནས་འདྲ་མིན་ཁག་ནས་ཕེབས་པའི་ལྷ་མོ་ཚོགས་པའི་ཚོགས་མི་ཡོངས་ལ་འཚམས་འདྲི་གནང་བ་དང་སྦྲགས། བོད་ཀྱི་ཐུན་མིན་ལྷ་མོའི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཐད་ལ་བོད་མི་རྒན་གཞོན་ཚང་མས་ཐུགས་འགན་བཞེས་དགོས་པར་ལམ་སྟོན་གནང་ཡོད།

ཐེངས་འདིའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༦ ཐོག་ཨ་རིས་གཙོས་པའི་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བཙན་བྱོལ་བོད་མིའི་ལྷ་མོའི་ཚོགས་པ་བཅིུག་ཡོད་པ་ལས་ཀ་སྦུག་ལྷ་མོ་ཚོགས་པས་སྣང་ས་འོད་འབུམ་དང། མན་སྦར་ལྷ་མོ་ཚོགས་པས་རྒྱལ་པོ་གོ་ཆ། དྷ་སྟེང་བོད་ཁྱིམ་དང་ཅོན་ཏ་རཱ་བོད་ཁྱིམ་གཉིས་ནས་སྣང་ས་འོད་འབུམ། ཀོ་ལེ་གྷལ་ལྷ་མོ་ཚོགས་པས་ལྷ་གཞུང་འགྲོ་བ་བཟང་མོ། སྦེལ་ཀོབ་ལྷ་མོ་ཚོགས་པས་གཅུང་པོ་དོན་ཡོད་དང་དོན་གྲུབ། བྷན་དྷ་ར་ལྷ་མོ་ཚོགས་པས་ཆོས་རྒྱལ་དྲི་མེད་ཀུན་ལྡན་དང་མོན་གྷོ་ལྷ་མོ་ཚོགས་པས་ལྷ་གཞུང་ཆོས་རྒྱལ་ནོར་བཟང་བཅས་གཟིགས་འབུལ་ཞུ་རྒྱུ་མ་ཟད། ཕྱི་ཚེས་ ༢༩ ཉིན་བོད་ཀྱི་ཟློས་གར་ཚོགས་པས་ལྷ་གཞུང་རྒྱ་བཟའ་དང་བལ་བཟའ་འཁྲབ་སྟོན་ཞུ་གཏན་ཁེལ་ཡོད་རེད། 

(Visited 143 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།