fbpx

Tibetan Royal Year of 2150 | Year of the Water Rabbit

འཛམ་གླིང་ནང་བོད་མི་ཟེར་སྐབས་འཛུམ་མུལ་མུལ་ཡོད་པར་ངོས་འཛིན་གྱི་ཡོད་པས་སེམས་བཟང་པོ་བྱེད་དགོས་ཞེས་བཀའ་སྩལ་བ།

Tibetan News Headlines

  • བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་སྤར་ཆ་གནང་སོང་།
  • འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་བགྲོ་གླེང་ཁྲོད་འགྲོ་ཕན་སྨན་རྩིས་ཁང་གི་གནད་དོན་སྐོར་འདྲི་རྩད།
  • རྒྱལ་ཚོགས་སུ་རྒྱ་ནག་ལ་བོད་ནང་གི་དྲག་གནོན་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་ཞུ་སྐུལ།
  • ༸སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་ངོས་འཛིན་དང་འབྲེལ་རྒྱ་ནག་ལ་ཁོང་ཁྲོ་སློང་ངེས་ཡིན་པའི་བློ་འཚབ།
  • རྒྱལ་ཚོགས་ཀྱི་ཆུའི་ལྷན་ཚོགས་ཐོག་བོད་ཀྱི་ཆུ་བོའི་གལ་གནད་སྐོར་གཏམ་བཤད་དང་འདྲི་རྩད།
  • འགྲོ་ཕན་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༧ འཁོར་བའི་དུས་ཆེན་སྲུང་བརྩི།

Friday 24/03/2023

  • House hikes ‘Chatrel’, voluntary contribution made to CTA
  • Tibetan Parliamentarians question financial health of Mentsekhang
  • UK, EU raise Tibet at UNHRC, urges China to reverse repressive policies in Tibet
  • China on edge as Mongolian boy is hailed as new Buddhist lama
  • Tibet environmental activist take Tibet to UN-Water Conference
  • Mentskhang celebrates 107th founding anniversary
(Visited 4 times, 1 visits today)

ཁ་སང་ཕྱི་ཚེས་ ༡༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གཟིམ་ཆུང་མཇལ་མང་སྐབས་ནང་སེམས་ཀྱི་ཞི་བདེ་སྒྲུབ་ཐབས་སྐོར་ལ་ལམ་སྟོན་མཛད་འདུག

སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་ནག་ལྟ་བུར་ཆ་མཚོན་ན། དེ་སྔ་ནང་ཆོས་ཞེ་དྲག་དར་ཁྱབ་ཆེན་པོ་བྱུང་ཡོད་པ་དེ་ལྟར་ནའང་། བར་སྐབས་ཤིག་ནས་རྒྱ་ནག་ནང་ལ་ནང་ཆོས་དེ་ཉམས་པ་ལྟ་བུར་གྱུར་ཡོད་པ་རེད། འོན་ཀྱང་དེང་སྐབས་རྒྱ་ནག་ནང་ལ་ནང་ཆོས་ཐོག་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་བཀའ་སྩལ་བ་དང་ཆབས་ཅིག ལྷག་པར་དུ་དེང་སྐབས་ཚན་རིག་པ་ཆོས་ལ་དོ་སྣང་མེད་མཁན་ཚོས་ཀྱང་ནང་པའི་ལྟ་གྲུབ་རྣམ་གཞག་ལ་དོ་སྣང་ཆེན་པོ་གནང་གི་ཡོད་སྐོར་བཀའ་སྩལ་ཏེ། དེ་དག་ལ་ཡི་རང་བསྔགས་བརྗོད་མཛད་འདུག

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེ་ཟེར་བ་དེ་ནང་སེམས་ཀྱི་ཐོག་ནས་ཡོང་དགོས་པར་ལམ་སྟོན་སྩལ་བ་དང་འབྲེལ་ཏེ་བོད་ཤར་ནུབ་ལྷོ་བྱང་ཀུན་ལ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཆེས་ཆེར་བྱུང་ཡོད་པ་མ་ཚད་པར་སེམས་ཁམས་རིག་པའི་རྣམ་གཞག་ལ་དོ་སྣང་གསར་པ་ཞིག་བསླེབས་ཡོད་སྟབས་དེ་ནི་ངོས་ཀྱིས་འགྲོ་བ་མི་སྤྱིའི་ཞབས་འདེགས་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་འདེགས་ཀྱང་ཡིན་པས་སླད་མར་དེ་ལྟར་མཛད་ཐུབ་པར་ཞལ་བཞེས་བཟང་པོ་སྨིན་སྩལ་མཛད་འདུག

མགོན་པོ་༸གང་ཉིད་མཆོག་གིས་བོད་རིགས་ཟེར་སྐབས་བཞིན་རས་འཛུམ་མུལ་མུལ་ཡོད་པར་ཚང་མས་རྩིས་བཞིན་འདུག་པས་བོད་མི་ཚོས་ངེས་པར་དུ་སེམས་པ་བཟང་པོ་བྱེད་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།

(Visited 93 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།