Tibetan Royal Year of 2150 | Year of the Water Rabbit

འཛམ་གླིང་གི་རྒྱལ་ཁབ་ཚོས་བོད་ཀྱི་གནད་དོན་དེ་ཕྱི་འབྲེལ་གྱི་སྲིད་བྱུས་ལས་ལྷག་པར་གཟིགས་དགོས།

Tibetan News Headlines

  • རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཆེད་གནོད་ཤུགས་སྤྲོད་དགོས།
  • ཨ་རིས་རྒྱ་ནག་གིས་བརྡ་འཕྲིན་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པར་ཉེན་བརྡ།
  • བོད་མིའི་མདུན་ལམ་སློབ་གཉེར་ཁང་གིས་ལྷོ་ཕྱོགས་གཞིས་མིར་གོ་རྟོགས་ལས་གཞི་སྤེལ་བ།
  • བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དེ་བྱུང་སྐོར་མཁན་པོ་འཇིགས་མེད་བློ་གྲོས་ལགས་སུ་བཅར་འདྲི།

Friday 29/09/2023

  • UN Human Rights Council told: ‘End repression in Tibet; reject China’s membership bid’
  • China uses ‘deceptive ’methods to sow disinformation, US says
  • CTA carries out a career awareness program in South India
  • History of Khamgar Druk Shedra/College

ཟླ་བ་འདི་ཚེས་ ༡༣ ཉིན་རྒྱལ་ས་ལྡི་ལིར་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་ Noida ནང་རྟེན་གཞི་བྱས་པའི་ Shiv Nadar གཙུག་ལག་སློབ་གཉེར་ཁང་གི་ཧི་མཱ་ལ་ཡའི་ཤེས་ཡོན་སྡེ་ཚན་གཉིས་མཉམ་འབྲེལ་གྱིས་ཕྱི་འབྲེལ་སྲིད་བྱུས་ལས་གཞན་པའི་བོད་ཅེས་པའི་བརྗོད་གཞི་ཐོག་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེར་གཙུག་ལག་སློབ་གཉེར་ཁང་གི་ཧི་མཱ་ལ་ཡའི་ཤེས་ཡོན་སྡེ་ཚན་འགན་འཛིན་ Dr. Jacob ལགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་ནས་བོད་ཀྱི་གནད་དོན་དེ་ཕྱི་འབྲེལ་གྱི་སྲིད་བྱུས་དང་འབྲེལ་བ་ཙམ་མིན་པར་དེ་ལས་ལྷག་པར་གཟིགས་དགོས་གལ་ཡིན་པ་གསུངས་འདུག

ཚོགས་འདུ་ཐོག་བོད་རིག་པའི་མཁས་པ་ Claude Arpi ལགས་དང་ཧི་མ་ལ་ཡའི་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་ Dr. Jabin T. Jacob ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས། བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་སོགས་ཚོགས་བཅར་བ་ཁྱོན་ ༣༠ ལྷག་མཉམ་ཞུགས་གནང་འདུག

སྐབས་དེར་བོད་རིག་པའི་མཁས་པ་ Claude Arpi ལགས་ཀྱིས་བོད་ནང་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་དང་འབྲེལ་ནས་གསུང་བཤད་གནང་བར་ཁོང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་བཙན་བཟུང་བྱས་པ་ནས་བཟུང་བོད་ནང་ཡར་རྒྱས་ཀྱི་མིང་ཐོག་ནས་ལས་གཞི་གང་སྤེལ་བ་དེ་དག་བོད་རྒྱ་བསྒྱུར་གྱི་སྲིད་བྱུས་ཡིན་པ་དང་། འཛུགས་སྐྲུན་གྱི་ལས་གཞི་དེ་དག་ལས་རྒྱ་མི་རིགས་རྣམས་ལ་ཕན་ཐོགས་ཆེ་བ་བྱུང་ཡོད་པར་མ་ཟད། བོད་མི་རྣམས་ལ་མུ་མཐུད་དམ་བསྒྲགས་བྱེད་བཞིན་ཡོད་པ་སོགས་གསུངས་འདུག Dr. Jacob ལགས་ཀྱིས་དེང་གི་འཛམ་གླིང་ནང་བོད་འདི་གལ་ཆེན་པོ་ཞིག་མཚོན་ཐུབ་ཀྱི་ཡོད་པས་བོད་ཀྱི་གནད་དོན་དེ་ཕྱི་འབྲེལ་གྱི་སྲིད་བྱུས་དང་འབྲེལ་བ་ཙམ་མིན་པར་དེ་ལས་ལྷག་པར་གཟིགས་དགོས་གལ་ཡིན་པ་གསུངས་འདུག

དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་བོད་ཀྱི་གཙང་པོ་དང་རྒྱ་གར་ལ་དེའི་གལ་གནད་ཅེས་པའི་ནང་གསེས་བརྗོད་གཞི་ཐོག་གསུང་བཤད་གནང་སྐབས་ཁོང་གིས་བོད་ནས་རྒྱ་གར་དུ་རྒྱུག་བཞིན་པའི་གཙང་པོ་ཆེ་ཁག་རྣམས་ཀྱི་ཕན་ཐོགས་ངོ་སྤྲོད་དང་འབྲེལ། རྒྱ་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་གཙོས་བོད་ཀྱི་གཙང་པོ་དང་ཁོར་ཡུག་བཅས་རྡོག་རོལ་གཏོང་བཞིན་ཡོད་སྟབས། རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཚོས་གནད་དོན་དེར་གལ་འགངས་ཆེན་པོར་ངོས་འཛིན་གནང་སྟེ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་ཕྱག་ལས་གནང་དགོས་གལ་ཡིན་པར་གསུངས་འདུག

རྩ་བའི་ཚེས་ ༡༢ ཉིན་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་། O. P. Jindal Global University ཞེས་ཨོ་པི་ཇིན་ཊལ་གཙུག་ལག་སློབ་གཉེར་ཁང་། དེ་བཞིན་ Centre for Northeast Asian Studies ཞེས་ཇིན་ཊལ་རྒྱལ་སྤྱིའི་གནད་དོན་སྐོར་གྱི་སློབ་གྲྭའི་ཨེ་ཤ་ཡའི་ནུབ་བྱང་ས་ཁུལ་རིག་པའི་བསྟི་གནས་ཁང་མཉམ་སྦྲེལ་ཐོག་ཨོ་པི་ཇིན་ཊལ་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ་དུས་རབས་ཉེར་གཅིག་ནང་བོད་ཀྱི་གནད་དོན་རྟོག་ཞིབ་ཅེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ ཚོགས་འདུག

སྐབས་དེར་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་ཨ་ནནྡ་ཀུ་མཱར་ལགས་ཀྱིས་རྒྱ་གར་མང་ཚོགས་ཁྲོད་བོད་དོན་སྐོར་གོ་རྟོགས་ཞན་པོ་ཡོད་པ་དང་། རྒྱ་གར་གྱི་ངོས་ནས་བོད་དོན་གླེང་རྒྱུ་གལ་གནད་ཆེན་པོ་ཆགས་ཡོད་པ་སོགས་གསུངས་པ་དང་། བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལོ་རྒྱུས་ཐོག་ནས་བོད་དང་རྒྱ་གར་བར་གྱི་འབྲེལ་བ་དང་བོད་དང་རིག་གཞུང་གཅིག་པ་ཡིན་པའི་ཧི་མཱ་ལ་ཡའི་མི་རིགས་དང་འབྲེལ་ནས་བོད་དང་རྒྱ་གར་བར་གྱི་འབྲེལ་བའི་གལ་གནད་སྐོར་གསུངས་འདུག

གཞི་རྩའི་དེ་རིང་ཚེས་ ༡༥ ཉིན་རྒྱབ་ཆུ་ཚོད་ ༣་༣༠ ཐོག་བོད་མི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་། ཀ་ལི་ལ་ཏར་རྟེན་གཞི་བྱས་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་། དེ་བཞིན་ Ganasamnnay ཚོགས་པ་བཅས་མཉམ་འབྲེལ་ཐོག་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་དུ་འཕགས་བོད་བར་ལོ་རྒྱུས་དང་རིག་གཞུང་གི་འབྲེལ་བའི་སྐོར་ཚོགས་འདུ་ཚོགས་པར་མ་ཟད་ གཞན་ཡང་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཀྱང་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།