Tibetan Royal Year of 2150 | Year of the Water Rabbit

མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད།

Tibetan News Headlines

  • རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཆེད་གནོད་ཤུགས་སྤྲོད་དགོས།
  • ཨ་རིས་རྒྱ་ནག་གིས་བརྡ་འཕྲིན་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པར་ཉེན་བརྡ།
  • བོད་མིའི་མདུན་ལམ་སློབ་གཉེར་ཁང་གིས་ལྷོ་ཕྱོགས་གཞིས་མིར་གོ་རྟོགས་ལས་གཞི་སྤེལ་བ།
  • བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དེ་བྱུང་སྐོར་མཁན་པོ་འཇིགས་མེད་བློ་གྲོས་ལགས་སུ་བཅར་འདྲི།

Friday 29/09/2023

  • UN Human Rights Council told: ‘End repression in Tibet; reject China’s membership bid’
  • China uses ‘deceptive ’methods to sow disinformation, US says
  • CTA carries out a career awareness program in South India
  • History of Khamgar Druk Shedra/College

ཁ་སང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འོདད་རྒུ་གླིང་དུ་བཙན་བྱོལ་བོད་མི་འཁོས་ཞན་དང་རྗེས་འབྱོར་བོད་མི་རྣམས་ཀྱི་ཆེད་སྡོད་ཁང་གསར་རྒྱག་གི་ལས་གཞི་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ས་གནས་ནང་དངོས་སུ་ཆེད་ཕེབས་ཀྱིས་སྡོད་ཁང་ ༤༠ གསར་རྒྱག་གི་ཕན་བདེ་གཞིས་གྲོང་དངོས་སུ་དབུ་འབྱེད་གནང་ཡོད།

དབུ་འབྱེད་ལས་རིམ་གྱི་ཐོག་མར་སྔ་འགྱུར་རྡོར་གྲགས་གསང་སྔགས་ཆོས་འཁོར་གླིང་གི་དགེ་འདུན་པ་ཁག་གཅིག་ནས་ཤིས་བརྗོད་གསུང་འདོན་དང་འབྲེལ། གཞིས་གྲོང་གསར་རྒྱག་གི་ལས་གཞིར་ས་ཆ་ཞལ་འདེབས་གནང་མཁན་ཁྱིམ་ཚང་དང་། ཁང་བཟོ་འཆར་འགོད་པ། བོགས་ལེན་པ་རྣམས་ལ་དྲན་རྟེན་རེ་གནང་རྗེས་ནང་མི་རྣམས་ལ་ཁང་པའི་ལྡེ་མིག་བགོ་འགྲེམས་གནང་ཡོད། སྐབས་དེར་བོད་མིའི་སྒྲིག འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གཙོས་པའི་ནང་སྲིད་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས། ། ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། མོན་གྷོ་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས་སོགས་ལས་ཀྱི་སྣེ་མོ་བ་རྣམས་ཆེད་བཅར་གནང་འདུག་ཅིང་། ཕན་བདེ་གཞིས་གྲོང་ཞེས་པའི་མཚན་དེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་ཡོད་པ་རེད།

གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དེའི་ནང་སྡོད་ཁང་ ༤༠ གསར་རྒྱག་གིས་ཁྱེར་རྐྱང་ཡིན་ཚེ་སྡོད་ཁང་ཆུང་བ་དང་ནང་མི་གཉིས་ལས་མང་བ་ཡོད་ཚེ་སྡོད་ཁང་ཆེ་བ་ཐོབ་ཀྱི་ཡོད་པ་རེད་འདུག

གཞི་རྩའི་སྐབས ༡༥ བཀའ་ཤག་གིས་རྗེས་འབྱོར་བོད་མི་རྣམས་ལ་སྡོད་ཁང་གསར་རྒྱག་གི་ལས་གཞི་འདི་བཞིན་འགོ་འཛུགས་གནང་ཡོད་ཀྱང་ཏོག་དབྱིབས་གཉན་རིམ་ཁྱབ་གདལ་རྐྱེན་པས་ལས་གཞི་རེ་ཞིག་བར་མཚམས་བཞག་དགོས་བྱུང་ཡོད་པ་རེད་འདུག

ནང་སྲིད་དྲུང་ཆེ་མཆོག་གིས་དེང་སྐབས་གཞིས་ཆགས་ཁག་གི་ནང་གནས་སྡོད་གནང་མཁན་གྱི་གྲངས་འབོར་ཉུང་དུ་ཕྱིན་ཡོད་སྟབས། རྗེས་འབྱོར་བོད་མི་དང་གཞིས་ཆགས་མ་ཐོབ་པའི་ཁ་ཐོར་བོད་མི། དེ་བཞིན་མཐའ་མཚམས་བཅས་སུ་གནས་བཞུགས་བོད་མི་རྣམས་ལ་སྡོད་ཁང་མེད་པའི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པའི་གནད་དོན་དེར་བཀའ་ཤག་སྐབས་གོང་མ་དང་ད་ལྟའི་བཀའ་ཤག་གཉིས་ཀའི་ངོས་ནས་དཀའ་ངལ་དེ་དག་སེལ་ཐབས་གཙོས་པའི་གཞི་རྒྱ་ཆེ་བའི་ལས་གཞི་མང་དག་ཅིག་མུ་མཐུད་གནང་འཆར་ཡོད་སྐོར་གསུངས་སོང་།

ཡང་འདི་ག་གསར་འགོད་པས་མོན་གྷོ་འོདད་རྒུ་གླིང་ཕན་བདེ་གཞིས་གྲོངས་ནང་སྡོད་ཁང་ཐོབ་མཁན་དབང་འདུས་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ད་རེས་རང་ཉིད་ལ་སྡོད་ཁང་ཐོབ་པར་དགའ་བ་དང་། བཀའ་དྲིན་ཆེན་པོ་ཞིག་ཚོར་བཞིན་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ཁོང་དེ་སྔོན་ས་གནས་གཞིས་ཆགས་གང་གིའང་ཁོངས་སུ་གཏོགས་ཀྱི་མེད་སྟབས་རྒྱབ་གཉེར་ཡིག་ཆ་ཙམ་ཡང་ཐོབ་རྒྱུར་ངལ་བ་ཕྲད་ཡོད་སྐོར་དང་། དེ་རིང་ནས་བཟུང་ཕན་བདེ་གཞིས་གྲོངས་སུ་སྡོད་ཁང་ཐོབ་ནས་དེའི་ཁོངས་སུ་ཚུད་པར་སེམས་ནང་དགའ་ཚོར་ཆེན་པོ་བྱུང་སོང་ཞེས་འགྲེལ་བརྗོད་གནང་སོང་།

གཞི་རྩའི་མོན་གྷོ་འོདད་རྒུ་གླིང་ནང་སྡོད་ཁང་གསར་རྒྱག་གི་ལས་གཞི་དེར་འགྲོ་གྲོན་ཁྱོན་བྱེ་བ་ ༤་༢༩ སོང་ཡོད་པ་རེད་འདུག པར་དབང་བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

གསར་གནས།