Tibetan Royal Year of 2151 | Year of the Wood Dragon

འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་ལམ་སྟོན་འགྱུར་དེབ་དབུ་འབྱེད།

Tibetan News Headlines

  • Tibet and the Himalayas: revisiting cross border trade through Uttarkashi
  • Feature : His Holiness the Dalai Lama’s speech to devotees from Himalayas

རེས་གཟའ་སྤེན་པ། ༢༠༢༤།༠༧།༢༠

  • བོད་དང་ཧི་མཱ་ལ་ཡ། བོད་དང་ཚོང་ས་རོང་པ།
  • ཕྱི་ལོ་ ༢༠༡༢ ལོར་༸གོང་ས་མཆོག་གིས་ཧི་མ་ལ་ཡའི་ཆོས་ཞུ་བར་སྩལ་བའི་བཀའ་སློབ།

དེ་རིང་ཕྱི་ཟླ་ ༡༠  ཚེས་ ༢༤ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་གཏན་འབེབས་བྱས་ཏེ་མི་ལོ་ ༧༨ འཁོར་བའི་དུས་ཚིགས་སྲུང་བརྩི་དང་སྦྲགས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་དམིགས་བསལ་བརྒྱུད་རིམ་སྐོར་ལམ་སྟོན་གྱི་འགྱུར་དེབ་དབུ་འབྱེད་གནང་སོང་།

དེ་རིང་སྔ་དྲོ་ཚོུད་ ༡༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཚོགས་ཁང་དུ་བོད་གནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་དང་ཁྲིམས་ཐོག་ལས་བྱེད་ཕུར་བུ་སྒྲོལ་མ་ལགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོར་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་ལམ་སྟོན་འགྱུར་དེབ་དེ་དབུ་འབྱེད་གནང་བ་དང་། སྐབས་དེར་ཕུར་བུ་སྒྲོལ་མ་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དེབ་དེ་སྒྱུར་སྒྲིག་གི་རྒྱབ་ལྗོངས་ངོ་སྤྲོད་གནང་བ་དང་ཆབས་ཅིག འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ལས་གལ་ཆེ་ཤོས་དམིགས་བསལ་བརྒྱུད་རིམ་དེ་ཆགས་ཀྱི་ཡོད་པ་དང་དེ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཚོར་མེད་དུ་མི་རུང་བའི་བརྒྱུད་ལམ་གལ་ཆེན་ཞིག་དང་མྱུར་ལ་མགོ་རྙོག་མེད་པ། ཚང་མས་སྙོབ་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཁར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་མང་པོར་རྣག་ཐོག་ཁབ་བཙགས་ལྟ་བུའི་ནུས་པ་ལྡན་ཡོད་སྟབས། གཙོ་བོ་བོད་མིའི་རང་དབང་དང་ཐོབ་ཐང་རྩོད་གནང་མཁན་གྱི་སྤྱི་སྒེར་ཡོངས་ལ་ཆེད་དམིགས་གནང་བ་ཞིག་དང་ལྷག་དོན་ལྟེ་གནས་ཁང་གིས་འདས་པའི་ལོ་གཅིག་དང་ཕྱེད་ཀའི་ནང་རྒྱལ་ཚོགས་ལ་དམིགས་བསལ་བརྒྱུད་རིམ་དེའི་འོག་ཛ་དྲག་གི་རེ་སྐུལ་ ༢༡ ཙམ་ཞུས་ཡོད་པ་གསུངས་གསུངས་སོང་།

Engaging with the UN Special Procedures ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་ཞེས་པའི་དེབ་དེ་ནི་ས་བཅད་བརྒྱད་ཙམ་ཡོད་པའི་ཁོངས་ནས་ས་བཅད་དང་པོ་ནི་དམིགས་བསལ་བརྒྱུད་རིམ་གྱི་ངོ་སྤྲོད་དང་གཉིས་པ་དམིགས་བསལ་བརྒྱུད་རིམ་གྱི་འགན་ཁུར་མི་སྣ་འདེམས་ཕྱོགས། ས་བཅད་གསུམ་པ་བརྒྱུད་རིམ་དེའི་ལས་དོན་ཞུ་ཕྱོགས། བཞི་པ་དམིགས་བསལ་བརྒྱུད་རིམ་དང་སྤྱི་དམངས་ཚོགས་སྡེ་ངོ་སྤྲོད། དེ་བཞིན་ས་བཅད་ལྔ་པ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལས་ཁུངས་ཀྱི་རམ་འདེགས་དང་དྲུག་པ་བརྒྱུད་རིམ་དེའི་བཟང་ཆ་དང་ཞན་ཆ། ས་བཅད་བདུན་པ་བརྡ་ཆད་དང་འགན་ཁུར་སྡེ་ཁག་སོ་སོའི་མིང་གཞུང་ངོ་སྤྲོད་བཅས་གསལ་ཡོད་པ་རེད།

དེ་བཞིན་ཉི་འོད་ལགས་ཀྱིས་རང་རེའི་བོད་མི་རྣམས་ལ་མཚོན་ན་ད་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡིངས་ཆའི་སྟེང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་གླེང་སློང་གནང་སའི་བརྒྱུད་ལམ་ གཅིག་པོ་དེ་དམིགས་བསལ་བརྒྱུད་རིམ་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་དང་འབྲེལ། བོད་མིའི་སྒྲིག་འཛུགས་གཙོས་བོད་མིའི་འཐབ་རྩོད་པ་སྤྱི་སྒེར་ཡོངས་ནས་དམིགས་བསལ་བརྒྱུད་ལམ་འདི་སྔར་ལྷག་སྤྱོད་ ཐབས་སུ་འབད་དགོས་པའི་རེ་སྐུལ་ཞུས་ཡོད།  

རྩ་བའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྔ་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་མི་ལོ་ ༧༧ འཁོར་བའི་དུས་ཚིགས་དང་བསྟུན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ཞེས་པའི་དེབ་དབུ་འབྱེད་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།