Tibetan Royal Year of 2151 | Year of the Wood Dragon

འདི་ལོའི་བོད་པའི་སློབ་གྲྭ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་འདི་བཞིན་ཆེས་བཟང་ཤོས་ཡིན་པ།

Tibetan News Headlines

  • Dalai Lama gives audience to Himalayan Buddhists from Rolwa Ling
  • One household and One file: Surveillance ramped up after anti-dam protests
  • GCM Gold Cup Final and Green Book debacle
  • Taiwan’s parliament passes bill pushing pro-China changes
  • East Turkistan government in exile calls on US to pass Uyghur Policy Act
  • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

  • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
  • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
  • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
  • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

འདི་ལོའི་བོད་པའི་སློབ་གྲྭ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་འདི་བཞིན་ཆེས་བཟང་ཤོས་དེ་ཆགས་ཀྱི་ཡོད་པ་མ་ཟད།  འཛིན་རིམ་ ༡༢ ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥ ཡན་བཞེས་མཁན་བོད་ཕྲུག་སློབ་མ་གཉིས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཕུལ་བྱུང་བྱ་དགའ་དེ་ཉིད་ཐོབ་ཀྱི་ཡོད་པ་རེད།

དེ་ཡང་ CBSE རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་ཕྱི་ལོ་ ༢༠༢༣ དང་ ༢༠༢༤ ལོའི་འཛིན་རིམ་བཅུ་གཉིས་དང་བཅུ་པ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་ཡོད་པ་དང་བསྟུན། དེ་རིང་རླུང་འཕྲིན་ཁང་གིས་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོར་མཉམ་ཞུགས་གནང་མཁན་ཁོངས་སུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་གི་གྲུབ་འབྲས་རྒྱུས་ལོན་ཞུས་པར་འཛིན་རིམ་བཅིུས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ལྷག་བཞེས་མཁན་སློབ་མ་ ༢ བྱུང་འདུག་ལ། འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་ཁྲོད་དུ་བོད་སློབ་ ༡༣ གྱི་སློབ་མ་ ༩༦༢ ནས་མཉམ་ཞུགས་གནང་ཡོད་པ་དང་། དེ་དག་ཁྲོད་སློབ་མ་ ༩༥༩ ཡིག་རྒྱུགས་གཙང་འཕྲོད་ཐོག་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༩.༦༩ དང་ཆ་སྙོམས་བརྒྱ་ཆ་ ༧༥.༠༡ ཆགས་ཀྱི་ཡོད་འདུག

དེ་བཞིན་ཕྱི་ལོ་ ༢༠༢༣ དང་ ༢༠༢༤ ལོའི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་དུ་བོད་སློབ་ཁག་ ༢༣ གྱི་སློབ་མ་ ༡༠༠༧ ནས་མཉམ་ཞུགས་གནང་སྟེ་སློབ་མ་ ༩༧༨ ཡིག་རྒྱུགས་གཙང་འཕྲོད་ཐོག་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་རྒྱུགས་འཕྲོད་བརྒྱ་ཆ་ ༩༧.༡༢ དང་ཆ་སྙོམས་བརྒྱ་ཆ་ ༦༣.༣༠ ཆགས་ཀྱི་འདུག

རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་སུ་འདི་ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་སྐོར་ལ་བཀའ་འདྲི་ཁག་ཅིག་ཞུས་སྐབས། འདི་ལོའི་བོད་པའི་སློབ་གྲྭ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་འདི་བཞིན་ཧ་ཅང་འདོད་བློ་ཁེངས་པ་ཞིག་བྱུང་ཞེས་དང་། ལྷག་པར་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དེ་འདས་པའི་ལོ་དང་བསྡུར་ན། ད་བར་གྱི་བོད་སློབ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ཀྱི་གྲུབ་འབྲས་བཟང་ཤོས་དེ་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་སོང།

གཞི་རྩའི་བོད་མིའི་སྒྲིག་འཛུགས་ནས་ལོ་ལྟར་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་དུ་སློབ་མ་སྒེར་གྱི་ཆ་སྙོམས་བརྒྱ་ཆ་ ༩༥ ལྷག་བླངས་མཁན་ཚོར་ཕུལ་བྱུང་བྱ་དགའ་གནང་བཞིན་ཡོད་པ་ལྟར། འདི་ལོར་གོ་པཱལ་པུར་བོད་ཕྲུག་ཁྱིམ་སྡེའི་འབྱུང་རིགས་སྡེ་ཚན་ནས་ཕུལ་བྱུང་སློབ་ཡོན་བཞེས་མཁན་སློབ་མ་གཉིས་བྱུང་ཡོད་པ་དང་། ཁོང་རྣམ་གཉིས་ནི་བརྒྱ་ཆ་ ༩༥.༢ སོན་པ་སྐལ་ལྡན་ཚེ་རིང་ལགས་དང་། བརྒྱ་ཆ་ ༩༥ སོན་པ་རིན་ཆེན་སྐར་མ་མཚོ་མོ་ལགས་གཉིས་ཆགས་ཀྱི་འདུག

གཞན་ཡང་ CBSE གྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་བོད་སློབ་ཁོངས་ནས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ ལེན་མཁན་སློབ་གྲྭ་ཁག་ ༡༡ ཡོད་པ་དང་། འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ ལེན་མཁན་སློབ་གྲྭ་ཁག་ ༡༣ བྱུང་ཡོད་འདུག

Tibetan Schools Result
Photo: Bod.asia

དེ་བསྟུན་འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་བོད་སློབ་འཛིན་ཚོགས་ནས་རྩིས་བླངས་པའི་བོད་པའི་སློབ་གྲྭ་ཁག་གཅིག་རྩེ་ཕུད་ཨང་རིམ་དང་པོ་སོན་པར། བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་འཚམས་འདྲི་དང་སྦྲགས། དེ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་དང་། དེ་བཞིན་སཾབྷོ་ཊ་སློབ་གྲྭ་ཁག་གི་སློབ་སྤྱི་དང་། དགེ་ཆེ། དགེ་རྒན། སློབ་ཕྲུག་གི་ཕ་མ། ལྷག་པར་དུ་སློབ་ཕྲུག་བཅས་ཚང་མས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་སྐུ་ལས་བསྐྱོན་པའི་འབྲས་བུ་ཞིག་ཡིན་པར་ངོས་འཛིན་ཞུ་ཡི་ཡོད་ཅེས་གསུངས།

འབྲེལ་ཡོད་གསར་གནས།

གསར་གནས།