Tibetan Royal Year of 2151 | Year of the Wood Dragon

འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག

Tibetan News Headlines

  • Dalai Lama gives audience to Himalayan Buddhists from Rolwa Ling
  • One household and One file: Surveillance ramped up after anti-dam protests
  • GCM Gold Cup Final and Green Book debacle
  • Taiwan’s parliament passes bill pushing pro-China changes
  • East Turkistan government in exile calls on US to pass Uyghur Policy Act
  • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

  • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
  • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
  • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
  • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

འཇར་མ་ནིའི་སྲིད་བློན་སྐུ་ཞབས་ Olaf Scholz ལགས་ཀྱིས་རྒྱ་ནག་གཞུང་ངོས་ནས་དགོས་མཁོ་ལས་ལྷག་པའི་ཚོང་གི་ཐོན་སྐྱེད་འདོན་སྤེལ་དང་ཡོ་རོབ་ཀྱི་ཁྲོམ་རྭའི་ནང་རིན་གོང་ཆུང་བའི་ཐོན་སྐྱེད་སྤུངས་འཇོག་མི་བྱེད་པར་དྲང་བདེན་གྱི་སྒོ་ནས་ཚོང་ལས་ཀྱི་འགྲན་བསྡུར་ནང་མཉམ་ཞུགས་བྱ་དགོས་ཞེས་ནན་བརྗོད་གནང་འདུག

Germany China Visit 2024

དེ་ཡང་ཟླ་འདིའི་ཚེས་ ༡༥ ཉིན་ Economic Times ཡིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། འཇར་མ་ནིའི་སྲིད་བློན་སྐུ་ཞབས་ Olaf Scholz ལགས་ཀྱིས་རྒྱ་ནག་ཏུ་ཉིན་གསུམ་རིང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ་དང་འབྲེལ། ཁ་སང་རེས་གཟའ་ཟླ་བའི་ཉིན་སྲིད་བློན་མཆོག་ནས་ Shanghai ནང་ཡོད་པའི་ Tongji མཐོ་སློབ་ཀྱི་རྒྱ་རིགས་སློབ་ཕྲུག་རྣམས་ཀྱི་ཁྲོད་གཏམ་བཤད་ཅིག་སྤེལ་བའི་ནང་། རྒྱ་ནག་གཞུང་ནས་དགོས་མཁོ་ལས་ལྷག་པའི་ཚོང་གི་ཐོན་སྐྱེད་འདོན་སྤེལ་དང་ཡོ་རོབ་ཀྱི་ཁྲོམ་རྭའི་ནང་རིན་གོང་ཆུང་བའི་ཐོན་སྐྱེད་སྤུངས་འཇོག་མི་བྱེད་པར་དྲང་བདེན་གྱི་སྒོ་ནས་ཚོང་ལས་ཀྱི་འགྲན་བསྡུར་ནང་མཉམ་ཞུགས་བྱ་དགོས་པ་ཡིན་ཞེས་ཉེན་བརྡ་བཏང་འདུག་པ་མ་ཟད་ཁོང་གིས། རྒྱ་ནག་ནས་ཐེ་ལྦན་དེ་བཞིན་རྒྱ་ཁོངས་སུ་ངོས་འཛིན་བྱེད་པ་དང་ཐེ་ལྦན་མཚོ་ཁག་ཁུལ་དུ་སྤེལ་བཞིན་པའི་བྱ་སྤྱོད་ཁག་ལ་སེམས་འཚབ་ཀྱིས་ས་མཚམས་ཁག་ལ་དྲག་ཤུགས་ཀྱིས་གནས་སྤོ་བཅུག་མི་རུང་ཞེས་གསུངས་འདུག

Germany China Visit 2024

ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་གི་རིན་གོང་ཆུང་བའི་དངོས་ཟོག་རྣམས་ཀྱིས་རིང་མིན་ཡོ་རོབ་ཀྱི་ཁྲོམ་ར་ཡོངས་སུ་བདག་བཟུང་མི་ཐུབ་ཆེད་རྒྱ་ནག་ཚོང་ལས་གཉེར་མཁན་ཚོར་ཁྲལ་བསྡུ་བཞིན་ཡོད་ཀྱང་འཇར་མ་ནི་འགྲུལ་འཁོར་ཚོགས་པ་ Germany’s Auto Industry Association, the VDA  ཡི་འགོ་གཙོ་ Hildegard Muller ཡིས་ Welt am Sonntag གསར་ཤོག་ཐོག སྒོ་ཁྲལ་བསྡུ་བ་སོགས་ཀྱིས་ཡོ་རོབ་དང་འཇར་མ་ནིའི་གློག་གི་འགྲུལ་འཁོར་ཐད་ཕན་ཐོགས་རྒྱུ་ལས་ད་ལྟའི་རྒྱ་ནག་བར་ཚོང་འབྲེལ་གྱི་རྩོད་རྙོག་ཆེ་རུ་གཏོང་ངེས་ཡིན་པ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་དང་ཚོང་འབྲེལ་བཙུགས་པ་དེས་འཇར་མ་ནིའི་ནང་དུ་མི་སེར་ཚོར་ལས་རིགས་ཕོན་ཆེའི་གོ་སྐབས་བྱུང་བཞིན་ཡོད་ཅེས་བརྗོད་འདུག

