Tibetan Royal Year of 2151 | Year of the Wood Dragon

ཚེ་རིང་མཚོ་ལགས་འཛིན་བཟུང་གིས་བཀག་ཉར་ཁང་དུ་བཅུག་འདུག

Tibetan News Headlines

  • འབྲི་ཆུའི་བཞུར་རྒྱུན་དུ་ཁམས་སྡེ་དགེ་ཁུལ་གྱི་དོན་རྐྱེན་དང་འབྲེལ་ནས་གླེང་མོལ།

Saturday 02/03/2024

  • China’s dam projects in Tibet: Social and environmental impact

རང་ལོ་ ༣༩ ལ་སོན་པའི་བོད་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྗོང་ནས་ཡིན་པའི་བོད་རིགས་བུད་མེད་ཚེ་རིང་མཚོ་ཞེས་པ་ཞིག་རྒྱ་གཞུང་ཉེན་རྟོག་པས་བྱ་སྤྱོད་ལ་འཁྱོག་བརྗོད་ཀྱིས་སྤྱི་དམངས་དང་དྲྭ་རྒྱའི་སྒྲིག་ལམ་གཏོར་བཤིག་བཏང་ཡོད་ཚུལ་གྱི་ཉེས་མིང་གཡོགས་ཏེ་བཀག་ཉར་ཁང་དུ་བཅུག་འདུག

དེ་ཡང་ཟླ་བ་སྔོན་མའི་ཕྱི་ཚེས་  ༡༩ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་སྦྲ་ཆེན་རྗོང་ཉེན་རྟོག་པས་ཚེ་རིང་མཚོ་ལགས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཉིན་གྲངས་བཅོ་ལྔའི་རིང་བཀག་ཉར་ཁང་དུ་བཅུག་སྟེ་འདྲི་རྩད་བྱས་ཡོད་པ་ལྟར། ཟླ་བ་དེའི་ཕྱི་ཚེས་ ༢༥  ཉིན་སྦྲ་ཆེན་རྗོང་ཉིན་རྟོག་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར། ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་གྱི་ཉིན་རྒྱབ་ཏུ་བོད་རང་སྐྱོང་ལྗོངས་སྦྲ་ཆེན་རྗོང་ཉེན་རྟོག་ཁང་གིས་ཚེ་རིང་མཚོ་དང་ཁོང་གི་རོགས་པ་ཞིག་གི་རླངས་འཁོར་ལ་ཞིབ་བཤེར་འདྲི་རྩད་བྱེད་སྐབས་ཚེ་རིང་མཚོ་ཡིས་ཞིབ་བཤེར་དེར་གཞོགས་འདེགས་བྱས་མེད་པས་འགྲོ་སྐྱོད་བཀག་སྡོམ་བྱས་ཡོད་པར་བརྟེན་ཉེན་རྟོག་པས་ཚེ་རིང་མཚོ་ཡིས་གནད་དོན་དེར་འཁྱོག་བརྗོད་དང་རྫུན་བཟོ་བྱས་པའི་བརྙན་ཐུང་མ་འདྲ་བ་གསུམ་སྤྱི་ཚོགས་དྲ་ལམ་དུ་བཏང་སྟེ་སྤྱི་དམངས་དང་དྲ་ལམ་གྱི་སྒྲིག་གཞིར་གཏོར་བརླག་བཏང་ཡོད་ཚུལ་བསྒྲགས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་གསལ་ཚེ་རིང་མཚོ་ལགས་ཀྱིས་ཞེད་སྣང་གང་ཡང་མེད་པར་ཕྱི་ལོ་ ༢༠༡༥ ནས་བཟུང་བོད་ནང་དུ་ཡོད་པའི་རྒྱ་གཞུང་ཉེན་རྟོག་པ་དག་གིས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་སྤེལ་ཏེ་བོད་མི་རྣམས་ལ་དབྱེ་འབྱེད་དང་ཐུབ་ཚོད་གཏོང་གི་ཡོད་སྐོར་ཐེར་འདོན་ཐེངས་མང་གནང་ཡོད་པ་དང་ཁོང་དུས་རྒྱུན་ནས་འཛིན་བཟུང་བཙོན་འཇུག་བྱས་ནའང་བདེན་པའི་གནས་ལུགས་བཤད་པར་སྤོབས་པ་ཆེན་པོ་གནང་མཁན་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག

གཞི་རྩའི་བོད་རིགས་བུད་མེད་ཚེ་རིང་མཚོ་ལགས་ནི་དེ་སྔ་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ པའི་ཚེས་ ༡ ཉིན་ཏོག་དབྱིབས་རིམས་ནད་ཀྱི་བཀག་སྡོམ་ལ་བརྩི་སྲུང་མ་བྱས་པའི་ཉེས་མིང་འོག་ཉིན་གྲངས་བཅུའི་རིང་བཀག་ཉར་བྱས་མྱོང་འདུག་པ་མ་ཟད། སྔ་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་དྲ་ལམ་དུ་རྒྱ་གཞུང་དང་ལས་བྱེད་པའི་སྐོར་ལ་གནས་ཚུལ་རྫུན་བསྒྲགས་བྱས་པའི་ཉེས་མིང་འོག་བོད་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་གྲོང་ཁྱེར་ཉེན་རྟོག་པས་སླར་ཡང་ཉིན་གྲངས་བཅོ་ལྔའི་རིང་བཀག་ཉར་བྱས་མྱོང་ཡོད་པ་རེད་འདུག

པར་དབང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་།

འབྲེལ་ཡོད་གསར་གནས།

གསར་གནས།