སྲིད་བློན་ Scholz ལགས་ཀྱི་འཇར་མ་ནིའི་འཚམས་གཟིགས་ཁྲོད་རིང་མིན་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་དང་སྲིད་བློན་ Li Qiang མཉམ་དུ་མཇལ་འཕྲད་གནང་རྒྱུ་དང་། སྐབས་དེར་ཁོང་ནས་ཞི་ཅིན་ཕིང་ལ་རྒྱ་ནག་གིས་ར་ཤི་ཡ་ནས་ཡུག་རེན་ལ་དམག་འཁྲུག་སྐབས་ར་ཤི་ཡ་ལ་དཔལ་འབྱོར་གྱི་རོགས་རམ་བྱས་དགོས་དོན་དང་། ཨི་རན་གྱིས་ཨིཛ་རེལ་ལ་དམག་འཛིངས་བྱེད་པ་དེར་སྐྱོན་བརྗོད་ནན་པོ་བྱ་རྒྱུ་ཡིན་པ་རེད་འདུག་ཅིང་། ཁོང་གིས་ཐེངས་འདིའི་འཚམས་གཟིགས་ཁྲོད་ཡོ་རོབ་སྤྱི་མཐུན་ཚོགས་པས་རྒྱ་ནག་གི་གློག་གི་འགྲུལ་འཁོར་ཐད་གཞུང་གི་རོགས་དངུལ་ཐོག་དཔྱད་ཞིབ་ཅིག་བྱས་ཡོད་པར་འཇར་མ་ནིས་རྒྱབ་སྐྱོར་གང་ཙམ་བྱ་ཡི་ཡོད་མེད་བལྟས་བཞིན་ཡོད་པ་རེད་འདུག

Germany China Visit 2024

གནད་དོན་དེ་དང་འབྲེལ་ཁ་སང་ཕྱི་ཚེས་ ༡༥ ཉིན་འདས་པའི་ལོ་ཤས་རིང་བོད་ནང་གི་བཅའ་སྡོད་སློབ་གྲྭར་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་མཐོང་ཐོས་མྱོང་གསུམ་ཡོད་མཁན་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་ FrankfurterRundschau གསར་ཁང་གི་བཅར་འདྲི་ཁག་ལ་ལན་འདེབས་གནང་བའི་ཁྲོད་ཁོང་གིས་བོད་ནང་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་ཁག་ཐེར་འདོན་གྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འགྲེལ་བརྗོད་གནང་འདུག་པ་མ་ཟད། ལྷག་པར་རྒྱ་གཞུང་གིས་ཆེད་བཙུགས་བྱས་པའི་བོད་ནང་གི་གཏན་འཇགས་སློབ་གྲྭ་ཁག་ནི་བོད་པའི་སྐད་ཡིག་དང་རིག་གཞུང་རྩ་གཏོར་གཏོང་རྒྱུའི་སྲིད་བྱུས་ཤིག་ཡིན་པ་སོགས་འགྲེལ་བརྗོད་གནང་འདུག དེ་བཞིན་ཁོང་ནས་འཇར་མ་ནིའི་སྲིད་བློན་སྐུ་ཞབས་ Olaf Scholz རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་བསྐྱོད་བཞིན་པའི་ཁྲོད། རྒྱ་གཞུང་ནས་དངོས་ཡོད་གནས་སྟངས་སྦས་ཐབས་བྱེད་པར་ཡིད་གཟབ་དགོས་རྒྱུ་དང་རྒྱ་གཞུང་ལ་ཡིད་ཆེས་མི་བྱེད་པར་ཚོང་འབྲེལ་ལས་ལྷག་པར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་ཡོང་བའི་འབོད་སྐུལ་གནང་འདུག

Germany China Visit 2024

མ་ཟད་ཟླ་འདིའི་ཚེས་ ༣ ཉིན་ཨ་རིའི་ནོར་སྲིད་དྲུང་ཆེ་ལྕམ་ Janet Yellen ལགས་ནས་གཟའ་འཁོར་གཅིག་རིང་རྒྱ་ནག་གི་གྲོང་ཁྱེར་ Guangzhou དང་རྒྱལ་ས་པེ་ཅིང་གཉིས་སུ་འཚམས་གཟིགས་ཁྲོད།  རྒྱ་ནག་གི་ནོར་སྲིད་བློན་ཆེན་དང་སྲིད་བློན་གཞོན་པ། དེ་བཞིན་རྒྱ་ནག་གི་དབུས་དངུལ་ཁང་ཆེན་མོའི་འགན་འཛིན་སོགས་དང་མཇལ་མོལ་གྱིས་ཨེ་ཤེ་ཡའི་སྟོབས་ཆེན་རྒྱལ་ཁབ་ཚོའི་བཟོ་ལས་ཀྱི་ཐོན་སྐྱེད་འབོར་ཆེན་འཕེལ་བཞིན་པ་དེས་འཛམ་གླིང་གི་དཔལ་འབྱོར་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པའི་ཐད་དོ་སྣང་གསར་པ་གནང་དགོས་གལ་སྐོར་ནན་བཤད་ཙམ་མ་ཟད། རྒྱ་ནག་ནང་ཡོད་པའི་ཨ་རིའི་ཚོང་གཉེར་ཁང་ཁག་ལ་གོ་སྐབས་དང་མཐུན་རྐྱེན་གཅིག་མཚུངས་མཁོ་སྤྲོད་བྱ་དགོས་པ་སོགས་ཀྱི་ཐོག་ལ་གོ་བསྡུར་གནང་ཡོད་པ་རེད་འདུག

སྤྱིར་རྒྱ་ནག་དང་འཇར་མ་ནི་རྒྱལ་ཁབ་ཕྱོགས་གཉིས་དབར་འདས་པའི་ལོ་བརྒྱད་བསྟུད་མར་ཚོང་འབྲེལ་གྱི་འབྲེལ་བ་དམ་ཟབ་བཟུང་ཡོད་ཀྱང་། འཇར་མ་ནི་གཙོས་པའི་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་ནས་ར་ཤི་ཡ་ཡིས་ཡུག་རེན་ནང་དམག་འཁྲུག་རྒྱག་སྐབས་ར་ཤི་ཡར་དཔལ་འབྱོར་རོགས་རམ་བྱས་པའི་ཉེས་འཛུགས་ལ་ངོས་ལེན་མི་བྱེད་པར་ Moscow དང་མཉམ་ལས་ཀྱིས་དྲག་དམག་སྦྱོང་བརྡར་བྱ་རྒྱུར་དམིགས་ཏེ་མུ་མཐུད་མོས་ཀོ་དང་ཚོང་གི་འབྲེལ་ལམ་དམ་ཟབ་འཛུགས་བཞིན་ཡོད་པ་རེད་འདུག་ལ། བདུན་ཕྲག་སྔོན་མ་ཨ་རིའི་གསང་བའི་ལས་ཁུངས་ནས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་ནས་ར་ཤི་ཡར་ཡུག་རེན་ནང་དམག་འཐབ་ཀྱི་ཆེད་དམག་མཚོན་ཚོང་འགྲེམས་བྱ་རྒྱུ་མང་དུ་འགྲོ་བཞིན་ཡོད་པ་མངོན་གསལ་གནང་འདུག

རྩ་བའི་ཐེངས་འདིའི་སྐུ་ཞབས་ Scholz ལགས་ཀྱི་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་དེ་བཞིན་ཁོང་གི་རྒྱ་ནག་ནང་གི་ཕྱོགས་བསྐྱོད་ཐེངས་གཉིས་པ་དེ་ཡིན་པ་དང་། ཕྱོགས་བསྐྱོད་ཐེངས་དང་པོ་ནི་ཕྱི་ལོ་ ༢༠༢༢ ནང་ཡིན་པ་དང་སྐབས་དེར་རྒྱ་ནག་ནང་ཏོག་དབྱིབས་གཉེན་རིམས་ཁྱབ་གདལ་གྱི་དུས་སྐབས་ཡིན་པར་བརྟེན་ཁོང་ནས་ཉིན་གཅིག་མ་གཏོགས་རྒྱ་ནག་ཏུ་བཞུགས་མེད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།